མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཐུན་མོང་གཞི་རྟེན་འཚོལ་བའི་ཚོགས་འདུ་ཞིག་འཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་དང་ཐའེ་ཝན། ཧོང་ཀོང་དང་འབར་མ་སོགས་ཚུད་པའི་རྒྱ་ནག་གི་དྲག་གནོན་འོག་གནས་པའི་མི་རྣམས་ལྷན་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐབས་ཀྱི་ཐུན་མོང་གཞི་རྟེན་འཚོལ་བའི་ཚོགས་འདུ་འཚོགས་སོང་།

ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱ་ནག་ལ་ཁ་གཅོག་ཐབས་ཀྱི་ཚོགས་འདུ་ཞིག་འཚོགས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༡༠།༠༩།༢༠༢༤

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཐུན་མོང་གི་གཞི་རྟེན་འཚོལ་བ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀྱི་ཐབས་ཇུས་གསར་པ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་འཚོགས་སོང་བ་དང་། སྐབས་དེར་ཐའེ་ཝན་དང་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་སང་པུ་(Sang Pu) ལགས་ཀྱིས། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱིས་རྒྱ་ནག་ལ་གདོང་ལེན་བྱ་དགོས་པ་དང་། ཧོང་ཀོང་དང་ཐའེ་ཝན། གྲངས་ཉུང་མི་རིགས་སོགས་མཉམ་རུབ་ཀྱིས་གནས་སྟངས་རྒྱུས་ལོན་དང་། གོ་བསྡུར་བྱ་དགོས་ཀྱི་ཡོད། ཚང་མས་མཉམ་རུབ་བྱས་ན་རྒྱ་ནག་ལ་གདོང་ལེན་བྱེད་ཐུབ་ལ། ཕྱིའི་རྒྱལ་ཁབ་ཁག་དང་དམིགས་བསལ་གྱིས་སྟོབས་ཆེན་རྒྱལ་ཁབ་གཞན་ལ་རྒྱ་ནག་གིས་དྲག་གནོན་བྱས་དང་བྱེད་བཞིན་པའི་སྐོར་ལ་གླེང་སློང་བྱས་ཏེ་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་གང་མང་བྱེད་དགོས་པ་གཙོ་བོ་ཡིན་སྐོར་སོགས་བརྗོད་སོང་།

ཐའེ་ཝན་དང་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་སང་པུ་ལགས་ཀྱིས་འདི་གའི་གསར་འགོད་པར། གསར་ཁང་ཞིག་གི་ངོ་བོའི་ཐོག་ནས་གསར་འགོད་པ་མང་པོ་ཞིག་ལ་དམིགས་བསལ་གྱི་ལེ་ཚན་དང་། དངོས་སུ་བཅའ་འདྲི་བྱེད་པའི་ལས་འགན་གཙོ་བོ་ཡོད་པ་རེད། དེའི་ཐོག་ལ་གསར་ཁང་འདྲ་མིན་ཡོད་པ་ཚང་མས་རྒྱ་ནག་གིས་རྫུན་བཟོ་བྱས་པའི་གནས་ཚུལ་ལྟར་མིན་པར་གནས་ཚུལ་དྲང་བདེན་འགོད་དགོས་པ། དེ་བས་ས་གནས་ལ་དངོས་སུ་ཕྱིན་ནས་གནས་ཚུལ་འགོད་ཐབས་ལ་འབད་དགོས་པ། དམིགས་བསལ་གྱིས་ཆེད་ལས་རང་བཞིན་ལྡན་པའི་གསར་ཁང་བཟོ་དགོས་གལ་ཆེ་བ་རེད། དེ་ཡང་རྒྱ་ནག་གི་དྲག་གནོན་དང་སོ་ལྟ་སོགས་ལ་བརྟེན་ནས་གནས་ཚུལ་རག་ཐབས་སུ་འགོག་རྐྱེན་མང་པོ་འབྱུང་གི་ཡོད་ཀྱང་། བོད་ནང་ནས་དངོས་ཡོད་གནས་ཚུལ་རག་ཐུབ་པ་བྱས་ཏེ།  བཙན་བྱོལ་དུ་ཡོད་པའི་བོད་པའི་གསར་ཁང་ཁག་གིས་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་པ་དེས་རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་སྤེལ་ཤུགས་ཆེན་ཡོང་བར་ཕན་ཐོགས་ཡོང་གི་རེད། གནས་ཚུལ་ཁག་ཅིག་བཙན་བྱོལ་གཞུང་ལ་ཡག་པོ་ཡོད་ཀྱང་། ཁག་ཅིག་ཡག་པོ་མེད་པ་རེད། འོན་ཀྱང་རང་དབང་ཅན་གྱི་གསར་ཁང་ཞིག་ཡིན་པའི་ཐོག་གསར་འགོད་པས་དངོས་ཡོད་གནས་ཚུལ་འབྲི་དགོས་ཀྱི་ཡོད། གནས་ཚུལ་མཁོ་སྒྲུབ་བྱེད་པའི་སྐབས་སུ་མཐུན་རྐྱེན་ཆ་ཚང་བ་རག་ཐབས་ལ་འབད་དགོས་པ་དང་། དམིགས་བསལ་བོད་མི་ཁོ་ན་ནས་གནས་ཚུལ་མཁོ་སྒྲུབ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་ལས་ཕྱི་མི་ནས་ལེན་རྒྱུ་མེད། ཕྱིའི་རྒྱལ་ཁབ་ལ་འབྲེལ་ལམ་འཛུགས་རྒྱུ་ནི་གལ་ཆེན་རེད། ཅེས་སོགས་བརྗོད་བྱུང་།

ཚོགས་འདུའི་དམིགས་ཡུལ་དང་འབྲེལ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཨེ་ཤ་ཡ་དང་ལྷག་པར་དུ་རྒྱ་ནག་གཞུང་ལ་རང་དབང་རྩོད་ལེན་བྱ་རྒྱུ་དང་། ང་ཚོའི་གནས་སྟངས་གཅིག་པ་ཆགས་ཡོད་པའི་རྒྱལ་ཁབ་དེ་དག་ལ་འབྲེལ་བ་བཙུགས་ཏེ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་ཁབ་དེ་དག་གི་ཐབས་ཇུས་དང་བསམ་ཚུལ། མ་འོངས་པར་ལས་དོན་ག་རེ་བྱ་འཆར་ཡོད་པའི་བསམ་ཚུལ་སོགས་རྒྱུས་ལོན་བྱས་ཏེ། ད་ཡོད་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་ཐོག་མཉམ་རུབ་དང་བསམ་ཚུལ་སོགས་ལེན་རྒྱུ་ཡོད་མེད་ལྟ་རྒྱུ་གལ་ཆེན་ཡིན་སྐོར་དང་། ཐེངས་འདིའི་ཚོགས་འདུར་ཐའེ་ཝན་དང་ཧོང་ཀོང་། འབར་མ་བཅས་ཀྱི་རང་དབང་ལས་འགུལ་བ་དང་དམངས་གཙོའི་དོན་གཉེར་བ། ཉམས་ཞིབ་པ། བོད་དོན་རྒྱབ་སྐྱོར་བ་སོགས་གདན་འདྲེན་ཞུས་ཡོད་སྐོར་སོགས་བརྗོད་སོང་།

ཐེངས་འདིའི་ཚོགས་འདུའི་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། ཐའེ་ཝན་དང་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་སང་པུ་ (Sang Pu)། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས། འབར་མའི་རང་དབང་འཐབ་རྩོད་པ་ཡཱང་ཝང་ལི་ (Yang Wang Li)། ཐའེ་ཝན་དང་འབར་མའི་མི་མང་མཐུན་ཚོགས་ཀྱི་ཚོགས་གཙོ་དྷུ་ཁ་ཁ་ (Du Keke)། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སོགས་གཏམ་བཤད་པ་བརྒྱད་དང་། ཉམས་ཞིབ་ཁང་གི་ལས་བྱེད། མི་མང་ཁག་ཅིག་ལྷན་འཛོམས་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese