མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ནང་དོན་ཚན་གསུམ་ཅན་གྱི་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་སུ་དོན་ཚན་གསུམ་ཅན་གྱི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་གཏན་འབེབ་གནང་སྟེ་ཨ་རིའི་རྒྱལ་སྲུང་ཁྲིམས་ཡིག་གི་ཁོངས་སུ་བཅུག་ཡོད་ཅིང་། སྲིད་འཛིན་བྷའེ་ཌན་མཆོག་གིས་མཚན་རྟགས་བསྐྱོན་རྗེས་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་འདུག

དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་སུ་རྒྱལ་སྲུང་ཁྲིམས་ཡིག་(National Defense Authorization Act ) གཏན་འབེབས་བྱས་པའི་ཁྲོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྲིད་ཇུས་མཁྲེགས་འཛིན་བྱེད་མུས་ཡིན་པ་དང་བསྟུན། བོད་མིའི་བདེ་འཇགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་འགེབས་སྲུང་གི་སླད་དོན་ཚན་གསུམ་ཅན་གྱི་ཁྲིམས་འཆར་ཞིག་གཏན་འབེབས་བྱུང་ཡོད་ཅིང་། ད་ལྟ་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་ནས་མཚན་རྟགས་བསྐྱོན་རྗེས་དངོས་སུ་ཨ་རིའི་ཁྲིམས་ཆགས་ཀྱི་ཡོད་པ་མ་ཟད། ད་ལན་གཏན་འབེབས་བྱུང་བའི་ཁྲིམས་འཆར་དེ་ཨ་རིའི་རྒྱལ་སྲུང་ཁྲིམས་ཡིག་གི་ཁོངས་སུ་བཅུག་ཡོད་སྟབས། ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བའི་ཁྲིམས་ཡིག་གལ་ཆེན་ཞིག་ཆགས་རྒྱུ་ཡིན་འདུག

གནད་དོན་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དོན་ཚན་གསུམ་ཅན་དེ་ཕྱི་ལོ་ ༢༠༢༤ རྒྱལ་སྲུང་ཁྲིམས་ཡིག་གི་ཁོངས་སུ་བཅུག་སྟེ། བོད་དང་ཨེ་ཤ་ཡའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་བཟུང་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་གཉའ་གནོན་བྱེད་པའི་དངོས་ཡོད་གནས་སྟངས་གསལ་སྟོན་དང་། བོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལས་ཁ་བྲལ་དུ་འཇུག་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རིའི་ནང་འགྲོ་འོང་གི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། ཨ་རིའི་སྲིད་འཛིན་མཆོག་གིས་གང་མགྱོགས་ཁྲིམས་ཡིག་ལ་མཚན་རྟགས་དགོད་རྒྱུའི་རེ་བ་ཡོད། ཅེས་བརྗོད་འདུག

ཁྲིམས་འཆར་དེའི་དོན་ཚན་དང་པོའི་ཁྲོད། ཨ་རིའི་གཞུང་གི་དཔོན་རིགས་དང་། གསར་འགོད་པ། རང་དབང་ཉམས་ཞིབ་པ། བོད་རིགས་ཨ་རི་བ།  དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་འགྲོ་རྒྱུར་དམ་དྲག་བྱེད་མུས་ཡིན་པར་གདོང་ལེན་གྱི་ཐོག་ནས།  ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གི་དགོངས་དོན་བཞིན། བོད་ནང་རང་དབང་གི་ཐོག་ནས་མུ་མཐུད་མི་ལོ་ལྔའི་རིང་འགྲོ་སྐྱོད་ཀྱི་རང་དབང་ཚད་ལྡན་དགོས་པ། དོན་ཚན་གཉིས་པ། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་དམག་དོན་དང་བདེ་འཇགས་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། རྒྱ་ནག་གཞུང་གིས་བོད་ནང་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱིན་ཡོད་མེད་ཀྱི་ཐད་ནས་གསལ་སྟོན་རང་བཞིན་གྱི་ཐོག་ནས་ཐེར་འདོན་བྱ་དགོས་པ། དོན་ཚན་གསུམ་པ། རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་ཏུ་བཅུག་པ་དང་། དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལྟ་ཞིབ་དང་འཚོལ་བསྡུ་སོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་དང་འགོག་རྐྱེན་ཇི་ཙམ་བཟོས་ཡོད་མེད་ཐད་ཀྱི་སྙན་ཐོ་འདོན་རྒྱུ་བཅས་ཡིན་འདུག

ཁྲིམས་འཆར་དེའི་སླད་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་(Marco Rubio) མཆོག་དང་སྐུ་ཞབས་ཇེ་ཧྥི་མེཀ་ལེ་(Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེམ་སི་(Jim Risch) སོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གྱིས་ཞུ་སྐུལ་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

སྐར་མ ༤༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese