མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ནས་སྐུ་ཞབས་ཀི་ཤན་ཀ་པུར་ལགས་ཀྱི་ནང་མིར་ཐུགས་གསོ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ལགས་ཀྱི་ནང་མིར་ཐུགས་གསོ་གནང་།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་པན་ཇབ་དང་ཧར་ཡ་ན་གཉིས་ཀྱི་རྒྱལ་ས་ཅན་དྷི་གྷར་ནས། ཡུན་རིང་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་བཞུགས་སྒར་དྷ་རམ་ས་ལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (kishan kapoor) ལགས་དགུང་གྲངས་ ༧༣ སྟེང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ལགས་སུ་ཐུགས་གསོའི་གསུང་འཕྲིན་ཕུལ་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ལགས་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཁོང་གིས་༸གོང་ས་མཆོག་ལ་གུས་བཀུར་གཏིང་ཟབ་བྱས་པའི་བཀའ་དྲིན་དྲན་ཤེས་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ང་ཚོས་འདས་པོ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག

སྤྱི་འཐུས་ཚོགས་གཞོན་མཆོག་གི་ཐུགས་གསོའི་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཀི་ཤན་ཀ་པུར་ (Shri Kishan Kapoor) ལགས་འདས་གྲོངས་སུ་གྱུར་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

ང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཆ་ཤས་ཐོག་ནས་ཁོང་དང་ཐེངས་མང་རིང་མཇལ་རྒྱུའི་སྐལ་བ་བྱུང་། སྐབས་དེ་དག་རིང་ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བརྟན་པོ་གནང་བ་དེ་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན། ངས་ཀྱང་གོ་སྐབས་འདི་བརྒྱུད་ནས་སྐུ་ཞབས་ཀི་ཤན་མཆོག་ནས་ང་ཚོའི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་རླབས་ཆེན་ཞུས་པ་དུས་རྟག་ཏུ་དྲན་གསོ་ཞུ་རྒྱུ་ཡིན། ང་ཚོས། ཁོང་གིས་བདེན་པ་དང་དྲང་བདེན་ལ་ཕུལ་བའི་ཞབས་འདེགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཅེས་དང་། མཐར་ཁྱེད་ཀྱི་ནང་མིར་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་འདེབས་རྒྱུ་ཡིན། ཞེས་གསུངས་འདུག

ད་ལྟ་དགུང་ལོ་ ༧༣  ཡིན་པའི་སྐུ་ཞབས་ཀི་ཤན་ཀ་པུར་ལགས་ཕྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༧ བར་སྐབས་ལྔའི་རིང་དྷ་རམ་ས་ལའི་བྷི་ཇི་པུ་སྲིད་དོན་ཚོགས་པའི་འཐུས་མི་བཞེངས། ཕྱི་ལོ་ ༢༠༡༩ ནས་ ༢༠༢༤ བར་རྒྱ་གར་དབུས་གྲོས་ཚོགས་འཐུས་མིར་གྱུར། ཕྱི་ལོ་ ༡༩༧༠ ཙམ་ནས་ཆབ་སྲིད་ནང་ཞུགས་ཏེ། ཧི་མ་ཅལ་མངའ་སྡེའི་བྷི་ཇི་པུ་སྲིད་དོན་ཚོགས་པའི་མགོ་ཁྲིད་དང་། འགྲིམས་འགྲུལ་དང་གྲོང་གསེབ་དར་རྒྱས། གྲོང་ཚོ་དང་རྒྱལ་ཁབ་འཕེལ་རྒྱས། བཟོ་སྐྲུན་དང་ངལ་རྩོལ། ཟས་རིགས་དང་འོས་བསྡུ་སོགས་གནས་བབ་འདྲ་མིན་གྱི་བློན་ཆེན་གནང་མྱོང་། ཁོང་དྷ་རམ་ས་ལ་ནས་འཁྲུངས་ཤིང་། ༧གོང་ས་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་ལ་རྒྱུས་མངའ་ཟབ་ཅིང་འབྲེལ་ལམ་གཏིང་ཟབ་ཡོད་མཁན་ཞིག་ཡིན་པ་མ་ཟད། ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྱི་གྲས་དང་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་ཞིག་ཀྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese