མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནེའུ་ཡོག་གི་སྤྱི་ཁྱབ་གཞོན་པ་ཟུར་བ་ཞིག་ལ་རྒྱ་ནག་གི་གསང་ཉུལ་བའི་ཉེས་མིང་འོག་ཞིབ་བཤེར་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་ཁྲིམས་ཁང་གིས་རྒྱ་ནག་གཞུང་དང་གསང་འབྲེལ་བཙུགས་པའི་ཨ་རིའི་ནེའུ་ཡོག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཟུར་བ་རྒྱ་རིགས་བུད་མེད་ལིན་དྷ་སན་ལ་ཁྲིམས་བཤེར་བྱེད་ཀྱི་འདུག

Linda Sun, a former aide to New York State Governor Kathy Hochul, New York City, U.S., September 3, 2024. REUTERS/Kent J. Edwards

ཁ་སང་ཨ་རིའི་ནེའུ་ཡོག་མངའ་སྡེའི་ཆེས་མཐོ་ལས་བྱེད་ཟུར་བ་རྒྱ་རིགས་བུད་མེད་ལིན་དྷ་སན་(Linda Sun) ཟེར་བ་ཞིག་གིས། རྒྱ་གཞུང་གི་དངུལ་སྒོར་འབོར་ཆེན་བླངས་ནས་ཨ་རིའི་ནང་རྒྱ་ནག་གི་སོ་ཉུལ་བ་བྱེད་མུས་ཡིན་པ་ཤེས་རྟོགས་རྗེས། ཁོ་མོ་དང་མོའི་ཁྱོ་ག་རྒྱ་རིགས་ཧུ་ཟེར་བ་གཉིས་འཛིན་བཟུང་བྱས་ཏེ། ཁྱོ་ཤུག་གཉིས་ལ་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁྲིམས་བཤེར་རིམ་པ་གཉིས་པ་དེ་འཚོག་རྒྱུ་ཡིན་འདུག

ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་ (Brooklyn) རྫོང་གི་དབུས་ཁྲིམས་ཁང་གིས། རྒྱ་རིགས་བུད་མེད་ལིན་ཟེར་བ་དེས། དེ་སྔ་ཐའེ་ཝན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཨ་རིར་ཡོང་སྐབས། གསང་ཐབས་ཀྱིས་ཨ་རིའི་ཆེས་མཐོའི་མི་སྣ་དག་དང་ཐུག་འཕྲད་བྱ་རྒྱུར་བཀག་འགོག་དང་། ཨ་རིའི་ནེའུ་ཡོག་གི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་དུ་རྒྱ་ནག་ཏུ་བསྐྱོད་རྒྱུར་གོ་སྒྲིག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མོའི་ཁྱོ་གའི་དངུལ་བྱང་དུ་ཨ་སྒོར་ས་ཡ་གཅིག་ལྷག་ལྡུག་སྟེ། ཁོས་རྒྱ་ནག་ཏུའང་ཚོང་དོན་གྱི་ལས་གནས་གཉེར་གྱིན་ཡོད། ཅེས་དང་། འདི་ལོར་ཁོང་གཉིས་ཀྱིས་རྒྱ་ནག་གིས་སྤྲད་པའི་དངུལ་སྒོར་སྤྱད་ནས། ཧྥ་ར་རི་རླངས་འཁོར་དང་། ཨ་རིའི་ཧ་ཝ་ཡེ་མངའ་སྡེའི་རྒྱལ་ས་ཧོ་ནོ་ལུ་ལུ་ཡི་ཁུལ་དུ་ཨ་སྒོར་ས་ཡ་དྲུག་ཅན་གྱི་ཁང་པ་སོགས་ཉོས་ཡོད་སྐོར་སོགས་བརྗོད་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཕེན་ཡུས་(Liu Pengyu) ཟེར་བས། འདས་པའི་ལོ་ཤས་རིང་ཨ་རིའི་གཞུང་དང་གསར་ཁང་མང་པོ་ཞིག་གིས་ཧོབ་ཚོད་ཀྱིས་རྒྱ་ནག་གི་གསང་ཉུལ་བ་རེད་ཟེར་བ་མང་པོ་ཞིག་ཕྱིས་སུ་བདེན་པ་མིན་པའི་ཁུངས་ལུང་གསལ་པོ་རྙེད་ཡོད། རྒྱ་ནག་གཞུང་གིས་རྒྱ་ནག་ནས་ཡོང་བའི་ཨ་རིའི་མི་སེར་རྣམས་ལ་ཁྲིམས་སྒྲིག་བཞིན་བརྩི་འཇོག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཁུངས་ལུང་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་ལ་ཟུར་ཟ་དང་སྙོན་འཛུགས་བྱས་པར་དགག་པ་རྒྱག་གི་ཡོད། ཅེས་བརྗོད་འདུག

ཨ་རིའི་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༨ ནས་ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་སྒྲུབ་མཁན་ཇེ་མང་དུ་ཕྱིན་ཡོད་པའི་ངོས་འཛིན་འོག  ལོ་དེར་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལས་ཁུངས་དང་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་(FBI) དང་། རྒྱལ་ཡོངས་ཀྱི་ཁྲིམས་དཔྱོད་ལས་ཁུངས་ཁག་གིས། རྒྱ་ནག་མགོ་འཛུགས་ (China Initiative) ཞེས་རྒྱ་ནག་གིས་ཨ་རིའི་ཚོང་ལས་དང་ཚན་ལས་འཕྲུལ་རིགས་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱ་རྒྱུ་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཏེ། ད་ལྟའང་ལག་བསྟར་བྱེད་མུས་ཡིན་ཡང་། ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་དང་འབྲེལ་བའི་དཀའ་ངལ་མུ་མཐུད་འཕྲད་ཀྱིན་ཡོད་འདུག

ཝེ་ཀི་རིག་མཛོད་ལྟར་ན། ཕྱི་ལོ་ ༡༩༨༣ ལོར་རྒྱ་རིགས་བུད་མེད་ལི་དྷ་ཟེར་བ་དེ་རྒྱ་ནག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཕ་མ་དང་འགྲོགས་ཏེ་ཨ་རིར་ཕྱིན། ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་མོས་ཨ་རིའི་ནེའུ་ཡོག་གི་སྣ་མང་ལས་རིགས་ལས་ཁུངས་ (Chief diversity officer) ཀྱི་འགན་འཛིན་གཞོན་པ་བྱས། ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ བར་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་ཀའེ་ཐི་ (Kathy Hochul) ཡི་ལས་རོགས་དང་འགན་འཛིན་གཞོན་པའི་ལས་གནས་ཁུར། ཁ་སང་བྷུ་རུག་ལིན་རྫོང་གི་དབུས་ཁྲིམས་ཁང་གིས་མོས་རྒྱ་ནག་དང་གསང་འབྲེལ་བྱས་པ། ཁྲིམས་མཐུན་མིན་པའི་དངུལ་སྒོར་གཡོ་ལེན་བྱས་པ་སོགས་ཚུད་པའི་ནག་ཉེས་དོན་ཚན་བཅུ་ཅན་གྱི་འོག་ནས་ཁྲིམས་བཤེར་ཐོག་མ་དེ་བྱས།

སྤྱིར་འདས་པའི་ལོ་ཤས་གོང་ནས་ཨ་རིའི་ནང་རྒྱ་ནག་གི་སོ་ཉུལ་བ་དང་། ཆེད་དུ་མི་སྣ་མངག་གཏོང་གིས་སྤྱི་ཚོགས་བརྟན་བརླིང་ལ་གནོད་འཚེ་གང་མང་གཏོང་ཐབས། དེ་བཞིན་ཨ་རིར་ཡོད་པའི་བོད་མི་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གཙོས། ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་། ཧོང་ཀོང་བ། ཡུ་གུར་བ་སོགས་ལ་སོ་ཉུལ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་ཅིང་། ཟླ་སྔ་མའི་ཕྱི་ཚེས་ ༦ ཉིན་ཨ་རིར་གནས་སྡོད་ལོ་རྒྱུས་རིག་པ་བ་ཝང་ཧྲུ་ཇེན་(Wang Shujun) ཟེར་བའི་རྒྱ་མི་ཞིག་གིས་རྒྱ་ནག་གཞུང་གི་སོ་ཉུལ་བ་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་སྟེ། ཁོ་ལ་མི་ལོ་  ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese