མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་གླིང་ནས་ལྡི་ལི་བར་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྲིད་སྐྱོང་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བདེ་སྐྱིད་གླིང་ནས་ལྡི་ལི་བར་གྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་འདུག

ཁ་སང་ཕྱི་ཚེས་ ༢༤ ནས་ཕྱི་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་བརྒྱད་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་ཡོད་ཅིང་། ལས་འགུལ་འདིའི་ནང་ཁྱོན་མི་གྲངས་ ༥༤ ཙམ་མཉམ་ཞུགས་གནང་གི་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་གིས། ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་རྣམས་མྱུར་དུ་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་བྱ་ངན་སྣ་མང་སྤེལ་བཞིན་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དུས་མཚམས་གནོན་ཤུགས་དང་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ། ད་དུང་རྒྱ་གར་གཞུང་དམངས་གཉིས་ནས་རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་དམིགས་ཏེ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

དེ་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ངོ་རྒོལ་སྐྱོན་བརྗོད་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་དམར་སྲིད་གཞུང་མགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་ ༧༥ འཁོར་བའི་དུས་ཆེན་སྲུང་གཙི་ལ་ངོ་རྒོལ། བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མུས་ཡིན་སྐོར་སོགས་གསལ་འདུག

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་སྟེ། སྤོན་ཊ་ནས་ཅན་དྷི་གྷར་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལི་བར་དུ་རྐང་འཁོར་སྐོར་སྐྱོད་གནང་མུས་ཡིན་པ་རེད། ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བདེ་སྐྱིད་གླིང་བོད་སྒར་ནས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དངོས་སུ་མགོ་འཛུགས་ཡོད་ཅིང་། སྐབས་དེར་དབུ་འབྱེད་མཛད་སྒོའི་སྟེང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨིན་དྷར་པཱལ་ (Inderpal Singh Kholi) ལགས་དང་། ཨ་རྗེ་ (Ajay Kothiyal) རཱ་ཇེཤི་ཀུ་མར་ (Rajesh Kumar Gautam) ལགས། བྷར་ཏི་ (Dr CL Bharti) ལགས། ན་ཝིན་ལགས་ (Shri Naveen) གཙོས་པའི་ས་གནས་ཀྱི་འབྲེལ་ཡོད་གདན་ཞུས་ཐོག་ལས་འགུལ་དངོས་སུ་མགོ་འཛུགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

སྐར་མ ༥༡ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese