མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་ཀྱི་མིང་དང་རིག་གཞུང་ནག་གསུབ་གཏོང་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་དུས་དྲན་གྱི་ཉིན་མོ་དང་བསྟུན་རྒྱ་གཞུང་གིས་བོད་ཀྱི་མིང་དང་རིག་གཞུང་ནག་གསུབ་གཏོང་མཚམས་འཇོག་དགོས་སྐོར་བགྲོ་གླེང་གནང་སོང་།

བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོལ་ནང་གི་བོད། ནག་བསུབ་དང་འགོག་རྒོལ། ཞེས་པའི་བཞུགས་མོལ་བགྲོ་གླེང་འཚོགས། དུས་བབ་ཀྱི་པར། ༢༠༢༥།༠༢།༡༣

དེ་རིང་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་བསྟུན། དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་ཕུན་ཚོགས་ཁང་གསར་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོལ་ནང་གི་བོད། ནག་བསུབ་དང་འགོག་རྒོལ། ཞེས་པའི་བཞུགས་མོལ་བགྲོ་གླེང་འཚོགས་ཡོད་ཅིང་།བགྲོ་གླེང་ཐོག་ཏུ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། བོད་ཀྱིི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས། དྷ་ས་ཁུལ་གྱི་ཚོགས་སྡེ་ཁག་གི་མི་སྣ་དང་ཉམས་ཞིབ་པ་བཅས་མཉམ་ཞུགས་གནང་སོང་།

ཐེངས་འདིའི་བགྲོ་གླེང་སྐོར་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས། དེ་རིང་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་ཉིན་མོར་བོད་ཡུན་གནས་ཐུབ་དགོས་ཞེས་པའི་བགྲོ་གླེང་གནང་བ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག རྒྱ་གཞུང་གིས་ཐབས་ཇུས་མང་པོ་ཐོག་བོད་ནང་འགྱུར་བ་གཏོང་བཞིན་ཡོད་པ་ལྟར། བོད་ཀྱི་མིང་དེ་མི་མང་གི་ཀླད་པའི་ནང་མེད་པོ་བཟོ་བའི་ཐབས་ཇུས་ངན་པ་འཐེན་བཞིན་ཡོད།  དེ་ནི་རྒྱ་གཞུང་གིས་ཐབས་ཇུས་འཐེན་པ་ཙམ་མིན་པར་ད་ལྟ་བེད་སྤྱོད་གཏོང་བཞིན་པ་གསལ་བོ་ཡིན་དུས། ངས་གཏམ་བཤད་ནང་དུ་རྒྱ་གཞུང་བཀག་པ་ག་འདྲ་བྱེད་དགོས་པ་ཆགས་ཡོད། རྒྱ་གཞུང་གིས་ཧྥ་རན་སི་དང་དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་མིང་བསྒྱུར་བྱས་ཏེ་བེད་སྤྱོད་བྱས་ཡོད། དེ་བཞིན་པ་ཁི་སི་ཐན་དང་བལ་ཡུལ་གཞུང་ལ་འབྲེལ་བ་བྱེད་སྐབས་བོད་ཀྱི་མིང་བསྒྱུར་ཡོད། བརྒྱུད་ལམ་དེ་དག་ངོ་ཤེས་པའི་ཐོག་ནས་བོད་ཀྱི་མིང་བསྒྱུར་བྱེད་པར་འགོག་དགོས་རྒྱུ་གལ་ཆེན་པོ་རེད། བགྲོ་གླེང་འདི་བརྒྱུད་ནས་ང་ཚོས་རྒྱ་ནག་གིས་ China Xizang སོགས་མིང་བེད་སྤྱོད་བཀག་པ་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གཏམ་བཤད་ཀྱི་བརྗོད་གཞི་སྐོར་ལ་དྲིས་པར་ཁོང་གིས། རྒྱ་གཞུང་གིས་དབྱིན་ཡིག་གི་མིང་ Tibet ཚབ་ཏུ་xizang ཟེར་བ་བེད་སྤྱོད་བཏང་སྟེ་བོད་ཀྱི་མིང་དང་རིག་གཞུང་བཅས་པ་ནག་གསུབ་ཏུ་གཏོང་བཞིན་པར་གདོང་ལེན་བྱེད་ཕྱོགས་ཐོག་བགྲོ་གླེང་བྱས་པ་རེད། ངས་རྒྱ་ཡིག་ནང་xizang ཟེར་བའི་མིང་གི་བྱུང་རིམ་དང་གོ་དོན་སོགས་བཤད་པ་ཡིན། ཐེངས་འདིའི་བརྗོད་གཞི་འདི་གལ་ཆེན་པོ་རེད། རྒྱ་གཞུང་གིས་འཛམ་གླིང་ཐོག་བོད་ཀྱི་ཆེད་དུ་ལོ་མང་པོ་རིང་ Tibet དང་ Xizang ཟེར་བའི་ཐ་སྙད་བེད་སྤྱོད་བྱེད་བཞིན་ཡོད་པའི་ཐོག་ནས་ཀྱང་གལ་ཆེན་པོ་ཡིན་པ་གསལ་བོ་རེད། རྒྱ་གཞུང་གིས་ལོ་བཅུ་ཕྲག་མང་པོའི་སྔོན་ནས་དམིགས་ཡུལ་ཡོད་པའི་ཐོག་དཔྱད་རྩོམ་སོགས་ཀྱི་ཐོག་ Xizang བེད་སྤྱོད་བཏང་སྟེ་ད་ལྟ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་རེད། མིང་བསྒྱུར་བའི་རྒྱབ་ལྗོངས་སུ་བོད་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གཞུང་སོགས་མཉམ་དུ་ནག་གསུབ་དུ་འགྲོ་བཞིན་ཡོད། རྒྱ་གཞུང་གི་དམིགས་ཡུལ་དེ་ཧ་ཅང་ངན་པ་རེད། དམིགས་ཡུལ་ངན་པ་དེར་ང་ཚོས་གདོང་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་མཁས་པ་རྣམས་ཀྱི་ངོས་ནས་བགྲོ་གླེང་དང་། དབྱེ་ཞིབ། དངོས་ཡོད་ཀྱི་ལོ་རྒྱུས་གནས་སྟངས་གང་ཡིན་པ་ཐེར་འདོན་སོགས་བོད་མི་རྣམས་ཀྱིས་ཐབས་ལམ་འདྲ་མིན་ཐོག་རང་ཉིད་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། ཞེས་འགྲེལ་བརྗོད་གནང་བྱུང་།

བོད་ཡུན་གནས་ཐུབ་དགོས། གོ་ལའི་གླེང་མོལ་ནང་གི་བོད། ནག་བསུབ་དང་འགོག་རྒོལ། ཞེས་པའི་བཞུགས་མོལ་བགྲོ་གླེང་འཚོགས། དུས་བབ་ཀྱི་པར། ༢༠༢༥།༠༢།༡༣

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱི་གཏམ་བཤད་བརྗོད་གཞི་སྐོར་ལ་དྲིས་པར་ཁོང་གིས། ཉེ་ལམ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་ཏེ་དབྱིན་སྐད་ཐོག་ tibet ཞེས་པར་ xizang དུ་བསྒྱུར་བའི་ཐབས་ཤེས་ངན་པ་གཏོང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གྱི་ཚགས་པར་ཁག་མང་པོར་དེ་ལྟར་བྱེད་བཞིན་ཡོད་པའི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་གནས་སྟངས། ད་ལྟའི་ཆར་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། རྒྱ་གར། ཤྲི་ལིང་ག ཨ་ཧྥི་རི་ཁ་སོགས་སུ་མི་སེར་སྤེལ་ཡུལ་ལམ་ལུགས་ཐོག་མིང་བསྒྱུར་ག་འདྲ་བྱེད་ཡོད་པའི་རྒྱབ་ལྗོངས་དང་། ལོ་རྒྱུས་ནག་གསུབ་བཏང་པའི་གདོང་ལེན་བྱེད་ཕྱོགས། ཉེ་ལམ་ཧྥ་རན་སི་དང་དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་ལ་ལས་འགུལ་སྤེལ་གྲུབ་འབྲས་སོགས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ཡག་པོ་བྱུང་སོང་།  རྒྱ་ནག་གི་ཐབས་ཇུས་དེ་ང་ཚོས་ཤེས་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་ཏེ་ལོ་ ༧༠  འཁོར་བཞིན་ཡོད། དེ་སྔ་རྒྱ་ནག་གིས་དབྱིན་ཡིག་ཐོག་ China’s Tibet ཞེས་པ་བྲིས་ཡོད་ཀྱང་། དབྱིན་ཡིག་ཐོག་ China Xizang ཞེས་བསྒྱུར་བ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་ཏེ་ལོ་ ༧༠ འཁོར་བཞིན་ཡོད་ཀྱང་། ད་དུང་རྒྱ་ནག་གཞུང་ལ་གདེང་ཚོད་མེད་པར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་དྲིལ་སྒྲོག་ཤུགས་ཆེན་བྱེད་བཞིན་ཡོད་པར་བདེན་པ་མེད་པ་བསྟན་ཡོད། ཕྱི་རྒྱལ་གྱི་བོད་མི་ཚོ་བདེན་པ་ར་སྤྲོད་བྱེད་མཁན་ཆགས་ཡོད་དུས། གསར་ཁང་དང་འགྲེམས་སྟོན་ཁང་སོགས་ལ་བོད་མི་ཡོད་དོ་ཅོག་གིས་གདོང་ལེན་བྱེད་དགོས་པ་ངོས་འཛིན་ཐོབ་པའི་ཐོག་ནས་བགྲོ་གླེང་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་བགྲོ་གླེང་བ་རྣམས་ཀྱིས་ཐུན་མོང་ཐོག་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།བོད་ལ་ཤིས་ཙང་དང་། ཀྲུང་གོའི་ནུབ་ཕྱོགས། ཀྲུང་གོའི་བོད། ཅེས་པའི་ཐ་སྙད་བེད་སྤྱོད་གཏོང་རྒྱུར་དགག་བྱ་བྱེད་དགོས་པ་དང་། འཛམ་གླིང་ས་ཁྲའི་སྟེང་དུ་བོད་ཀྱི་མཚོན་དོན་ངེས་པར་དུ་མ་ནོར་བར་འགོད་དགོས། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཐབས་མཚམས་འཇོག་དགོས། བོད་རྒྱ་བསྒྱུར་གྱི་རྒྱ་ནག་གི་སྲིད་བྱུས་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གོ་རྟོགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་བཅས་འཁོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese