མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མན་མོ་ཧན་སིང་མཆོག་ནི་མགོན་པོ་གང་གི་གཅེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་འདུག

His Holiness the Dalai Lama and Former Prime Minister Manmohan Singh in New Delhi, India on November 10, 2018. Photo by Tenzin Choejor

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མན་མོ་ཧན་སིང་མཆོག་དགུང་ལོ་ ༩༢ སྟེང་རྒྱ་གར་རྒྱལ་ས་ལྡི་ལི་རུ་འདས་གྲོངས་སུ་གྱུར་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞིང་གཤེགས་དམ་པ་ཁོང་གི་སྐུ་ཟླ་གྷི་ཤ་རན་(Gursharan Kaur) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། དམ་པ་ཁོང་ལ་ཐུགས་སྨོན་སྐྱབས་འཇུག་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག

༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གི་གསུང་འཕྲིན་ནང་། ངོས་རང་གིས་ཁྱེད་ཉིད་ལ་སྐྱབས་འཇུག་ཞུ་མུས་ཡིན་ལ། ཁོང་དང་ཁོང་གི་ཤུལ་ལུས་ནང་མི་རྣམས་ཆེས་ཡིད་སེམས་སྨྲེང་བའི་དུས་སྐབས་འདིར་ཐུགས་གསོ་ཞུ་ཡི་ཡོད། ངོས་རང་ཁོང་དང་ནམ་མཇལ་ལ། ངོས་ནས་ཁོང་གི་འགན་ཁུར་དང་ཆེས་བཟང་པའི་སློབ་སྟོན་ལ་ཡིད་སྨོན་སྐྱེས་ཏེ། ཁོང་ཉིད་ནི་ངོས་རང་གི་གཅེན་པོར་ངོས་འཛིན་གནང་གི་ཡོད། ཁྱེད་ཀྱི་སྐུ་ཟླར་གཞན་ལ་ཕན་འདོགས་པའི་སེམས་འདུན་ཤུགས་ཆེན་མཆིས་ཤིང་། ཁོང་གིས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་གྱུར་བའི་རྒྱལ་ཁབ་དར་རྒྱས་སུ་གཏོང་བ་དང་། རྒྱ་གར་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད་ལ། ཁོང་ནི་བོད་མི་རྣམས་ལ་ཐུགས་བརྩེ་ཟབ། ཁོང་གིས་ལོ་ངོ་ ༩༢ རིང་ལ་ང་ཚོས་ཡིད་སྨོན་སྐྱེས་དགོས་པའི་དོན་སྙིང་ལྡན་པའི་ལས་དོན་གཉེར་བ་ནི་ཡིད་སྨོན་སྐྱེས་འོས་པ་ཞིག་རེད། ཅེས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་སྐུ་སྒེར་གྱི་ཨེག་དྲ་ལམ་སྟེང་། རྒྱ་གར་གྱི་དབུ་ཁྲིད་གཟེངས་སུ་ཐོན་པ་མན་མོ་ཧན་སིང་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་རྒྱུ་ཡིན། ཁོང་ནི་འཚོ་བ་ཧ་ཅང་སྐྱོ་བོའི་ཁྱིམ་ཚང་ནས་ཡིན་པ་དང་། རྗེས་སུ་དཔལ་འབྱོར་རིག་པ་བ་སྙན་གྲགས་ཅན་ཞིག་ཏུ་གྱུར་ཡོད། ཁོང་གིས་དཔལ་འབྱོར་བློན་ཆེན་སོགས་གཞུང་གི་གོ་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པ་དང་། ལོ་མང་རིང་ང་ཚོའི་དཔལ་འབྱོར་སྲིད་ཇུས་ཐོག་ཤུགས་རྐྱེན་ཆེན་པོ་བཞག་ཡོད། ཁོང་གིས་གྲོས་ཚོགས་ནང་གཏམ་བཤད་གནང་བ་དེ་ཡང་གནད་དུ་འཁེལ་བ་ཞིག་ཡིན་ལ།  ང་ཚོའི་སྲིད་བློན་གྱི་ཐུགས་འགན་བཞེས་པའི་སྐབས་སུའང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཆེད་འབད་བརྩོན་ཆེན་པོ་གནང་ཡོད། ཅེས་གསུངས་འདུག་ལ། དེ་བཞིན་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ལས་ཁུངས་དང་སློབ་གྲྭ་སོགས་ཉིན་གྲངས་གཉིས་རིང་གུང་སེང་བཞག་ནས། ཁོང་ལ་མྱ་ངན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་མུས་ཡིན་འདུག

རྒྱ་གར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་མོ་ཧན་སིང་མཆོག་ནི་ཕྱི་ལོ་ ༡༩༣༢ ལོའི་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་པན་ཇབ་མངའ་སྡེའི་ཁོངས་སུ་སྐྱེས། ཁོང་གིས་རྒྱ་གར་པན་ཇབ་གཙུག་ལག་སློབ་གཉེར་ཁང་ནས་ཚོང་རིག་ཐོག་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་རྗེས། དབྱིན་ཡུལ་གྱི་ཁེམ་བྷི་རེ་ཇུ་(University of Cambridge) གཙུག་ལག་སློབ་གཉེར་ཁང་དུ་ཚོང་རིག་ཐོག་སློབ་སྦྱོང་གནང་། དེ་ནས་རྒྱ་གར་ལ་ཕྱིར་ལོག་ཕེབས་ནས་ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཚོང་རིག་སློབ་དཔོན་གནང་། ཕྱི་ལོ་ ༡༩༦༦ ནས་ ༡༩༩༩ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་ཡར་སྐྱེད་ཚན་པར་ཕྱག་ལས་གནང་རྗེས། རྒྱ་གར་གྱི་ཕྱི་སྲིད་ཚོང་དོན་བློན་ཆེན་ལས་ཁུངས་ཀྱི་སློབ་སྟོན་པ་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སོགས་གནང་། ཕྱི་ལོ་ ༢༠༠༤ ལོར་འོས་བསྡུའི་ལམ་ནས་རྒྱ་གར་གྱི་སྲིད་བློན་ཐེངས་བཅུ་གསུམ་པར་འདེམས་ཏེ་ཐེངས་གཉིས་ལ་རྒྱ་གར་གྱི་སྲིད་བློན་གནང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese