མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྐོར་གསུངས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ལགས་ཀྱིས་རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྐོར་སོགས་གསུངས་འདུག་ལ་ངེས་འཛིན་དེ་ཨ་རིའི་སྲིད་གཞུང་རིམ་པའི་ངོས་ནས་བྱུང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་སྟེང་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། དྲ་ལམ་གྱི་པར།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་ (Donald Trump) མཆོག་གིས་མ་འོངས་གཞུང་འཛིན་ཁྲོད་གོ་གནས་མཐོ་གྲས་བཞེས་མཁན་གྱི་མཚན་གཞུང་ཡོངས་བསྒྲགས་གནང་བའི་ནང་། གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་རྒྱལ་ཁབ་དེའི་ཕྱི་སྲིད་བློན་ཆེན་དུ་མཚན་འདོན་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་སྟེང་། གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་ལགས་ཀྱིས། ཨི་ཛི་རལ་དང་ཧ་མ་སི་བར་གྱི་དམག་འཁྲུག་དང་། ཨུ་རུ་སུ་དང་ཡུ་ཁུ་རེན་གྱི་དམག་འཁྲུག དེ་བཞིན་དཀྱིལ་ཤར་ས་ཁུལ་དང་། ཡུ་རོབ་ཤར་ཕྱོགས་ཁུལ་གྱི་དཀའ་རྙོག གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་དང་། རྒྱ་ནག་ནི་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཉེན་བརྡ་བཏང་། གལ་ཏེ་ཨ་རིས་སྲིད་ཇུས་ལ་འགྱུར་བ་མ་གཏང་ཚེ། མ་འོངས་ལོ་བཅུའི་ནང་དུ་ང་ཚོའི་བདེ་འཇགས་དང་འཕྲོད་བསྟེན་སོགས་ཉིན་རེའི་འཚོ་བའི་དགོས་མཁོ་མཐའ་དག་རྒྱ་ནག་ལ་བརྟེན་དགོས་པ་དང་། རྒྱ་ནག་གིས་ཆོག་མཆན་སྤྲོད་མིན་ལ་རག་ལས་ཀྱི་ཡོད་པར་བརྟེན། ཨ་རིའི་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་གནད་དོན་གཙོ་བོར་འཛིན་དགོས་པ་དེ་གལ་ཆེ་བ་དང་། བཟོ་ལས་ཀྱི་ནུས་པ་སླར་གསོ་དགོས་པ། དེ་བཞིན་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་མཁན་དང་ལྷན་དུ་འབྲེལ་ལམ་ཇེ་ཉུང་དུ་གཏོང་དགོས་སྐོར་སོགས་གསུངས་འདུག

གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་ལགས་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཨ་རིར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ད་ལྟའི་ཆར་རྒྱ་ནག་ནི་ཨ་རིའི་ཆབ་སྲིད་གཙོས་འཕྲུལ་རིག་དང་། དམག་དོན་གྱི་ནུས་པ། དེ་བཞིན་དཔལ་འབྱོར་དང་ཚན་རིག་སོགས་འགྲན་ཟླ་མཚུངས་པ་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་དེ་ཨ་རིར་ཆེས་ཉེན་ཁ་ཆེ་བ་དང་། གལ་ཏེ་ཨ་རིའི་གཞུང་མང་གཉིས་ཀྱིས་མུ་མཐུད་རྒྱ་ནག་ཐོག་བཞེངས་ཕྱོགས་དང་། སྲིད་ཇུས་ཁག་ཅིག་ལ་འགྱུར་བ་མ་གཏང་ཚེ། དུས་རབས་ཉེར་གཅིག་པའི་ནང་རྒྱ་ནག་དེ་ཨ་རིའི་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་ཆེ་ཤོས་བཟོ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག་ལ། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཐད་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་བྱ་རྒྱུ་མེད་སྐོར་གསུངས་ལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དབང་ཤུགས་རྒྱ་སྐྱེད་བཏང་སྟེ་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་དང་ཉེན་ཁ་བཟོ་ཡི་ཡོད་པ་གསལ་པོ་ཡིན་ལ། ཨ་རིའི་སྲིད་གཞུང་རིམ་པའི་ངོས་ནས་ཀྱང་རྒྱ་ནག་ཨ་རིའི་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་ཡོད་པ་རེད། ཡིན་ནའང་། རྒྱ་ནག་ལ་ཚོང་འབྲེལ་སོགས་གཅོད་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད་སྟབས་མུ་མཐུད་ཚོང་འབྲེལ་ཁེ་དབང་འདྲ་མཉམ་ཡོང་ཐབས་ཤིག་ལ་འབད་བརྩོན་གནང་བཞིན་ཡོད་པ་རེད།

ད་དུང་ཁོང་གིས། འདས་པའི་ལོ་འགའི་ནང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་གྱི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པ་དང་། ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་གནད་དོན་ཐེར་འདོན་དང་། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་སོགས་ཡར་རྒྱས་འགྲོ་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཏེ། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་བྱ་སྤྱོད་མཐའ་དག་ལ་སྣང་མེད་བཏང་བ་སོགས་ལ་བརྟེན་ནས་རྒྱ་ནག་ནི་རྒྱལ་ཁབ་མང་པོ་ཞིག་གི་ཚོང་རོགས་ཆེ་ཤོས་དང་། དཔལ་འབྱོར་གྱི་དབང་ཤུགས་རྒྱ་ཆེར་སྤེལ་བཞིན་ཡོད་པ་གསལ་སྟོན་དང་། ཨ་རིའི་གཞུང་མང་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་ཕྱི་འབྲེལ་དང་ཚོང་འབྲེལ་གྱི་ཐབས་ཇུས་གསར་པ་ཞིག་དགོས་གལ་ཆེ་སྐོར་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་བྱ་སྤྱོད་ངན་པ་རྣམས་ལ་གདོང་ལེན་ནན་པོ་བྱ་དགོས་གལ་ཆེ་བ་སྐོར་སོགས་གསུངས་འདུག

མཱར་ཁོ་རུ་བྷི་ཡོ་ལགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༥ ཚེས་ ༢༨ ཉིན་ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཌ་ (Florida) རུ་ཡོད་པའི་མི་ཡ་མཱི་ (Miami) གྲོང་ཁྱེར་དུ་སྐྱེས་ཤིང་། ཆུང་དུས་ནས་མི་ཡ་མཱི་མཐོ་རིམ་སློབ་གྲྭ་ (South Miami Senior High School) རུ་སློབ་སྦྱོང་བྱས། དེ་ནས་ཕྱི་ལོ་ ༡༩༩༣ ལོག་ཧྥོ་ལོ་རི་ཌ་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་ཚན་རིག་ཐོག་སློབ་སྦྱོང་བྱས་ཏེ་སྒྱུ་རྩལ་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༦ ལོར་མི་ཡ་མཱི་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་ཁོང་ཧྥོ་ལོ་རི་ཌ་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ཧྥོ་ལོ་རི་ཌ་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༠ ནས་བཟུང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་ཡོད་འདུག ༢༠༡༥ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས། ཕྱི་ལོ་ ༢༠༡༦ ཟླ་ ༣ པའི་ནང་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཌོ་ནམ་ཊོམ་ཕུ་ལས་ཕམ་ཉེས་བྱུང་རྗེས། སླར་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཌོ་ནལ་ཊོམ་ཕུ་མཆོག་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ལགས་ཨ་རིིའི་གཞུང་འཛིན་གསར་པའི་ནང་དུ་ཕྱི་སྲིད་བློན་ཆེན་གྱི་འོས་མིར་མཚན་འདོན་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese