མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ནས་རྒྱ་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་སྒོ་བརྒྱབ་པར་བློ་ཕམ་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་བཙན་གྱིས་སྒོ་བརྒྱབ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མིའི་སྒྲིག་འཛུགས་ནས་བློ་ཕམ་དང་ངོ་རྒོལ་ཡོད་སྐོར་བསྒྲགས་འདུག

སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད། པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༡༦།༠༧།༢༠༢༤

སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་རིམ་ཐོག་མཉམ་ཞུགས་གནང་མཁན་སློབ་མ་རྣམས་འདིར་ཕེབས་པ་ཡོད་པ་རེད། ང་ཚོས་རང་དབང་ཡོད་ས་ནས་སོ་སོའི་ལུང་པ་དང་སྐད་ཡིག་གི་སྐོར། སོ་སོའི་སྐོར་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་གི་ཡོད། དེར་བརྟེན། ཁྱེད་རང་ཚོའི་ཕ་མ་དང་ས་གནས་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་ཐོག་ནས་འདིར་ཕེབས་ཐུབ་པ་དཔེ་ཡག་པོ་བྱུང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་ཆགས་པའི་དོན་བཟང་ཞིག་བྱུང་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་བོད་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ངམ་རྭ་རྒྱ་སློབ་གྲྭ དེབ་བསྐྱལ་ཐོག་ཏུ་མིང་ལ་མི་རིགས་ལས་རིགས་སློབ་གྲྭ་ཞེས་པ་དེ།  ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ལོ་མང་པོའི་རིང་དཀའ་ལས་བརྒྱབ་སྟེ། བོད་ཀྱི་སྐད་ཡིག་རང་གཞུང་སྲུང་སྐྱོབ་བྱེད་པའི་ཆེད་དུ་བཙུགས་པའི་སློབ་གྲྭ་ཞིག་ཡིན་ཡང་། རྒྱ་ནག་གཞུང་གིས་སློབ་གྲྭ་དེར་གཏོར་བཤིག་གཏོང་བའི་ཐབས་ཤེས་འདྲ་མིན་སྤེལ་ཡོད་པ་མ་ཟད་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སློབ་གྲྭ་དངོས་སུ་སྒོ་བརྒྱབ་པའི་བཙན་བཀའ་འབྱོར་ཡོད་འདུག

དེ་བས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། བོད་རིགས་སྤྱི་མཐུན་ཚོགས་པ། ཕ་མ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁྱེད་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་ཡག་པོ་རེད། བོད་ནང་དུ་མཚོན་ན་རྒྱ་གཞུང་གིས་བཙན་དབང་གིས་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ། བོད་ཀྱི་ཕྲུ་གུ་རྣམས་ལ་བོད་པའི་རིག་གནས་ཀྱི་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པར་བཟོ་བཞིན་ཡོད། བོད་ནང་གི་གངས་ལྗོངས་ཤེས་རིག་ནོར་བུ་གླིང་སྒོ་རྒྱག་བཞིན་པའི་སྐབས་སློབ་ཕྲུག་གྲངས་ ༡༤༠༠ ཙམ་ཡོད་འདུག འདི་འདྲའི་ཤེས་ཡོན་གྱི་སྡེ་ཚན་ཆེན་པོ་ཞིག་སྒོ་བརྒྱབ་པར་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་ཆེན་པོ་ཡོད། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་རིག་གནས་དང་བཅས་པར་སློབ་སྦྱོང་བྱས་ཏེ་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཉེ་ཆར་བོད་མགོ་ལོག་ཁུལ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་པའི་བློ་ཕམ་གྱི་གནས་ཚུལ་ཞིག་བྱུང་ཡོད་པ་དེས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་ཀྱི་ཡོད་པ་གསལ་བོར་སྟོན་གྱི་ཡོད། རྒྱ་གཞུང་གིས་འཁྱོག་བཤད་ཐོག་ནས་བོད་ནང་དུ་རང་དབང་ཡོད་པ་དང་། སྐད་ཡིག་སོགས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་བ་བདེན་པ་མིན་པ་ར་འཕྲོད་ཐུབ་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་གངས་ལྗོངས་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའི་བློ་ཕམ་གྱི་གནས་ཚུལ་བྱུང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་ནག་དམར་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་དང་དགོན་སྡེ་སོགས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་སའི་ལྟེ་གནས་མང་པོ་གཅིག་རྗེས་གཉིས་མཐུད་དུ་བཙན་གྱིས་སྒོ་རྒྱག་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སློབ་གྲྭ་འདི་འཕྲལ་དུ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་ཡོད་འདུག་ལ། ལོ་མང་རིང་ནས་མགོ་ལོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ལས་ཐོག་སོགས་ཀྱིས་སློབ་གྲྭ་འདི་སྒོ་རྒྱག་ཐབས་སུ་ངན་ཇུས་ཡོད་རྒུ་བཏོན་ཏེ་ཁྲིམས་གཏུགས་རབ་དང་རིམ་པར་རྒྱབ་གནོན་དང་སྐུལ་འདེད་བཏང་མཐར་ལག་བསྟར་བྱུང་བ་ཞིག་ཡིན་འདུག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། བོད་ཀྱི་དུས་བབ་གསར་ཁང་།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་ ༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ཕྱི་ལོ་ ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༣ ཚེས་ ༧ ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ཡུལ་ན་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese