མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཚོར་ཤུགས་ཆེན་པོས་བོད་དོན་གཏམ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླེང་སྟེགས་ཐོག་ཁོང་མོ་སྤུན་མཆེད་གཉིས་ལ་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་བའི་མྱོང་ཚོར་འགྲེལ་བརྗོད་བྱས་ཏེ་ལོ་རྒྱུས་དེ་ནི་ཁོང་མོ་གཅིག་པུའི་ལོ་རྒྱུས་མིན་པར་རྒྱའི་བཙོན་ཁང་དུ་བཅུག་པའི་བོད་མི་ཡོངས་ཀྱི་ལོ་རྒྱུས་ཡིན་སྐོར་གཏམ་བཤད་གནང་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་། ༢༠༢༥།༠༢།༡༨ རྒྱལ་ཚོགས་ཀྱི་བརྙན་ངོས་པར།

ཁ་སང་ཕྱི་ཚེས་ ༡༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གི་བཙོན་ཁང་དུ་ཁོང་སྤུན་མཆེད་གཉིས་ལ་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་བའི་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་གི་བོད་མི་རྣམས་ལ་ཚད་ལས་འདས་པའི་བཙན་གནོན་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་སོགས་ཀྱི་ཐད་ཚོར་ཤུགས་ཆེན་པོས་གཏམ་བཤད་གནང་འདུག

ཁོང་མོའི་གཏམ་བཤད་མགོ་འཛུགས་མ་བྱས་པའི་གོང་དུ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་ཁོང་མོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ། ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་སྐད་གསང་མཐོན་པོས་སྐད་འབོད་གནང་བ་དང་བསྟུན། རྒྱབ་ལྗོངས་ཀྱི་བརྙན་རས་ངོས་སུ་ཕྱི་ལོ་ ༢༠༡༥ ལོར་ཁོང་མོ་དང་ནུ་མོ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པའི་བརྙན་ཐུང་དེ་གཟིགས་འབུལ་ཞུས་སོང་།

དེ་ནས་ཁོང་མོས་གཏམ་བཤད་མགོ་འཛུགས་བྱས་ཏེ། ང་ནི་བོད་ཨ་མདོ་ནས་ཡོང་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་ང་དང་ངའི་ནུ་མོ་བསྟན་འཛིན་སྒྲོལ་མ་ངེད་གཉིས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་ཞིག་སྤེལ་བ་ཡིན། སྐབས་དེར་ངེད་གཉིས་ལོ་བཅོ་ལྔ་ཡིན་ཡང་། རྒྱ་ནག་གཞུང་གིས་ལག་ལྕགས་བརྒྱབ་ནས་བཙོན་ཁང་དུ་བཅུག་ཐལ། རྒྱ་ནག་གཞུང་གི་ཉེན་རྟོག་པ་དེ་དག་གིས། ངེད་གཉིས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གི་ཚོགས་པས་མངགས་པ་ཡིན་ནམ་ཟེར་ནས་འགྲམ་ལྕག་གཞུས་ཏེ་གཅར་རྡུང་བྱས་སོང་ལ། ཉིན་ཞག་དྲུག་ལ་གཉིད་ཁུག་ཏུ་མ་བཅུག་པར་གཅར་རྡུང་ཚད་མེད་བཏང་བྱུང་། སྐབས་དེར་གལ་སྲིད་ང་ཤ་ཞིག་ཡིན་ན་ཚོས་སོང་། མར་ཞིག་ཡིན་ན་ཞུ་སོང་ཡོད། དེ་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་རིང་ང་དང་བསྟན་འཛིན་སྒྲོལ་མ་བཙོན་ཁང་ཁ་ཁར་བཞག་སྟེ། ལོ་གཅིག་ལྷག་གི་རིང་རྒྱ་ནག་གི་བཙོན་པ་ཚོས་ཕན་ཚུན་སྐད་ཆ་བཤད་ཆོག་ཀྱང་། ངས་བཙོན་པ་གཞན་སུ་ལའང་སྐད་ཆ་བཤད་མི་ཆོག་པར་བཙོན་འཇུག་ནན་མོ་བྱས་སོང་། ཞེས་བརྗོད་འདུག

ཡང་ཁོང་མོས། རྒྱ་ནག་གཞུང་གི་བཙོན་འོག་ནས་སྨན་རྫས་བཏབ་པའི་ཟ་མ་ཧ་ཅང་ཞན་པའི་ཁར། དུས་དང་དུས་ཚོད་མཐུད་ནས་ངལ་རྩོལ་གྱི་ལས་ཀ་བྱེད་དུ་འཇུག་གི་འདུག བཙོན་ཁང་ནང་དུ་བོད་མི་བཙོན་པ་རྣམས་དམིགས་བསལ་གྱིས་ལྟ་ཞིབ་ནན་མོ་དང་མི་རིགས་དབྱེ་འབྱེད་ཀྱི་གཉའ་གནོན་ཤུགས་ཆེན་བྱས་སོང་།  ད་ལྟ་ངས་ཤོད་བཞིན་པ་དེ་ང་གཅིག་པུའི་ལོ་རྒྱུས་མིན། དེ་ནི་རྒྱ་ནག་གཞུང་གི་འོག་ནས་དཀའ་སྡུག་མྱངས་ཟིན་པ་དང་མྱོང་མུས་ཡིན་པའི་བོད་མི་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡིན། ཞེས་དང་། རྒྱ་ནག་གིས་བཙོན་འོག་ཏུ་ངལ་རྩོལ་གྱི་ལས་ཀ་བྱེད་དུ་འཇུག་སྐབས། རང་གི་གཟུགས་པོའི་གནས་སྟངས་ཞན་པ་དང་ཟས་བཅུད་ཀྱིས་འདང་གིན་མེད་པའི་གནས་སྟངས་གསལ་པོ་ཤེས་ཀྱི་འདུག་ཀྱང་། ང་ཚོ་འགྲོ་འདུག་གི་རང་དབང་གང་ཡང་མེད་པར་སྡོད་ཐེངས་གཅིག་ལ་ཡར་མར་འགུལ་མི་བཅུག་པར་ཡུན་རིང་ངལ་རྩོལ་ཀྱི་ལས་ཀ་བྱས་བཅུག་སོང་། ཞེས་བརྗོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་། ༢༠༢༥།༠༢།༡༨ རྒྱལ་ཚོགས་ཀྱི་བརྙན་ངོས་པར།

ཁོང་མོས་མུ་མཐུད། བཙོན་ཁང་དུ་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཚུད་པའི་དམར་ཤོག་གི་ཆབ་སྲིད་སློབ་གསོའི་ཡིག་རིགས་སྣ་ཚོགས་བཙན་གྱིས་བློར་འཛིན་བྱེད་དུ་བཅུག་པ་དང་། བཙོན་ཁང་གི་མགོ་ཁྲིད་ཚོས་རྒྱལ་ཁབ་ཁ་བྲལ་བ་རེད་ཟེར་ནས་སྡང་སེམས་ཀྱི་མིག་ཟུང་བགྲད་ཀྱི་ཡོད་པ་མ་ཟད། རྣམ་འགྱུར་མི་ལེགས་ལུགས་སོགས་བཤད་ནས་གཅར་རྡུང་ཚད་མེད་བཏང་བའི་སྐོར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་གཏོང་སྐབས། རྔ་བ་རྫོང་གི་ཉེན་རྟོག་པ་སོགས་ཡོང་ནས། རྗེས་ཕྱོགས་མི་རིགས་ཁ་བྲལ་ཟེར་བ་ཞིག་གི་ལས་འགུལ་སྤེལ་མི་ཉན་པའི་འཇིགས་སྐུལ་དང་། དངོས་ཤུགས་བརྒྱུད་གསུམ་ནས་སོ་ཉུལ་དང་ལྟ་རྟོག་བྱས་རྐྱེན་ལུས་སེམས་གཉིས་ལ་དཀའ་ངལ་མང་དག་ཅིག་འཕྲད་ཡོད་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༤ བར་ཉིན་གྲངས་ལྔའི་རིང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རང་ཉིད་ལ་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་དང་། སུད་སིར་ཡོད་པའི་རྒྱལ་ཁབ་དག་གི་གནད་ཡོད་མི་སྣ་དང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་མི་སྣ་སོགས་ལ་བོད་དོན་དང་འབྲེལ་བའི་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་འདུག

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནི་བོད་རྔ་བ་རྫོང་གཅའ་རོ་ཡུལ་ཚོའི་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ཁོང་མོ་སྤུན་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་རྐྱེན།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གཡོགས་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་།  ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ ཉིན་ཁོང་མོའི་གཉེན་འབྲེལ་ཚེ་རིང་སྐྱིད་དང་ལྷན་དུ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བསླེབས། ད་ལྟ་ཁོང་གཉིས་ཀྱིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༦ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese