མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་ཐེངས་དང་པོ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ཀྱིས་ཁ་འཐོར་དུ་ཡོད་པའི་བོད་པའི་སྒྱུ་རྩལ་པ་རྣམས་འཛོམས་ཏེ་མང་ཚོགས་ལ་སྒྱུ་རྩལ་སྐོར་གོ་རྟོགས་སྤེལ་རྒྱུ་དང་སྒྱུ་རྩལ་པ་རྣམས་ཀྱིས་བོད་དོན་འཐབ་རྩོད་ལ་ཞབས་འདེགས་ཆེན་པོ་ཞུ་ཐུབ་པའི་ངེས་ཤེས་ཡོད་ཅེས་བརྗོད་བྱུང་།

དྷ་ས་མེག་གྷན་དུ་ཡོད་པའི་བྷག་སུ་གསོལ་མགྲོན་ཁང་ (Hotel Bhagsu Lawn) དུ། བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་ཐེངས་དང་པོ་འཚོག་བཞིན་འདུག ༢༠༢༤།༡༡།༢༩ དུས་བབ་ཀྱི་པར།

དེ་རིང་ནས་ཕྱི་ཟླ་ ༡༢ ཚེས་ ༡ བར་ཉིན་གྲངས་གསུམ་རིང་བོད་སྨྱུག་དཔེ་སྐྲུན་ཁང་དང་བོད་ཀྱི་ཐེབས་རྩ་ཐུན་མོང་གི་གོ་སྒྲིག་འོག དྷ་ས་མེག་གྷན་དུ་ཡོད་པའི་བྷག་སུ་གསོལ་མགྲོན་ཁང་ (Hotel Bhagsu Lawn) དུ། བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་ཐེངས་དང་པོ་འཚོག་བཞིན་འདུག ད་ལན་གྱི་བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་དེའི་ནང་རོལ་དབྱངས་འདུ་འཛོམས་དང་། སྙན་ངག་གྱེར་འདོན། རྩོམ་རིག སྤྱི་ཚོགས། ཆབ་སྲིད། སྒྱུ་རྩལ་སོགས་བརྗོད་གཞི་འདྲ་མིན་ཐད་བགྲོ་གླེང་གནང་གི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་སུ་བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་གོ་སྒྲིག་བྱས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་དྲིས་པར། བུ་ཆུང་བསོད་ནམས་ལགས་ཀྱིས། སྤྱིར་བཏང་ང་ཚོ་བོད་པའི་བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་གྱི་སྤྱི་ཚོགས་ཤིག་རེད། དེ་ཡང་བོད་མི་རྣམས་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་ནང་འཐོར་བཞིན་ཡོད་པ་ལྟར་སྒྱུ་རྩལ་པ་རྣམས་ཀྱང་ཁ་འཐོར་དུ་གནས་ཡོད་པ་རྣམས་འཛོམས་ནས་སྒྱུ་རྩལ་གྱི་ནུས་པ་གང་ཡིན་པ་དང་། སྒྱུ་རྩལ་པ་རྣམས་བོད་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ལ་དགའ་ཞེན། ལྷག་པར་དུ་འཐབ་རྩོད་ལ་ཞབས་འདེགས་ག་རེ་ཞུ་ཐུབ་ཀྱི་ཡོད་པ་སོགས་ཤེས་དགོས་པ་དེ་གལ་ཆེན་ཡིན་པར་བརྟེན། ད་ལན་གྱི་དུས་སྟོན་འདིའི་ནང་སྒྱུ་རྩལ་པ་རྣམས་འཛོམས་ཏེ་སྒྱུ་རྩལ་ཟེར་ན་གང་ཡིན་པ་དང་། སྲོལ་རྒྱུན་དང་དེང་དུས་ཀྱི་སྒྱུ་རྩལ་གཉིས་མཉམ་དུ་གོང་སྤེལ་གང་འདྲ་གཏོང་ཐུབ་ཀྱི་ཡོད་པ། དེ་བཞིན་མི་མང་ལ་སྒྱུ་རྩལ་སྐོར་ལ་གོ་རྟོགས་གང་འདྲ་སྤེལ་ཐུབ་ཀྱི་ཡོད་པ་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་། གཞས་ཀྱི་འདུ་འཛོམས་སོགས་གོ་སྒྲིག་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། བོད་ཀྱི་རིག་གཞུང་ལ་ནུས་པ་ཆེན་པོ་ཡོད་ལ། ད་བར་ནང་པ་སངས་རྒྱས་པའི་ཆོས་དང་བོན་གྱི་ཆོས་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་ལ་བརྟེན་ནས་གོང་མཐོར་དང་རྒྱུན་གནས་ཐུབ་ཡོད། འོན་ཀྱང་། ངའི་བསམ་ཚུལ་ལ་བོད་ཀྱི་རིག་གཞུང་རྒྱུན་གནས་དང་སྲ་བརྟན་དུ་གནས་ཐུབ་པ། དེ་བཞིན་གཏིང་ཟབ་ཏུ་གཏོང་བར་སྒྱུ་རྩལ་པ་ཚོས་ཞབས་འདེགས་ཆེན་པོ་ཞུ་ཐུབ་ཀྱི་རེད་བསམ་པའི་ངེས་ཤེས་ཆེན་པོ་ཡོད། དེར་བརྟེན། མ་འོངས་པར་འདི་དང་འདི་འདྲ་བའི་སྡིངས་ཆ་རིམ་པ་བྱུང་ཚེ། འདི་བརྒྱུད་ནས་སྒྱུ་རྩལ་གོང་མཐོར་གཏོང་བ་དང་། བོད་པ་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་བོད་ཀྱི་རིག་གཞུང་གོང་འཕེལ་དང་། དེའི་ནུས་པ་བརྒྱུད་ནས་བོད་པའི་འཐབ་རྩོད་དང་བོད་དོན་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་སྨྱུག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ལྡུམ་ར་བུ་ཆུང་བསོད་ནམས་ལགས། ༢༠༢༤།༡༡།༢༩ དུས་བབ་ཀྱི་པར།

གསར་འགོད་པས་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་དུས་སྟོན་འདིའི་ཐོག་ནས་མང་ཚོགས་ལ་བརྡ་ལན་ག་རེ་སྤྲོད་འཆར་ཡོད་སྐོར་དྲིས་པར། ཁོང་གིས། སྒྱུ་རྩལ་པ་རྣམས་མཉམ་དུ་འཛོམས་ཏེ་སྒྱུ་རྩལ་ངོས་འཛིན་ཐུབ་པ་དང་། བོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་གོང་འཕེལ་གཏང་རྒྱུ། དེ་བཞིན་བོད་པའི་འཐབ་རྩོད་ལ་ཞབས་འདེགས་གང་འདྲ་ཞུ་ཐུབ་ཀྱི་ཡོད་མེད་དེ་གལ་ཆེན་པོ་ཡིན་པ་མ་ཟད། མང་ཚོགས་ལ་རིག་གནས་དང་རྩོམ་རིག་སྒྱུ་རྩལ་སོགས་སྒྱུ་རྩལ་གྱི་ངོ་བོ་དེ་དག་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་རེད། རྒྱུ་མཚན་ནི་རྩོམ་རིག་སྒྱུ་རྩལ་ལ་ནུས་པ་ཆེན་པོ་ཡོད་པ་དེ་མངོན་འགྱུར་ཡོང་བར་མི་མང་ལ་གོ་རྟོགས་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་བརྗོད་བྱུང་།

མ་འོངས་པར་འཆར་གཞི་གང་ཡོད་མེད་ཐད་བུ་ཆུང་ལྡུམ་ར་བསོད་ནམས་ལགས་ཀྱིས། ད་ལན་གྱི་བོད་ཀྱི་སྒྱུ་རྩལ་གྱི་དུས་སྟོན་ཐེངས་དང་པོ་དེ་གཞས་དང་རྩོམ་རིག་སྐོར་ལ་རེད། ངའི་རེ་བ་ལ་ལོ་རྗེས་མར་རྩོམ་རིག་དང་གློག་བརྙན། རྩོམ་རིག་དང་རི་མོ་སོགས་རིམ་པ་རིམ་པ་འཚོགས་ཏེ། བཙན་བྱོལ་ནང་གི་སྒྱུ་རྩལ་པ་ཡོད་དོ་ཅོག་འཛོམས་ཏེ་ནུས་པ་གོང་འཕེལ་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

འདི་གའི་གསར་འགོད་པར་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལན་གྱི་དུས་སྟོན་འདིའི་ནང་ཕྱི་རྒྱལ་དང་བཙན་བྱོལ་དུ་ཡོད་པའི་གཞས་པ་ཁག་ཅིག་ཡོད་པའི་ཁྲོད་ནས་སྲོལ་རྒྱུན་གྱི་གཞས་པ་དང་། དེང་དུས་ཀྱི་གཞས་པ། རྩོམ་པ་པོ་ཁག་ཅིག་ཡོད་པའི་ཁྲོད་ནས་བོད་ཡིག་གི་རྩོམ་པ་པོ་དང་། དབྱིན་ཡིག་གི་རྩོམ་པ་པོ། དེ་བཞིན་རྩོམ་བསྒྱུར་བྱེད་མཁན་ཁག་ཅིག་ཡོད་བོད་པའི་སྒྱུ་རྩལ་པ་སྣ་ཁ་འཛོམས་པོ་ཞིག་མཉམ་ཞུགས་བྱས་ཡོད། ཅེས་བརྗོད་བྱུང་།

བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། ༢༠༢༤།༡༡།༢༩ དུས་བབ་ཀྱི་པར།

སྒྱུ་རྩལ་དུས་སྟོན་གོ་སྒྲིག་བྱས་པའི་དགོས་དམིགས་གཙོ་བོ་གང་ཡིན་པའི་ཐད་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ང་ཚོ་སྒྱུ་རྩལ་པ་ནང་ཁུལ་བགྲོ་གླེང་བྱ་རྒྱུ་གལ་ཆེན་ཡིན་པས་སྒྱུ་རྩལ་པ་ནང་ཁུལ་བགྲོ་གླེང་བྱས་ཏེ། མ་འོངས་པར་རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་མཉམ་མཐུན་བྱ་རྒྱུ་དང་། རྩོམ་པ་པོ་དང་སྒྱུ་རྩལ་པ་ནང་ཁུལ་འབྲེལ་བ་བྱས་ཏེ་རྒྱལ་སྤྱིའི་སྟེང་འགྲེམས་སྟོན་དང་། གཏམ་བཤད། འཁྲབ་སྟོན་སོགས་བྱ་ཐུབ་རྒྱུའི་ལས་རིམ་གྲ་སྒྲིག་དང་། དེས་བོད་པའི་སྤྱི་ཚོགས་ནང་ལོགས་ལ་བརྡ་ལན་ག་རེ་སྤྲོད་དགོས་པ་དང་། ལྷག་པར་དུ་སྒྱུ་རྩལ་པ་དང་ཤེས་ཡོན་པ་བརྒྱུད་ནས་འཐབ་རྩོད་ལ་ཞབས་ཕྱི་གང་འདྲ་སྒྲུབ་་དགོས་མིན་ཐད་ལ་གཏིང་ཟབ་པོའི་ཐོག་ནས་གྲོས་བསྡུར་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སང་ཉིན་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པར་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་དང་། ཚེ་རིང་རྣམ་རྒྱལ་ལགས། བསྟན་འཛིན་ཉི་མ་ལགས་བཅས་ཀྱིས་རྩོམ་ཁ་ནང་ལ་བལྟ་བ་ (Language of Homecoming: Tibetan Novels) ཞེས་པའི་བརྗོད་གཞིའི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག་ལ། ཉིན་དེའི་ཉིན་རྒྱབ་ཏུ་ཉི་མ་མཚོ་ལགས་དང་། བསྟན་འཛིན་བརྩོན་འགྲུས་ལགས། བསྟན་ཕུན་ལགས། དཀོན་མཆོག་རབ་བརྟན་ལགས་བཅས་ཀྱིས་རྩམ་དྲི་དྲོ་བའི་རྩོམ་རིག་ (Literature and Identity) ཅེས་པའི་ཐད་གླེང་སློང་བྱ་རྒྱུ། དགོང་མོར་བསོད་ནམས་སྒྲོལ་མ་ལགས་དང་། བསྟན་འཛིན་ཆོས་རྒྱལ་ལགས། དེ་བཞིན་བཀྲིས་རྒྱ་མཚོ་ལགས་དང་། ཉི་མ་དོན་གྲུབ་ལགས། དཔལ་འབྱོར་ལགས་སོགས་ཚུད་པའི་གཞས་པ་དང་གཞས་མ་ ༡༨ ཙམ་ནས་རོལ་དབྱངས་འདུ་འཛོམས་འཚོག་འཆར་འདུག

ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཁ་རག་སྤེན་པ་ལགས་དང་། སེར་ཤུལ་རབ་གསལ་ལགས། དབུ་རྒྱན་ནོར་བུ་ལགས། བསྟན་འཛིན་ཆོས་དབྱིངས་ལགས་བཅས་ཀྱིས་རང་མགོ་རང་ཐོན་ (Wearing Many Hats: Music-Lyric-Record-Publish) ཐད་གྲོས་མོལ་བྱ་རྒྱུ་དང་། ཉིན་རྒྱབ་ཏུ་སྐལ་བཟང་ཆོས་སྐྱིད་ལགས་དང་། བཀྲིས་རྒྱ་མཚོ་ལགས། ཚེ་རིང་དཔལ་འབྱོར་ལགས། ཕུན་ཚོགས་ལགས་བཅས་ཀྱིས་དབྱངས་ཀྱི་འཕོ་འགྱུར་ (From Nangma to Rap) སྐོར་བགྲོ་གླེང་བྱ་རྒྱུ་དང་། ད་དུང་བསྟན་འཛིན་ཆོས་རྒྱལ་ལགས་དང་། སྡེ་དགེ་སྐལ་བཟང་ལགས། ཡེ་ཤེས་ལགས། འཇམ་དབྱངས་ལགས་བཅས་ཀྱིས་སྐད་ཡིག གཞས། མཉམ་ལས་ (Language, Music, Collaboration) ཐད་གླེང་སློང་བྱ་རྒྱུ། ཕྱི་དྲོར་ལྡུམ་ར་བུ་ཅུང་བསོད་ནམས་ལགས་དང་། བཀྲས་ཆུང་ལགས། སེར་ཤུལ་རབ་གསལ་ལགས། ཚེ་རི་དབྱངས་འཛོམས་ལགས་བཅས་ཀྱིས་སྤྱི་ཚོགས། ཆབ་སྲིད། སྒྱུ་རྩལ་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག དེ་བཞིན་ཉིན་དེའི་དགོང་མོར་སྒྱུ་རྩལ་པ་རྣམས་ཀྱིས་གཞས་དང་སྙན་ངག་གྱེར་འདོན་སོགས་བྱ་འཆར་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese