མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༡ ལོར་༧གོང་ས་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཧིན་དྷུའི་བླ་ཆེན་ཞིག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༦ ཉིན་ཧིན་དྷུའི་ཆོས་དཔོན་སུ་ཝ་མི་སུ་མ་རཱ་ནན་ཌ་ (Swami Smarananda ) མཆོག་དགུང་ལོ་ ༩༤ ཐོག་དགོངས་པ་རྫོགས་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རཱ་མ་ཁི་རི་ན་རྩིས་རིག་དང་ཆོས་སྤེལ་ལྟེ་གནས་ཁང་ (Rama Krishna Math and Ramakrishna Mission) གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། སུ་ཝ་མི་སུ་མ་རཱ་ནན་ཌ་མཆོག་གིས་སྐུ་ཚེ་གང་བོ་ཆོས་ལུགས་དང་སྤྱི་ཚོགས་སྲི་ཞུའི་ལས་དོན་གྱི་ཆེད་དུ་ཕུལ་ཡོད་ཅིང་། ཁོང་གིས་སྐྱེས་བོ་མང་དག་ཅིག་གི་ལུས་སེམས་གཉིས་ལ་སུབ་ཐབས་བྲལ་བའི་བག་ཆགས་ཤིག་ཀྱང་བཞག་ཡོད་པ་མ་ཟད། ཁོང་གི་བྱམས་བརྩེ་དང་བློ་གྲོས་ལ་མི་རབས་མང་པོས་ཡིད་སྨོན་བྱ་ངེས་ཡིན། ཞེས་གསུངས།

ཐའེ་ཝན་གྱི་ས་ཡོམ་གོད་ཆག་ལ་ཐུགས་སྨོན་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣ ཉིན་ཐའེ་ཝན་མཚོ་ཁུལ་གྱི་ཧྭ་ལིན་( Hualien) གྲོང་ཁྱེར་སོགས་སུ་ཚད་རིམ་ ༧།༤ ཅན་གྱི་ས་ཡོམ་བརྒྱབ་སྟེ། མི་གྲངས་ ༧ རྐྱེན་འདས་དང་མི་གྲངས་ ༧༣༠ ལ་རྨས་སྐྱོན། སྡོད་ཁང་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་བ་དང་། དེ་བཞིན་རི་ཉུལ་བ་སོགས་ཀྱི་གོད་ཆག་ཆེན་པོ་བྱུང་བར་བརྟེན། ཟླ་དེའི་ཕྱི་ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། རང་བྱུང་གོད་ཆག་གི་རྐྱེན་གྱིས་མི་མང་དག་ཅིག་ལ་རྨས་སྐྱོན་ཐེབས་ཡོད་པ་རེད། ངོས་རང་གིས་ལྕམ་སྐུ་མཆོག་གཙོས་རང་བྱུང་གོད་ཆག་གི་སྐྱོ་གར་འདིའི་ཁྲོད་དུ་གནོད་འཚེ་ཐེབས་མཁན་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད། ངོས་རང་གིས་ཐའེ་ཝན་གཞུང་དང་འབྲེལ་ཡོད་ཚོས་གནོད་འཚེ་ཐེབས་མཁན་རྣམས་ལ་མྱུར་སྐྱོབ་དང་ངལ་སེལ་གྱི་རོགས་འདེགས་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་དང་མཐར་རང་བྱུང་གོད་ཆག་དེའི་ཁྲོད་ནས་རྐྱེན་འདས་དང་རྨས་སྐྱོན་ཐེབས་མཁན་རྣམས་ལ་ཐུགས་སྨོན་བཅས་མཛད།

ཀེ་ར་ལ་མངའ་སྡེའི་མི་མང་ལ་ཐུགས་གསོ་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༡ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་སྤྱི་ཁྱབ་བློན་ཆེན་པེ་ན་རཱ་ཡི་ཝི་ཇཱེན་མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་བསྩལ་ཏེ། ཀེ་ར་ལ་མངའ་སྡེའི་ནང་ཆར་དུས་རྐྱེན་གྱིས་ས་རུད་བྱུང་སྟེ་མི་གྲངས་ ༢༨༠ རྐྱེན་འདས་དང་མི་གྲངས་ ༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ། དེ་བཞིན་མི་གྲངས་ ༡༥༩༢ ལྷག་མྱུར་སྐྱོབ་བྱེད་ཐུབ་ཡོད་པ་དང་། མི་གྲངས་ ༨༠༠༠ ཙམ་ངལ་སེལ་ས་ཁུལ་ ༨༢ ནང་གནས་སྤོར་བྱེད་དགོས་བྱུང་བ་སོགས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་པར་ཐུགས་གསོ་མཛད་པའི་ནང་།  ངོས་ཀྱིས་ཁྱེད་རྣམ་པར་སེམས་གསོ་ཞུ་རྒྱུ་ཡིན། དེ་བཞིན་རྐྱེན་ངན་གོད་ཆག་འཕྲད་པའི་ནང་མི་གཉེན་ཉེ་དང་ཤུགས་རྐྱེན་ཐེབས་པའི་མི་ཚང་མར་སྨོན་ལམ་ཞུ་རྒྱུ་ཡིན།  མངའ་སྡེའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་ཤུགས་རྐྱེན་ཐེབས་པའི་མི་མང་ལ་རོགས་སྐྱོར་དང་གུན་གསབ་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ངོས་ནས་ཀེ་ར་ལའི་མི་མང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ཆེད་ཏཱ་ལའི་བླ་མ་ཡིད་རྟོན་ཐེབས་རྩ་ཁང་བརྒྱུད་ངལ་སེལ་རོགས་སྐྱོར་དང་མྱུར་སྐྱོབ་ཀྱི་བྱ་བའི་ཐད་ཞལ་འདེབས་ཤིག་རྒྱག་གི་ཡིན། ཞེས་གསུངས།

རྒྱ་གར་གྱི་སྲིད་བློན་ཟུར་པ་ཞིག་སྐུ་གྲོངས་བར་ཐུགས་གསོ་མཛད།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིང་མཆོག་དགུང་གྲངས་ ༩༢ སྟེང་རྒྱ་གར་རྒྱལ་ས་ལྡི་ལི་རུ་སྐུ་གྲོངས་བར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་སྐུ་ཟླ་གྷི་ཤ་རན་ (Gursharan Kaur) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་རང་གིས་ཁྱེད་ཉིད་ལ་སྐྱབས་འཇུག་ཞུ་མུས་ཡིན་ལ། ཁོང་དང་ཁོང་གི་ཤུལ་ལུས་ནང་མི་རྣམས་ཆེས་ཡིད་སེམས་སྨྲེང་བའི་དུས་སྐབས་འདིར་ཐུགས་གསོ་ཞུ་ཡི་ཡོད། ངོས་རང་ཁོང་དང་ནམ་མཇལ་ལ། ངོས་ནས་ཁོང་གི་འགན་ཁུར་དང་ཆེས་བཟང་པའི་སློབ་སྟོན་ལ་ཡིད་སྨོན་སྐྱེས་ཏེ། ཁོང་ཉིད་ནི་ངོས་རང་གི་གཅེན་པོར་ངོས་འཛིན་གནང་གི་ཡོད། ཁྱེད་ཀྱི་སྐུ་ཟླར་གཞན་ལ་ཕན་འདོགས་པའི་སེམས་འདུན་ཤུགས་ཆེན་མཆིས་ཤིང་། ཁོང་གིས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་གྱུར་བའི་རྒྱལ་ཁབ་དར་རྒྱས་སུ་གཏོང་བ་དང་། རྒྱ་གར་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད་ལ། ཁོང་ནི་བོད་མི་རྣམས་ལ་ཐུགས་བརྩེ་ཟབ། ཁོང་གིས་ལོ་ངོ་ ༩༢ རིང་ལ་ང་ཚོས་ཡིད་སྨོན་སྐྱེས་དགོས་པའི་དོན་སྙིང་ལྡན་པའི་ལས་དོན་གཉེར་བ་ནི་ཡིད་སྨོན་སྐྱེས་འོས་པ་ཞིག་རེད། ཅེས་གསུངས།

ཨ་རིའི་སྲིད་འཛིན་ཟུར་པ་ཞིག་སྐུ་གྲོངས་བར་ཐུགས་གསོ།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མེ་ཁར་ཊར་ (Jimmy Carter) མཆོག་དགུང་གྲངས་ ༡༠༠ ཐོག་སྐུ་གྲོངས་ཡོད་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་བུ་ཅིབ་ཁར་ཊར་ (Chip Carter) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། སྲིད་འཛིན་ཟུར་པ་ཁར་ཊར་མཆོག་གིས་དབུལ་ཕོངས་དང་ཉམ་ཐག་རྣམས་ལ་རོགས་སྐྱོར་གནང་བ་མ་ཟད། འཛམ་གླིང་སྟེང་འབྱུང་བཞིན་པའི་རྩོད་རྙོག་ལ་ཞི་བའི་ལམ་ནས་གདོང་ལེན་བྱེད་པ་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བར་ལོ་རབས་མང་པོའི་རིང་ངལ་དུབ་མེད་པར་འབད་བརྩོན་གནང་བ་སོགས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་གིས་ལོ་ངོ་མང་པོའི་རིང་གཞན་དོན་བསྒྲུབས་བཞུགས་པ་དེས། ང་ཚོ་ཚང་མར་གཞན་དོན་བསྒྲུབས་པའི་ཐོག་ནས་མི་ཚེ་བསྐྱལ་རྒྱུའི་མིག་དཔེ་བཟང་པོ་བསྟན་ཡོད། ཕྱི་ལོ་ ༢༠༠༢ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་གིས་འགྲོ་བ་མིའི་བདེ་དོན་ཆེད་དུ་ཕུལ་བའི་མཛད་རྗེས་ལ་ངོས་འཛིན་གནང་བའི་ཐོག་ནས་ཁོང་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཅེས་དང་།  ངོས་རང་དང་། ང་ཚོ་བོད་མི་ཡོངས་ནས་སྲིད་འཛིན་ཁར་ཊར་མཆོག་གིས་བོད་ནང་གི་གནས་སྟངས་ཐད་བློ་འཚབ་དང་། ཐུགས་ཁུར་ཆེ་བཞེས་ཀྱིས་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པར་བོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧།༡ ཙམ་ཞིག་བརྒྱབ་སྟེ། ཉུང་མཐར་མི་གྲངས་ ༡༣༤ ཙམ་རྐྱེན་འདས་བྱུང་བ་སོགས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པར་བརྟེན། ཉིན་དེར་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ད་ནངས་སྔ་དྲོར་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་དང་། ཕྱི་ཚེས་ ༩ ཉིན་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོ་ནས་མཆོད་འབུལ་སྨོན་ལམ་གནང་སྐབས། ཆོས་དད་མེད་མཁན་ཞིག་ལ་ལས་ངན་འཁོར་སྐབས་སེམས་ཕམ་ནས་སྡོད་པ་མ་གཏོགས་བྱ་རྒྱུ་མེད། ང་ཚོ་ཆོས་དད་ཡོད་མཁན་ཚོར་ལས་ངན་སྨིན་ཡོང་སྐབས་དེ་སྔོན་ཆད་ཀྱི་སྡིག་པ་དག་པ་དང་། ཕྱིན་ཆད་དགེ་བའི་བློ་གོང་ནས་གོང་དུ་འཕེལ་བའི་མཐུན་པའི་རྐྱེན་ཆགས་རྒྱུ་འདུག དཔེར་ན། རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་དེ་དག་རྒྱུ་མཚན་དུ་བྱས་ནས་སོ་སོའི་ངོས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཟབ་གཟབ་བྱས་ཏེ་སྒོམ་པ་ཡོང་གི་འདུག དེར་བརྟེན། བོད་དུ་ས་ཡོམ་གྱི་རྐྱེན་གྱིས་རྐྱེན་ངན་མང་པོ་ཞིག་ཡོང་སྐབས་རྐྱེན་ངན་འདི་དག་བྱང་ཆུབ་ལམ་དུ་བསྒྱུར་རྒྱུ་སོ་སོའི་ལག་པར་ཡོད་པ་རེད་ལ། དེ་ལ་བསམ་བློ་བཏང་བ་ཡིན་ན་འབྲས་བུ་ངན་པ་ཞིག་སྨིན་ཡང་། དེའི་རྐྱེན་བྱས་ཏེ་དགེ་བའི་བློ་སྐྱེས་པ་དང་། སེམས་ཤུགས་བསྐྱེད་པ་ལ་ཕན་ཐོགས་ཡོང་བ་ཞིག་རེད། ངོས་རང་ལ་ཆ་བཞག་ན་བོད་ལ་ས་ཡོམ་བརྒྱབ་ནས་རྐྱེན་མང་པོ་འཕྲད་པའི་པར་མཐོང་སྐབས་དེས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དང་། སྟོང་ཉིད་སྒོམ་རྒྱུ། དེ་བཞིན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བར་ཕན་ཐོགས་འདུག ཅེས་གསུངས།

༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཐུགས་སྨོན་མཛད།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཡོལ་དུ། སྐུའི་གཅེན་པོ་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཀ་ལིམ་སྦུང་གི་སྟག་འཚེར་གཞིས་ཀ་རུ་སྐུ་གཤེགས་ཡོད་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༩ ཉིན་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དམ་པ་ཁོང་ལ་འདས་མཆོད་འཚོགས་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས། ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་འདས་གྲོངས་སུ་ཕྱིན་པ་རེད། དེའི་འདས་མཆོད་དུ་འདིར་ཚོགས་བཞུགས་ཀྱི་དགེ་འདུན་པ་ཚོར་བསྙེན་བཀུར་བྱས་ནས་དམིགས་ཡུལ་གཙོ་བོ་དེ། ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱིས་ཧུར་ཐག་འབད་ཐག་ཧ་ཅང་ཡག་པོ་བྱས་པ་རེད། སྙིང་རྗེ། ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་རིམ་བཞིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་རང་གིས་སྨོན་ལམ་བརྒྱབ་ཡོད་པ་རེད་ལ། འདོད་པ་དེ་ཡོད་པ་རེད། ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་༸རྒྱལ་བ་རིིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བསྩལ།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese