མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༦ ལོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་རྒྱག་དགོས་སྲིད་པ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རང་སྐྱོང་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཟིན་པ་དང་བཤེར་བདག་བརྒྱ་ཆ་ ༦༣ གྱིས་མ་རྩ་ཕྱིར་འཐེན་བྱས་པ་སོགས་ཀྱི་གནས་སྟངས་འོག་ཕྱི་ལོ་ ༢༠༢༦ ལོར་སྒོ་རྒྱག་དགོས་ཁེལ་སྲིད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༢༦ ལོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་རྒྱག་དགོས་སྲིད་པ་རེད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས། ༢༠༢༤།༩།༡༢

དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་སྟེང་དཔལ་འབྱོར་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གསལ་བཤད་སྐབས། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ་ལ་གཞིགས་ན་ཕྱི་ལོ ༢༠༢༦ ལོར་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་སྲིད་སྐོར་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས་སོགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་རང་སྐྱོང་ཁེ་ལས་མུ་མཐུད་གཉེར་ཐུབ་ཐབས་སྐོར་ལ་འབོད་སྐུལ་གནང་བ་དང་འབྲེལ། སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནད་དོན་ཡོངས་རྫོགས་གྲོས་ཚོགས་ནང་ཇི་མ་ཇི་བཞིན་བགྲོ་གླེང་བྱས་ནས་གྲོས་ཆོད་གཏན་འབེབས་བྱུང་རྗེས། ཐོག་མར་དཔལ་འབྱོར་ལས་ཁུངས་ཀྱིས་འགན་འཛིན་ལྷན་ཚོགས་གསར་པ་བཟོས་པ་དེས་ཚོགས་མི་མ་བཤེར་བདག་པོ་ཡོངས་ལ་འབྲེལ་བ་བྱས་ཀྱང་། མ་བཤེར་བདག་པོའི་ནང་ནས་སུས་ཀྱང་འགན་འཛིན་དུ་སྡོད་རྒྱུ་དང་དུ་བླངས་མེད་པ་མ་ཟད། ཚོགས་འདུ་འཚོགས་སྐབས་དུས་ཚོད་སོགས་གང་ཐུབ་བསྟུན་ཐབས་བྱས་ནའང་། མ་བཤེར་བདག་པོ་མང་པོ་ཞིག་མཉམ་ཞུགས་བྱེད་ཀྱི་མེད་པས། མཐར་དོ་བདག་སོ་སོ་ལ་ཡི་གེ་བསྐུར་ནས་ཁོང་ཚོའི་དགོངས་ཚུལ་དང་འབྲེལ་ནས་ཞབས་ཞུ་ཁང་དེ་སྒོ་རྒྱག་དགོས་པའམ། ཐབས་ལམ་གཞན་བཏོན་དགོས་སྐོར་དྲིས་པར། དེའི་ནང་ནས་མ་རྩ་བརྒྱ་ཆ་ ༦༣  ་ཕྱིར་འཐེན་བྱེད་ཀྱི་ཡིན་བརྗོད་དེ་སྒོ་རྒྱག་དགོས་པའི་དགོངས་ཚུལ་བྱུང་བའི་སྐོར་དང་། བཤེར་བདག་ནང་ནས་མ་རྩ་ཆེ་ཤོས་འཇོག་མཁན་སུད་སི་ནས་ཡིན་པས།  ད་ལོ་སུད་སིར་སྐོར་སྐྱོད་དུ་འགྲོ་སྐབས་གསོལ་ཚིགས་ཞིག་གི་སྐབས་མཇལ་བ་བརྒྱུད། ཁོང་གི་ཐོག་མའི་དམིགས་ཡུལ་ནི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་རྒྱག་ན། ཁོང་གི་དངུལ་དེ་སྐྱེད་མེད་ཀྱི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་གཡར་རོགས་བྱེད་དགོས་སྐོར་གསུངས་སོང་། དེ་བཞིན་མ་བཤེར་བ་རྣམས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་སྒོ་རྒྱག་དགོས་སྐོར་བཤད་ཚེ། དེ་ལུགས་ཀྱིས་འཛིན་སྐྱོང་བཀའ་ཤག་གིས་ལག་བསྟར་བྱ་དགོས། ཞེས་གསུངས་སོང་།

ཡང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་ཆར་བཤེར་བདག་ནང་ནས་བརྒྱ་ཆ་ ༦༣ གྱིས་མ་རྩ་ཕྱིར་འཐེན་བྱ་རྒྱུའི་དགོངས་ཚུལ་ཡོད་པར་བརྟེན། ད་ལྟའི་གནས་སྟངས་ལ་ཕྱི་ལོ་ ༢༠༢༦ ལོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་བརྒྱག་རྒྱུའི་ཐོག་ལ་བསམ་བློ་གཏོང་བཞིན་ཡོད། དེ་འདྲའི་འགྱུར་བ་ཤུགས་ཆེན་པོ་མ་ཕྱིན་ན་བྱེད་ཐབས་གཞན་མི་འདུག དེ་བཞིན་འགན་འཛིན་ལྷན་ཚོགས་ཁོངས་ནས་སྐུ་ཞབས་པར་ས་ཌི་(Alok Prasad) ལགས་ཀྱིས་དགོངས་པ་ཞུས་སོང་བས། ད་ལྟ་དཔལ་འབྱོར་ལས་ཁུངས་ཀྱིས་འགན་འཁུར་གྱིན་ཡོད། ཅེས་གསུངས་སོང་།

དེ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་ཀྱིས་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཁྲོད། ལོ་འཁོར་བཤེར་བདག་ཚོགས་ཆེན་སྐབས་བཤེར་བདག་ཁག་ཅིག་ནས་ཆ་ཤས་ལེན་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་བཤེར་བདག་སྒེར་གྱི་དུས་ཚོད་སྟབས་བདེ་ཡིན་མིན་གྱི་གནས་སྟངས་ཆགས་ཡོད་པ་ལས་གཞན་གང་ཡང་མིན། འོན་ཀྱང་བཤེར་བདག་མང་ཚོགས་ཁྲོད་ནས་བརྒྱ་ཆ་ ༦༣ གྱིས་ཚོགས་པ་སྒོ་རྒྱག་དགོས་པའི་བསམ་ཚུལ་སླེབས་ཡོད་པ་དེའི་རྒྱུ་མཚན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་གྲོས་ཆོད་ཡིག་ཆ་ཨང་། ༣༤ པའི་དགོངས་དོན་བཞིན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རང་སྐྱོང་ཁེ་གཉེར་ཞིག་ཏུ་བསྒྱུར་རྒྱུའི་ཐག་གཅོད་ཟིན་ཡོད་པ་དེ་ལ་བཤེར་བདག་ཁག་ཅིག་ནས་མོས་མཐུན་མེད་པའི་སྐོར་དང་། ཁག་ཅིག་ནས་སོ་སོའི་མ་འཛུགས་ཡོད་པ་དེ་དགོས་མཁོ་ཆགས་པར་ཕྱིར་འཐེན་ཞུ་རྒྱུ་ཡིན་གནས་འགྲེལ་བརྗོད་བྱུང༌། ཞེས་གསལ་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་གྲོས་ཆོད་༢༠༢༢།༡༧།༣།༢༦ དང་། ཡིག་ཆ་ཨང་ ༢༦ པའི་དགོངས་དོན་གཞིར་བཟུང་། ཚོགས་གཙོ་སྦྲེལ་པོས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་སྐོར་ལ་རྟོག་ཞིབ་ཆེད། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། དེ་བཞིན་དཔལ་འབྱོར་རིག་པའི་ཆེས་མཁས་པ་ར་ཧུལ་ཇོ་ཤི་ (Rahul Joshi) བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་ཀྱིས། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༦ ཉིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་སྐོར་གྱི་ཞིབ་འཇུག་སྙན་ཐོ་བཏོན་ཡོད། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༦ ཉིན་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པའི་ཉིན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཁེ་ལས་རང་བཞིན་ཅན་ཞིག་ཏུ་བསྒྱུར་རྒྱུ་དེ་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐོག་ནས་གཏན་འབེབས་བྱུང་།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཐོག་མར་ཕྱི་ལོ་ ༢༠༡༥ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་མཐོར་འདེགས་དང་རང་ཁ་རང་གསོའི་ཆེད་དུ་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༨ ཉིན་ཁེ་ཡོད་ཀྱི་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༣ ཉིན་དངོས་སུ་རྒྱ་གར་དབུས་དངུལ་ཁང་ཆེན་མོ་ (Reserve Bank of India) ནས་དངུལ་ཁང་ལྟ་བུའི་ངོ་བོར་(Non-Banking Finance Company) དེབ་སྐྱེལ་ལག་ཁྱེར་ཐོབ་སྟེ་དངོས་སུ་བུ་ལོན་གཡར་གཏོང་བྱེད་མགོ་བརྩམས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག  པར་དབང་།GATPM ༢༠༢༥།༦།༡༤
Mobile App

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

༢༠༢༥/༠༦/༡༧
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

༢༠༢༥/༠༦/༡༧
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese