མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་བོད་ནང་གི་ས་ཡོམ་གོད་ཆག་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གི་བསྐྱར་གསོའི་ལས་གཞིའི་ཁྲོད་བོད་མིའི་སྲོལ་རྒྱུན་གྱི་དགོས་མཁོ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བསམ་ཞིབ་དགོས་པའི་འབོད་སྐུལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༡

ཁ་སང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དིང་རིར་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ། དུས་སྐབས་འདིར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མཐུན་སྒྲིལ་གྱི་ནུས་པ་མངོན་ཐུབ་པ་དང་། ས་མཚམས་ལས་བརྒལ་བའི་ལས་འགུལ་མང་པོ་ཞིག་སྤེལ་ཐུབ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨོན་ལམ་གསོག་སྒྲུབ་བྱས་པ་མ་ཟད། བོད་ནང་གི་བོད་རིགས་སྤུན་ཟླ་ཚོས་གནོད་སྐྱོན་ཐེབས་པའི་ཁྱིམ་ཚང་རྣམས་ལ་མྱུར་སྐྱོབ་རོགས་དངུལ་དང་། མཁོ་ཆས་བགོ་འགྲེམས་ཀྱི་ལས་གཞི་སྤེལ་བཞིན་ཡོད། འགྲོ་བ་མིའི་དོན་སྙིང་དང་ལྡན་པའི་རོགས་རག་བྱེད་པ་འདིས་བོད་མི་རིགས་ཀྱི་སྙིང་སྟོབས་དང་། བོད་མིའི་མཐུན་སྒྲིལ། དེ་བཞིན་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་སྡུག་བསྔལ་སེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཐུབ་ཀྱི་ཡོད།

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དགོན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བོད་ནང་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་མཆོད་འབུལ་སྨོན་ལམ་འཚོགས་གནང་ཡོད་ཅིང་། སྐབས་དེར་བོད་མི་སྟོང་ཕྲག་མང་པོས་མཉམ་ཞུགས་བྱས་ཡོད། བཀྲ་ཤིས་ལྷུན་པོ་དགོན་པ་ནི་བོད་གཞིས་ཀ་རྩེ་དང་། ༧པཎ་ཆེན་རིན་པོ་ཆེའི་གདན་ས་དང་འབྲེལ་བ་ཡོད་པས་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་བོད་མི་རྣམས་ལ་ཁོང་གི་ཞལ་མཇལ་ཐུབ་ཚེ་སེམས་གསོ་དང་རེ་བ་ཆེན་པོ་སྦྱིན་ཐུབ་རྒྱུ་རེད། དེ་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དྷ་རམ་ས་ལར་མཆོད་འབུལ་སྨོན་ལམ་གོ་སྒྲིག་བྱེད་ཡོད་པ་དེས། ས་ཡོམ་གྱི་གོད་ཆག་ལ་ང་ཚོས་གཅིག་གྱུར་གྱི་ཡ་ལན་ཞིག་ཀྱང་སྤྲོད་ཀྱི་ཡོད་པ་མཚོན་ཐུབ་ཅེས་གསུངས་འདུག

རྒྱ་གཞུང་གིས་གནོད་ཐེབས་ས་ཁུལ་དུ་འགྲོ་བར་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་དང་འབྲེལ་ནས་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་ས་ཁུལ་དེ་དག་ཏུ་དམ་དྲག་ནན་པོ་བྱས་དང་བྱེད་མུས་ཡིན་པ་དེས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་དང་། མྱུར་སྐྱོབ་ཀྱི་ལས་གཞི་འདང་ངེས་ཡོད་མེད་ཞིབ་འཇུག་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། དེར་བརྟེན། རྒྱ་ནག་གིས་རྒྱལ་སྤྱིའི་རོགས་སྐྱོར་ཚན་པའི་ཚོགས་པ་ཁག་དང་། གསར་འགོད་པ་རྣམས་ལ་དམ་དྲག་མེད་པར་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་དེ་ཕྱི་གསལ་ནང་གསལ་ཡོད་པ་ངེས་པར་དུ་བཟོ་དགོས་ལ། དེས་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་རྒྱུ་དང་གནས་སྟངས་ལ་ལྟ་རྟོག་བྱ་རྒྱུར་གལ་ཆེན་པོ་ཆགས་ཀྱི་ཡོད། ང་ཚོས་རྒྱ་གཞུང་ལ་བསྐྱར་གསོའི་ལས་གཞིའི་ནང་བོད་མིའི་སྲོལ་རྒྱུན་གྱི་དགོས་མཁོ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བསམ་ཞིབ་བྱེད་དེ་འོས་ཤིང་འཚམ་པའི་རོགས་རམ་དང་མཐུན་རྐྱེན་སྦྱོར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འབྱུང་འགྱུར་རང་བྱུང་རྐྱེན་ངན་འགོག་ཐབས་སུ་གྲ་སྒྲིག་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། གཞུང་། གྲོས་ཚོགས། དེ་བཞིན་དཔོན་རིགས་ཁག་དང་། མི་སྒེར་སོགས་ཀྱིས་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་སེམས་འཚབ་དང་། ངལ་སེལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་ནང་གི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་བཀོད་པར་དམ་དྲག་ཤུགས་ཆེན་ཡོད་ཀྱང་། དེ་འབྲེལ་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ཡི་རངས་བསྔགས་བརྗོད་བྱ་རྒྱུ་ཡིན། གོ་ལ་ཡོངས་ཀྱི་གདུང་སེམས་མཉམ་སྐྱེད་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་ཁྱབ་སྤེལ་བྱས་པར་བརྟེན། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐེར་འདོན་དང་གདོང་ལེན་བྱ་རྒྱུར་ཕན་ནུས་ཆེན་པོ་ཡོད་པ་རེད། ཅེས་གསུངས་བ་དང་འབྲེལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་གསལ་བསྒྲགས་ཁག་ཅིག་གི་ནང་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ཐ་སྙད་བེད་སྤྱོད་བྱེད་པར་སེམས་འཚབ་ཡོད། དེ་ཡང་། བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བཀོལ་སྤྱོད་བྱས་པ་ནི་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་དང་། རྒྱ་ནག་གི་དྲིལ་བསྒྲགས་ལ་གནས་ཚུལ་རྫུན་གཏམ་ཁྱབ་སྤེལ་བྱེད་པའི་ལག་ཆ་ཞིག་ཀྱང་རེད། དེར་བརྟེན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། གཞུང་གིས་གནས་ཚུལ་ཁྱབ་སྤེལ་བྱེད་སྐབས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རིག་གཞུང་ལ་བརྩི་བཀུར་གནང་བའི་ཐོག་ནས་བོད་ཀྱི་ས་གནས་ཀྱི་མིང་རྣམས་ཚད་ལྡན་བེད་སྤྱོད་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་འདུག

ད་ལན་ས་ཡོམ་གོད་ཆག་ཁྲོད་དིང་རིའི་གྲོང་ཚོ་རེ་ཟུང་ནང་ཁང་པ་ཞིག་རལ་དུ་ཕྱིན་མེད་པ་གཅིག་ཀྱང་ལྷག་མེད་ལ།  ཡུལ་དངོས་ཀྱི་པར་རིས་ཁག་ཏུ་ཁང་པ་ཐོག་རྩེག་ཅན་མང་པོར་ལྕགས་ཀ་མེད་པ་སོགས་འཛུགས་སྐྲུན་རྒྱུ་སྤུས་ཞན་ལ། ཉེན་ཁ་ཆེན་པོ་ཡིན་པ་གསལ་པོ་མཐོང་ཐུབ་པར་བརྟེན། སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་ནང་དུ། ཉེ་བའི་ཆར་བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བའི་རྐྱེན་གྱིས། རྒྱ་ནག་གིས་བོད་ནང་ཡུན་རིང་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་གིས་བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུའང་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་ལ། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་པར་ཁ་གཡར་ཏེ་ཚད་ལས་འདས་པའི་ཆུ་མཛོད་གསར་རྒྱག་དང་། གཏེར་ཁ་སྔོག་འདོན། དེ་བཞིན་ཁོར་ཡུག་ལ་གནོད་པའི་ལས་གཞི་མང་དག་ཅིག་སྤེལ་བ་དེས་ཁུལ་དེར་ས་ཡོམ་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་མུས་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་གྱི་སྲིད་ཇུས་དང་ལག་བསྟར་བྱེད་ཕྱོགས་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས།

ང་ཚོས་བོད་ནང་གི་བོད་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་དུ་གནོད་འཚེ་ཕོག་པའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་འདེབས་བཞིན་ཡོད་ལ། ང་ཚོས་མུ་མཐུད་དུ་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱེད་ཀྱི་ཡིན། ང་ཚོས་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་དང་། རང་དབང་། བདེ་འཇགས་ལ་བརྩི་བཀུར་དང་། ཕྱི་གསལ་ནང་གསལ་དང་ཆེ་མཐོང་། འགན་ཁུར་ལྡན་པའི་ཐོག་ནས་ཞུ་གཏུག་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese