མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅིན་ལ་ཞིབ་བཤེར་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅིན་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། ཁོ་ནི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཞིག་ལ་ཞིབ་བཤེར་བྱས་པ་ཐེངས་གསུམ་པ་དེ་ཡིན་འདུག

Dong Jun is the third consecutive serving or former defence minister to be investigated for alleged corruption © Anupam Nath/AP

དེ་རིང་ཕྱི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏུང་ཅིན་ (Dong Jun) གྱིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོ་ནི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱས་པ་ཐེངས་གསུམ་པ་དེ་ཡིན་ཞིང་།  ད་ལྟའི་ཆར་ཏུང་ཅིན་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཟེར་བ་ཙམ་ལས་རྒྱུ་རྐྱེན་གཞན་གསལ་ཁ་མི་འདུག

དེ་འབྲེལ་དབྱིན་ཇིའི་དཔལ་འབྱོར་དུས་བབ་གསར་ཁང་ (Financial Times) གི་གནས་ཚུལ་ནང་། ད་ལན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཏོན་ཅོན་ཞིབ་བཤེར་འོག་ཡོད་པའི་གནས་ཚུལ་དེ་ཨ་རིའི་གཞུང་འབྲེལ་མི་སྣས་ཤེས་རྟོགས་བྱུང་ཡོད་ཅིང་། ད་དུང་བདུན་ཕྲག་སྔོན་མར་ཨེ་ཤ་ཡའི་བདེ་སྲུང་ཚོགས་འདུའི་སྐབས། ཏུང་ཅིན་གྱིས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊིན་ (Llyod Austin) དང་ཐུག་འཕྲད་བྱས་མེད་པ་རེད་ལ། ཉེ་ལམ་ཕྱི་ཚེས་ ༡༧ ཉིན་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་པེ་རུ་ (Peru) རུ་ཚོགས་པའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་ (Asia Pacific Economic Cooperation Forum) སྐབས། ཞི་ཅིན་ཕིན་གྱིས་སྲིད་འཛིན་བྷའེ་ཌན་ལ་ཐུག་འཕྲད་ཀྱིས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཏུང་ཅིན་སྐོར་ནས་ལན་འདེབས་གསལ་བཤད་གང་ཡང་སྤྲད་མེད་ཅིང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཏུང་ཅིན་ལ་ཞིབ་བཤེར་བྱེད་བཞིན་པའི་གནད་དོན་འདི་ནི། ཞི་ཅིན་ཕིན་གྱིས་ཉེ་ལམ་ནས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་མགོ་ཁྲིད་རྣམས་ལ་ལྐོག་ཟ་རུལ་སུངས་ཀྱི་ཞིབ་དཔྱོད་བྱེད་བཞིན་པའི་གཞི་རྒྱ་ཆེ་བའི་འགུལ་སྐྱོད་ཅིག་ཡིན་སྐོར་བརྗོད་འདུག

ཞི་ཅིན་ཕིན་གྱི་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་འདས་ལོ་གཅིག་པུར་རྒྱ་ནག་བཅིངས་གྲོལ་དམག་མིའི་དམག་སྤྱི་དགུ་ཏང་དང་གཞུང་གི་གོ་གནས་ནས་ཕྱིར་ཕུད་བྱས་ཡོད་ལ། འདས་ལོའི་ཕྱི་ཟླ་ ༦ ནང་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲན་ཧྥོའུ་ (Li Shangfu) དང་། དེ་སྔའི་རྒྱལ་སྲུང་བློན་ཆེན་ཝའེ་ཧྥང་ཧཱ་ (Wei Fenghe) ཟེར་བ་གཉིས་ནས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་སྒྲིག་འགལ་ཚབས་ཆེན་བྱས་ཡོད་ཟེར་ནས་ཕྱིར་ཕུད་བཏང་སྟེ། ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཏོན་ཅོན་ནི་ཕྱི་ལོ་ ༡༩༦༡ ལོར་རྒྱ་ནག་ཧྲན་ཏུང་ (Shandong) ཞིང་ཆེན་གྱི་ཡན་ཐའེ་ (Yantai) ས་ཁུལ་དུ་སྐྱེས། ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་གི་གྲོང་ཁྱེར་ཏཱ་ལིན་ (Dalian) གྲོང་ཁྱེར་དུ་མཚོ་དམག་དང་འབྲེལ་བའི་ཆེད་སྦྱོང་ཐོག་སློབ་མཐར་ཕྱིན་རྗེས། རྒྱ་ནག་བཅིངས་གྲོལ་དམག་གི་མཚོ་དམག་སྦྱོང་བརྡར་ལྟེ་གནས་ཁང་གི་འགན་འཛིན་དང་། རྒྱ་ནག་ཤར་ཁུལ་གྱི་མཚོའི་དམག་དཔོན་གཞོན་པ། རྒྱ་ནག་བཅིངས་གྲོལ་དམག་གི་མཚོ་དམག་གི་དམག་དཔོན་གཞོན་པ་སོགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་བཅིངས་གྲོལ་དམག་མཚོ་དམག་གི་དམག་སྤྱི་ཆེན་མོ་བྱས་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ཏུང་ཅིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོས་འདུག་ལ། ཏོན་ནི་རྒྱ་ནག་བཅིངས་གྲོལ་དམག་ཟེར་བའི་མཚོ་དམག་སྤྱི་ཁྱབ་ཀྱི་རྒྱབ་ལྗོངས་ཡོད་པའི་རྒྱལ་སྲུང་བློན་ཆེན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

Xi Jinping and then-PLA Navy chief Dong Jun.

ད་ལྟའི་ཆར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཁོངས་ཀྱི་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་གོ་གནས་ནས་ཕྱིར་ཕུད་གཏོང་གི་ཡོད་ཀྱང་། རྒྱ་ནག་དབུས་གཞུང་གིས་གནད་དོན་དེ་དག་ཡོངས་བསྒྲགས་བྱེད་ཀྱི་མེད་པ་དང་། ཕྱོགས་གཅིག་ནས་བཅིངས་གྲོལ་དམག་གི་གཙོ་འཛིན་ཞི་ཅིན་ཕིན་ཡིན་པར་བརྟེན། ནང་ཁུལ་གྱི་རྙོག་ཟིང་རིགས་ཕྱི་ལ་བསྒྲགས་ནས་གནད་དོན་མི་ལྷག་ཐབས་དང་། མཐོ་རིམ་མགོ་ཁྲིད་མང་པོ་ཞིག་གོ་གནས་ནས་ཕྱིར་ཕུད་བཏང་བ་ལས་འཛིན་བཟུང་འདྲི་རྩད་རིགས་དང་བཙོན་ཁང་སོགས་སུ་བཅུག་མེད་པ་དེས་དམག་ཁོངས་ལ་བརྡབ་གསིག་མི་བཟོ་བའི་ཆེད་དུ་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese