མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༡ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་དང་མཚན་གནས་རྗེས་འབྲེལ་གྱི་མཛད་འཕྲིན་ཁག

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤-༢༠༢༥ ལོའི་༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་གསལ་བསྒྲགས་བྱས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༣ མགོ་ཙམ་ལ་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པས། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གསལ་བསྒྲགས་གནང་། སློབ་ཡོན་ཁྲོད་ཡུ་རོབ་དང་ཨ་རི། ཨོ་གླིང་། རྒྱ་གར་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་མ་རྣམས་ནས་ཆ་ཤས་གོ་སྐབས་ལེན་ཆོག་གི་ཡོད་པའི་ཁར། དེ་སྔོན་སློབ་ཡོན་ཐོབ་ཟིན་པ་དག་གིས་ཀྱང་བསྐྱར་དུ་སློབ་ཡོན་ཞུ་ཆོག་གི་ཡོད་པ་དང་། སློབ་ཡོན་སྤྲོད་པའི་སློབ་ཚན་གྱི་ཁོངས་སུ་སྐྱེས་དངོས་ཕྲ་རག་གི་དཔྱད་རིག་(Microbiology) དང་། སྨན་སྦྱོར་རིག་པ་(Pharmacology)། རིམས་ནད་དཔྱད་རིག་(Epidemiology) སོགས་ཚུད་པའི་ཁྲིམས་ལུགས་དང་། ཚོང་དོན་རིག་པ། གློག་ཀླད་ཚན་རིག རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སོགས་ཡོད་འདུག་ལ། སློབ་ཡོན་དེ་བརྒྱུད་ནས་ཕྱི་རྒྱལ་ཁག་ཏུ་སློབ་གཉེར་བྱེད་མཁན་གྱི་བོད་པའི་སློབ་མ་རྣམས་ལ་ཤེས་ཡོན་གྱི་ཐད་ནས་རོགས་འདེགས་བྱས་ཏེ། བོད་པའི་སྤྱི་ཚོགས་དང་གོ་ལའི་སྤྱི་ཚོགས་སུ་ནུས་པ་གང་ཡོད་ཀྱིས་ཞབས་འདེགས་ཞུ་རྒྱུའི་དམིགས་འབེན་བཟུང་ཡོད་པ་རེད།

སངས་རྒྱས་ཀྱི་ཕྱག་གི་རིང་བསྲེལ་སྤྱན་འབུལ།

ཕྱི་ཟླ་ ༤ ཚེས་ ༤ ཉིན་སེངྒ་ལའི་ནང་པའི་བླ་ཆེན་ (Waskaduwa Mahindawamsa Nayaka Thero) མཆོག་གིས་སེངྒ་ལ་ནས་་སངས་རྒྱས་ཀྱི་ཕྱག་གི་རིང་བསྲེལ་ཞིག་བཞུགས་སྒར་དུ་བསྣམས་ཕེབས་ཤིང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་གྷ་གྷལ་གནམ་ཐང་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་བར་ཕེབས་བསུའི་སྣེ་ལེན་ཞུས། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕོ་བྲང་གི་སྒོ་འགྲམ་དུ་ཕེབས་ཏེ། སངས་རྒྱས་ཀྱི་རིང་བསྲེལ་ཕོ་བྲང་དུ་གདན་འདྲེན་ཞུས་གནང་མཚམས།  སེངྒ་ལའི་ནང་པའི་བླ་ཆེན་ (Waskaduwa Mahindawamsa Nayaka Thero) མཆོག་གིས་སྐུ་དངོས་སུ་༧གོང་ས་མཆོག་ནས་འཛམ་གླིང་སྤྱིའི་བདེ་རྩ་དང་ལྷག་དོན་སངས་རྒྱས་ཀྱི་བསྟན་པར་མཛད་འཕྲིན་བསམ་གྱི་མི་ཁྱབ་པ་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་སླད་ཤྲི་ལངྒའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་(the Raja Guru Shri Subuti Mahavihara Monastery of Sri Lanka)རྟེན་གྱི་གཙོ་བོ་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པའི་དབང་པོའི་ཕྱག་གི་རིང་བསྲེལ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུས།

རྒྱ་གར་གྱི་སྲིད་བློན་ཟུར་པའི་གཟེངས་རྟགས་འབུལ་ལམ།

ཕྱི་ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་སྲིད་བློན་ཟུར་པ་ནཱ་རཱ་སིམ་ཧ་ (Narasimha) དམ་པ་མཆོག་གི་དགེ་རྩ་ཚོགས་པའི་ཚོགས་མི་ཁག་ཅིག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་གི་ཞི་བདེའི་རང་གཟུགས་མཚོན་གྱི་ཡོད་པའི་མཛད་འཕྲིན་ལ་ཆེ་བསྟོད་ངོས་འཛིན་མཚོན་སླད། རྒྱ་གར་གྱི་སྲིད་བློན་ཟུར་པ་ནཱ་རཱ་སིམ་ཧ་དམ་པ་མཆོག་གི་རྗེས་དྲན་གཟེངས་རྟགས་ (Narasimha Rao Memorial Award) ཞེས་པ་དེ་འབུལ་ལམ་ཞུས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དཀའ་ངལ་ཚང་མའི་རྐྱེན་རྩ་ནི་གཞན་ལ་སྐྱོན་འཛུགས་བྱ་རྒྱུ་མ་ཡིན་པར། རང་ཉིད་ཀྱི་མ་རིག་པའི་བློ་ལ་བརྟེན་ནས་བྱུང་གི་ཡོད་པའི་བཀའ་སློབ་བསྩལ།

བོད་ཀྱི་ཆབ་སྲིད་གནས་བབ་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད་མཛད།

ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་དཀར་ནག་དང་བོད། རང་སྲིད་རང་སྐྱོང་གི་འཚོལ་སྙེག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་ཡོད་ཅིང་། དེབ་དེའི་ནང་བོད་མི་ཚོས་རང་སྲིད་རང་སྐྱོང་གི་ཆེད་དུ་འཐབ་རྩོད་བྱས་པའི་འབྱུང་ཁུངས་དང་།  རང་སྲིད་རང་སྐྱོང་ངམ་རང་བཙན་གྱི་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བའི་རིམ་པ་སྣ་ཚོགས་གླེང་ཡོད་པ་མ་ཟད།  རྩོམ་པ་པོ་རྒྱ་གར་གྱི་སི་རེ་ན་རཱ་ཡ་ནཱ་(Sree Narayana) མཐོ་སློབ་ཀྱི་འབུམ་རམས་པའི་སློབ་དཔོན་ཆེན་མོ་གཞོན་པ་ལྕམ་ར་ཀེའུ་ (Rakhee Viswambharan) ལགས་ཀྱིས་བོད་དོན་ཞི་བའི་ལམ་ནས་ཐག་གཅོད་བྱས་ན་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་ཡིན་པའི་རྒྱུ་མཚན་བཀོད་ཡོད་འདུག

༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཐེངས་བཞི་པ་ཚོགས།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༣ ནས་ ༡༧  བར་ཉིན་གྲངས་ལྔའི་རིང་ཨ་རིར་རྟེན་གཞི་བྱས་ཡོད་པའི་སེང་གེའི་གད་རྒྱངས་ (lion’s roar) ཚོགས་པ་དང་ཨ་རིའི་བོད་ཁང་གཉིས་ཀྱི་གོ་སྒྲིག་འོག་དྲ་ལམ་བརྒྱུད། ཕྱི་ལོ་ ༢༠༢༤ ལོའི་༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཞེས་པ་སྐོང་ཚོགས་གནང་ཡོད་ཅིང་། ལྷན་ཚོགས་ཀྱི་ཐོག་ཏུ་༧གོང་ས་མཆོག་གི་དགོངས་བཞེད་མཐར་ཐུག་གི་བདེ་སྐྱིད་འཚོལ་སྟངས། སེམས་ཁམས་དང་སྒོམ་སྒྲུབ་སྐོར། འཛམ་གླིང་ཞི་བདེའི་སྐོར། བྱམས་པ་དང་སྙིང་རྗེའི་སྐོར། གནའ་བོའི་རིག་གཞུང་དང་སེམས་ཁམས་འཕྲོད་བསྟེན་སྐོར་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་། ལྷན་ཚོགས་དེར་མཉམ་ཞུགས་གནང་མཁན་གྱི་ཁྲོད་དུ་ཝེ་སི་ལེ་ཡཱན་གཙུག་ལག་སློབ་གླིང་ (Wesleyan University) གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་ཟུར་པ་ཇཱན་ཝེ་ལི་སི་(Jan Willins) ལགས་དང་། འཛི་སྒར་ཀོང་སྤྲུལ་རིན་པོ་ཆེ། ཨ་རིའི་བོད་ཁང་གི་ཚོགས་གཙོ་ཟུར་པ་རོ་བྷེར་ཌི་ཐུར་མཱན་ (Robert  Thurman)ལགས།  སེམས་ཁམས་རིག་པ་བ་དང་རྩོམ་པ་པོ་ཕི་ལཱར་ཇེན་ནེ་སི་ (Pilar Jennings) ལགས། བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་གི་སྨན་པ་ཉི་ཟླ་ལྕེ་ནག་ཚང་བཅས་དགེ་བཤེས་མ་དང་། ཉམས་ཞིབ་པ། རྩོམ་པ་པོ་གྲགས་ཅན། ཉམས་ལེན་པ་སོགས་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག

དགུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྲུང་གཙི།

ཕྱི་ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༩ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་གཙི་གནང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་ (Prem Singh Tamang) མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་གཉིས་ཀྱི་དབུས་པའི་སྐུ་མགྲོན་དུ་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནོར་བུ་གཤེར་པ་ལགས། ཁེ་ན་ཌ་ཨེན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་ལགས། འབྲས་ལྗོངས་མངའ་སྡེའི་བློན་ཆེན་རྣམ་རྒྱལ་ལེབ་ཆ་ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་རུང་ལེབ་ཆ་ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སན་ཇི་ཏི་ (Sanjeet Kharel) ལགས། སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འཛོམས་ཡོད་ལ། ཕྱི་ཟླ་ ༧ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་སྲུང་གཙི་དང་ཕྱི་ལོ་ ༢༠༢༥  ཟླ ༧ ནས་ལོ་འཁོར་གཅིག་རིང་བྱམས་བརྩེའི་ལོ་ཞེས་སྲུང་གཙི་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་གནང་ཡོད།

༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་གསར་འཛུགས།

ཕྱི་ཟླ་ ༨ ཚེས་ ༢༠ ཉིན་རྒྱ་གར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་གྷན་དྷི་དང་ཞི་བདེའི་ཞིབ་འཇུག་ཚན་པའི་ནང་དུ་༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་ཤིག་གསར་འཛུགས་བྱས་ཡོད་པ་དང་། དེ་ནི་༧གོང་ས་ཏཱ་ལའི་བླ་མའི་གོ་ལ་གཅིག་གྱུར་གྱི་འགན་འཁུར་ཐེབས་རྩ་ཁང་ (His Holiness Dalai Lama’s foundation For Universal Responsibility) དང་རྒྱ་གར་གྱི་པན་ཇབ་གཙུག་ལག་སློབ་གཉེར་ཁང་གཉིས་བར་གྲོས་མཐུན་ཡིག་ཆར་མཚན་རྟགས་བསྐྱོན་པ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་།  པན་ཇབ་གཙུག་ལག་སློབ་གཉེར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོ་བོར་གྱུར་བའི་ནང་བསྟན་མཁས་པ་རྣམས་མགྲོན་འབོད་བྱས་ཏེ། ནང་པའི་ལྟ་གྲུབ་དང་བོད་ཡིག པ་ལིའི་ནང་པའི་གཞུང་། དཀའ་ངལ་འཕྲད་པའི་སྐབས་ནང་ཆོས་ཀྱི་ཐོག་ནས་གདོང་ལེན་ཇི་ལྟར་བྱེད་དགོས་པ། ནང་པའི་སྒྱུ་རྩལ་དང་བཟོ་རིག་གོང་འཕེལ་གཏོང་བར་དམིགས་པ་ཞིག་ཡིན་འདུག

རྒྱ་གར་གྱིས་༧གོང་ས་མཆོག་ལ་སྲུང་བྱའི་རིམ་པ་མཐོ་ཤོས་གསུམ་པ་དེ་ཕུལ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༣ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་ནང་གི་སྲུང་བྱ་རིམ་པ་གསུམ་པ་(Z)ཅན་དེ་ཕུལ་ནས། རྒྱ་གར་དབུས་གཞུང་གིས་ཆེད་དུ་༧མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭ་དང་འགོག་སྲུང་གི་ལས་དོན་ཚད་མཐོ་གཉེར་རྒྱུ་ཡིན་ཞིང་།  རྒྱ་གར་གཞུང་གི་ཆེས་ཚད་མཐོའི་སྐུ་སྲུང་(SPG) ནི་སྐོར་སྲུང་བ་ ༥༠༠༠ ལྡན་པའི་ཚད་མཐོའི་དམིགས་བསལ་སྲུང་སྐྱོབ་རུ་ཁག་ཅན་ཞིག་དང་། ཚད་མཐོའི་སྐོར་སྲུང་གཉིས་པར་ (Z+) སྐོར་སྲུང་བ་ ༥༥།  དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་རིམ་པ་གསུམ་པའི་ (Z) སྲུང་བྱ་ལ་སྐོར་སྲུང་བ་ ༣༠  ཅན་བཅས་ཡོད་འདུག

སྨྲ་བརྗོད་བྲལ་བ་རྣམས་ཀྱི་འབོད་སྒྲ་ཞེས་པའི་ཕྱག་དེབ་འགྲེམས་སྤེལ་གྱི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༤ ཉིན་དགའ་ལྡན་ཕོ་བྲང་གི་དྲ་ཐོག་ཏུ། ཕྱི་ཟླ་ ༣ ཚེས་ ༡༡ ནས་བཟུང་ཨ་རིའི་མི་ལིམ་མོར་རོ་(William Morrow) དཔེ་སྐྲུན་ཁང་དང་དབྱིན་ཡུལ་གྱི་ཧར་པར་དངོས་སྒྲུང་དཔེ་སྐྲུན་ཁང་( HarperNonFiction) གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་སྨྲ་བརྗོད་བྲལ་བ་རྣམས་ཀྱི་འབོད་སྒྲ་ (Voice for the Voiceless)། མི་ལོ་བདུན་ཅུ་ལྷག་རིང་ངོས་ཀྱི་ཡུལ་དང་མི་མང་གི་ཆེད་རྒྱ་ནག་དང་འཐབ་རྩོད་ཅེས་པའི་ཕྱག་དེབ་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ། དཔེ་དེབ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་། འཇར་མན། ཨི་ཊ་ལི། ཧོ་ལེན་དང་། ཁེ་ན་ཊ་སོགས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese