མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་བ་ཧུ་ཤི་ཅིན་གང་དུ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་བ་ཧུ་ཤི་ཅིན་གྱིས་རྒྱ་ནག་གི་དཔལ་འབྱོར་གནས་བབ་ཐད་ཀྱི་རྩོམ་ཡིག་སྤེལ་རྗེས་དྲ་ལམ་སོགས་ནས་གྲགས་འགུལ་གང་ཡང་མེད་པར་གྱུར་འདུག

Hu Xijin, former editor-in-chief of Global Times. (via X)

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་མུས་ཡིན་པའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་བ་ཧུ་ཤི་ཅིན་(Hu Xijin) ཟེར་བ་དེས། རྒྱ་ནག་གི་ཚོང་དོན་སྲིད་ཇུས་སོགས་ཀྱི་ཐད་ལ་དཔྱད་བརྗོད་མི་འདྲ་བ་དྲུག་ཙམ་སྤེལ་རྗེས། ཟླ་དེའི་ཕྱི་ཚེས་  ༢༧ ནས་ཁོ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་སོགས་ནས་གྲགས་འགུལ་མེད་པར་གྱུར་བའི་གནས་ཚུལ་འཐོན་མུས་ཡིན་པའི་ཁར། ད་ལྟ་ཁོ་གང་དུ་ཡོད་མེད་ཐད་གསལ་ཁ་གང་ཡང་མི་འདུག

ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱི་མགྲིན་ཚབ་པ་ཟུར་བ་དེས་སྒེར་གྱི་སྐད་འཕྲིན་དུ། རྒྱ་ནག་དམར་ཤོག་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟེར་བའི་སྐབས་སུ་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་གྱི་གྲོས་ཆོད་བཞག་སྟེ། འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་དཔལ་འབྱོར་སྲིད་ཇུས་རྣམས་གཏན་འབེབས་བྱས་པའི་ཁྲོད། དམར་ཤོག་སྲིད་གཞུང་ནི་རྒྱ་ནག་གི་ཚོང་དོན་ཡར་རྒྱས་འགྲོ་བའི་གཞི་མ་ཡིན་ལུགས་བརྗོད་པ་དེ་ཐེར་འདོན་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གཞུང་དང་སྒེར་གྱི་ལས་དོན་འདྲ་མཉམ་གྱི་འཕེལ་རྒྱས་ཡོང་བར་རེ་བ་བྱེད་ཀྱི་ཡོད་ལུགས་བརྗོད་ཀྱི་ཡོད་པའི་དྲིལ་བསྒྲགས་ཐེར་འདོན་བྱས་པའི་རྩོམ་ཡིག་ཅིག་སྤེལ་རྗེས། སྐད་འཕྲིན་སྤྱི་སྟེགས་ཀྱིས་ཁོའི་རྩོམ་ཡིག་དེ་ནག་བསུབས་སུ་བཏང་ནས། སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོ་ལ་རྒྱ་ནག་གི་ཚོང་དོན་འཕེལ་རྒྱས་ཀྱི་འགུལ་ཤུགས་ཐད་ལ་ལོག་འགྲེལ་བྱེད་ཀྱི་ཡོད་ལུགས་ཀྱི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག

ཕྱི་ཟླ་ ༧ ཚེས་ ༢༧ ནས་ཧུ་ཤི་ཅིན་གྱིས་སྒེར་གྱི་སྐད་འཕྲིན་དང་། པོད་འཕྲིན། ཨེག་སི་(X) སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་སྒེར་གྱི་འཚོ་བ་དང་། གནས་སྟངས་མཚོན་པའི་གནས་ཚུལ་གང་ཡང་མ་སྤེལ་བར་འཇམ་ཅག་གེར་ལུས་ཡོད་སྟབས། བྷི་ལུམ་བྷིག་(Bloomberg) གསར་ཁང་གིས། རྒྱ་ནག་གཞུང་གིས་ཧུ་ཟེར་བ་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ནས་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང་། ཧོང་ཀོང་གླིང་ཕྲན་གྱི་ཉིན་རེའི་གསར་འགྱུར་(星島日報) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཧུ་ཤི་ཅིན་གྱིས། “ང་སྒེར་གྱིས་ཅི་ཡང་བཤད་འདོད་མེད། ཁྱེད་རང་གིས་དྲ་ལམ་ནས་ཀློག་ཐུབ། སྐུ་མཁྱེན། བསམ་ཤེས་མཛོད། “ ཅེས་བཤད་ཡོད་ལུགས་བྲིས་འདུག

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་ཚད་ཧ་ཅང་དལ་ནའང་། ཚོགས་ཆེན་སྟེང་ནས་དམར་ཤོག་ཚོགས་པས་དཔལ་འབྱོར་བཅོས་སྒྱུར་གྱི་འཆར་གཞི་བཏིང་ཟིན་པ་དང་། ཧུ་ཤི་ཅིན་གྱི་དོན་རྐྱེན་དེས་དོན་དངོས་སུ་རྒྱ་ནག་གི་དཔལ་འབྱོར་གནས་བབ་ཐད་དྲང་ལྡོག་གཉིས་ཀྱི་བསམ་ཚུལ་ལ་ཚོད་འཛིན་དང་དམ་དྲག་ནན་མོ་བྱེད་ཀྱི་ཡོད་པའི་རྟགས་མཚན་གསལ་པོ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ཨ་རིའི་རྒྱལ་སྤྱིའི་གནས་ཚུལ་དབྱེ་ཞིབ་ལྟེ་གནས་ཁང་ (Atlantic Council) གི་རྒྱ་ནག་དབྱེ་ཞིབ་ཚན་པའི་འགན་འཛིན་རོ་བྷར་ཊི་ (Dexter Roberts) ལགས་ཀྱིས། ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ངེས་གཏན་མེད་པར་འགྱུར་བཞིན་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོས་སྤྱི་ཚོགས་བརྟན་བརླིང་ལ་གནོད་གཞི་ཆེན་པོ་ཡོད་ལུགས་བཤད་ནས། དཔལ་འབྱོར་ཚོང་ལས་དང་འབྲེལ་བའི་གནས་ཚུལ་རིགས་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པ་བསྟན་ཡོད། ཅེས་བརྗོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་དང་བསྟུན་རྒྱལ་ཡོངས་ནང་དྲ་ལམ་ཚད་བཀག་ཤུགས་ཆེན་བྱས་པར་བརྟེན། ཧུ་ཤི་ཅིན་(Hu Xijin) ཟེར་བ་དེས་སྒེར་གྱི་ཝེ་པོ་ཐོག རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བ་དང་བསྟུན། དྲ་ལམ་ནང་ཞུགས་རྒྱུ་ཧ་ཅང་ཁག་པོ་འདུག ང་ཚོ་གོ་ལའི་དུས་བབ་ཀྱི་ལས་ཀར་ཡང་དོ་ཕོག་ཐེབས་བཞིན་འདུག ཅེས་དང་། རྒྱལ་ཁབ་འདི་ཉམ་ཆུང་ཞིག་མིན་པ་དང་། རྒྱ་ནག་གི་སྤྱི་ཚོགས་ལ་ཕྱིའི་དྲ་རྒྱར་ཞུགས་རྒྱུའི་གོ་སྐབས་ཆེ་བ་དགོས་ཀྱི་འདུག དེ་ལྟར་བྱས་ཚེ་རྒྱ་ནག་གི་མང་ཚོགས་ཀྱི་བསམ་ཚུལ་དང་། ཚན་རིག་ཞིབ་འཇུག ཕྱིའི་འབྲེལ་ལམ། དེ་བཞིན་རྒྱ་ནག་གི་ཁེ་ཕན་བཅས་ཀྱི་གནས་ཚད་མཐོ་རུ་དང་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་བརྗོད་དེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

ད་ལྟ་རང་ལོ་ ༦༤ ཡིན་པའི་ཧུ་ཤི་ཅིན་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་སྐྱེས། ཁོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་དང་། རྒྱ་ནག་གཞུང་གིས་ཆེད་གཉེར་གོ་ལའི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་བ་དང་གསར་འགོད་པ་ཞིག་ཡིན་ལ།  རྒྱ་ནག་གོ་ལའི་དུས་བབ་ནི་རྒྱ་ནག་དབུས་རླུང་བརྙན་འཕྲིན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་སྤྱིའི་གསར་འགྱུར་ཚན་པ་ཞིག་ཡིན་ལ། རྒྱ་ནག་དམར་ཤོག་གི་ཆབ་སྲིད་ལངས་ཕྱོགས་སོགས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གཏོང་ཆེད་ཕྱི་ལོ་ ༡༩༩༧ ནས་ཐད་གཏོང་གི་ཚོད་ལྟའི་ལས་དོན་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ཉིན་ཡུ་རོབ་ཀྱི་སྡེ་ཚན་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་བཙུགས་ནས་དབྱིན་སྐད་དང་ཨུ་རུ་སུའི་སྐད། སི་པིན་གྱི་སྐད། ཧྥ་རན་སིའི་སྐད། ཨ་རབ་ཀྱི་སྐད་སོགས་ཀྱི་ནང་གནས་ཚུལ་སྤེལ་བཞིན་ཡོད་ཅིང་། ཁོས་མི་ལོ་མང་དག་ཅིག་གི་རིང་རྒྱ་ནག་གོ་ལའི་དུས་བབ་ཀྱི་མགྲིན་ཚབ་པ་ལྟ་བུ་ཞིག་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་གི་དྲིལ་བསྒྲགས་མང་དག་ཅིག་སྤེལ་ཐབས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཏུ་གློ་བུར་དུ་ལས་གནས་ནས་དགོངས་པ་ཞུས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese