མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་བྷའེ་ཌིན་མཆོག་ནས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ལས་ཐོག་བྷའེ་ཌིན་མཆོག་གིས་འདི་ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་དགོངས་པ་ཞུས་ཡོད་པས་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མི་སུ་ཡིན་ནམ།

US President Joe Biden quit the 2024 presidential contest on Sunday, endorsing Vice President Kamala Harris to be the Democratic nominee in an election that’s less than four months away.Photographer: Shawn Thew/EPA/Bloomberg

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་སྐབས་ ༤༧ པའི་འོས་བསྡུ་ཆེན་མོ་ལས་ཕྱིར་འཐེན་བྱས་ཏེ། དམངས་གཙོ་ཚོགས་པའི་ལས་ཐོག་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧ་རི་སི་ (Kamala Harris) མཆོག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་རྒྱུར་ཐུགས་རེ་གནང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༢༤ ལོའི་བྷའེ་ཌིན་དང་ཊོམ་ཕུ་གཉིས་ཀྱི་འོས་བསྡུའི་རྒྱལ་ཕམ་རྩོད་པའི་འགྲན་སྐོར་གཉིས་པ་དེ་མཇུག་རྫོགས་ཡོད་པ་རེད།

སྲིད་འཛིན་མཆོག་གི་གསལ་བསྒྲགས་དེའི་ནང་། ད་ལྟ་ཨ་རི་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་དེ་ཡིན། ང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་མ་འཇོག་བྱས་ཏེ། རྒྱལ་ཁབ་བསྐྱར་གསོ་དང་། སྨན་རིན་ཆག་ཡང་། སྔོན་ཆད་བྱུང་མ་མྱོང་བའི་སྨན་བཅོས་རིན་གོང་ཇེ་དམའ་རུ་བཏང་ཡོད་ལ།  ང་ཚོས་དུག་རྫས་ཀྱིས་མནར་བའི་དམག་ཟུར་ས་ཡ་གཅིག་ལ་སྨན་བཅོས་མཐུན་འགྱུར་དང་། ལོ་སུམ་ཅུའི་རིང་ལ་མེ་མདའི་བདེ་འཇགས་ཁྲིམས་སྒྲིག་གཏན་འབེབས་བྱས་ཡོད། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་ཨ་ཧྥེ་རི་ཁའི་བུད་མེད་ཐོག་མའང་བསྐོས་ཡོད་པས། ཨ་རིར་ད་ལྟ་ནང་བཞིན་མགོ་ཁྲིད་པ་ཡང་དག་ཅིག་བྱུང་མྱོང་མེད། ཅེས་གསུངས་འདུག

ཡང་གསལ་བསྒྲགས་ནང་། ངས་རང་ཉིད་ཀྱི་མི་ཚེའི་ནང་ཁྱེད་ཅག་གི་སྲིད་འཛིན་གྱི་ལས་དོན་གཉེར་བ་ནི། ཆེས་གཟི་བརྗིད་ལྡན་པའི་ལས་དོན་དེ་ཡིན་ལ། ང་རང་བསྐྱར་དུ་སྲིད་འཛིོན་གྱི་འོས་མིར་ལང་རྒྱུ་ནི་རང་གི་རེ་སྙེག་ཁོ་ན་ཡིན་ཡང་། ཆབ་སྲིད་ཚོགས་པ་དང་རྒྱལ་ཁབ་ཀྱི་དར་རྒུད་ལ་བསམ་གཞིགས་བྱས་ཏེ། སྲིད་འཛིན་གྱི་འོས་མི་ནས་ཕྱིར་འཐེན་བྱས་ནས་ད་ལྟའི་སྲིད་འཛིན་གྱི་ལས་དོན་མཇུག་འཁྱོངས་པ་བྱ་རྒྱུ་ཡིན། ཞེས་དང་།  སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རེ་སི་ནི་ལས་དོན་འདིའི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ལས་རོགས་ཤིག་ཡིན།  ཁྱེད་ཚོས་ང་ལ་ཡིད་ཆེས་བྱས་པར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གནད་དོན་དབྱེ་ཞིབ་པ་མང་པོས། སྲིད་འཛིན་བྷའེ་ཌིན་མཆོག་གིས་ཐག་གཅོད་དེ་ལོ་གཅིག་གི་སྔོན་ནས་གནང་དགོས་པའི་གནད་དོན་ཞིག་ཡིན་ཞིང་། ད་ལན་ཁོང་གིས་གློ་བུར་དུ་ཕྱིར་འཐེན་བྱས་པའང་དོགས་སློང་སྐྱེས་དགོས་པའི་གནད་དོན་ཞིག་ཡིན་པའི་ཁར། ཐག་གཅོད་ཀྱི་བརྒྱུད་རིམ་འདི་ལ་མཚོན་ནའང་ཏོག་ཙམ་ཕྱི་དྲགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག ཁ་གཏད་དུ་ལངས་བའི་ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱུག་བདག་སྐུ་ཞབས་ཊོམ་ཕུ་ལགས་ཀྱིས། རྒྱལ་ཁབ་དེ་ད་ལྟ་སུས་སྣེ་འཁྲིད་བྱེད་ཀྱི་ཡོད་དམ། ཁོས་ད་ལྟ་ཁོ་གང་དུ་ཡོད་མེད་ཤེས་ཀྱི་མི་འདུག གལ་ཏེ་ཁོས་རང་གི་ཡིག་ཚང་གཉེར་མ་ཐུབ་ན། རྒྱལ་ཁབ་ཀྱི་སྣེ་འཁྲིད་མ་ཐུབ་པ་རེད། ཅེས་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ཊོམ་ཕུ་ལགས་ལ་འོས་གྲངས་བརྒྱ་ཆའི་ ༤༦།༩ དང་། རྗོ་བྷའེ་ཌན་ལགས་ལ་འོས་གྲངས་ཀྱི་བརྒྱ་ཆའི་ ༥༡།༣ ཐོབ་སྟེ། ཁོང་ཨ་རོའི་སྲིད་འཛིན་ཐེངས་ ༤༦ པར་བདམས་ཡོད་པ་དང་། ད་ལན་སླར་ཡང་ཁོང་གཉིས་ཀྱི་འོས་བསྡུའི་གདོང་ཐུག་གི་ཁྲོད་ནས་རྣམ་པར་རྒྱལ་རྒྱུར་རེ་བ་ཡོད་ཀྱང་། སྲིད་འཛིན་བྷའེ་ཌིན་མཆོག་གིས་གློ་བུར་དུ་ཕྱིར་འཐེན་གནང་བའི་རྒྱུ་རྐྱེན་ཤེས་རྟོགས་བྱུང་མེད་ཀྱང་། ཁོང་གིས་བདུན་ཕྲག་རྗེས་མར་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་གནང་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དམངས་གཙོ་ཚོགས་པའི་ཁོངས་ནས་སྐུ་ཞབས་བྷའེ་ཌིན་མཆོག་གིས་སྲིད་འཛིན་འོས་བསྡུ་ལས་ཕྱིར་འཐེན་གནང་རྗེས། ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ (Kamala Harris)། ཨ་རིའི་སན་ཧྥ་རིན་སི་ཁོའི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་གྷ་ཝན་ནི་ཝི་སོན་(Gavin Newsom) དང་། ཨ་རིའི་ཕྱུག་བདག་ཆེན་མོ་པེ་ཛི་ཀར་ (JB Pritzker) ། ཨ་རིའི་པེ་སི་ནི་ཝི་ཡ་མངའ་སྡེའི་ཁྲིམས་རྩོད་པ་ཆེན་པོ་སྐུ་ཞབས་ཇོ་ཤི་(Josh Shapiro) སོགས་དམངས་གཙོ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་སྲིད་སྐོར་གསལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese