མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་པེན་དང་བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས། དེ་བཞིན། ཝི་ཏི་ནམ་གྱི་ཕྱི་སྡོད་པེན་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས། ཝི་ཏི་ནམ་གཞུང་ནས་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་དཀྲོངས་པའི་གནས་ཚུལ་ཁ་གསལ་བཟོས་ཏེ་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

Image provided by: SFT India, with permission from the author (anonymous)

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱལ་སྤྱིའི་པེན་དང་བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས། དེ་བཞིན། ཝི་ཏི་ནམ་གྱི་ཕྱི་སྡོད་པེན་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་དེ་ནི་བློ་འཚབ་སྐྱེས་ཡུལ་ཆེན་པོ་ཞིག་ཡིན་ཁར། ཁོང་གི་དཀྲོངས་རྐྱེན་དེས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་ཕྱིན་པའི་སེམས་འཚབ་བསླངས་ཡོད། དེར་བརྟེན། ཝི་ཏི་ནམ་གཞུང་ནས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་ཕྱིན་པའི་གནད་དོན་ལ་ཕྱི་གསལ་ནང་གསལ་དང་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་མ་ཟད། ཁོང་འཛིན་བཟུང་བྱས་པའི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་བྱ་སྤྱོད་ཅི་ཞིག་སྤེལ་ཡོད་མེད་སོགས་ཁ་གསལ་བཟོ་དགོས་པའི་སྐུལ་མ་བཏང་འདུག

དམིགས་བསལ་རྒྱལ་སྤྱིའི་པེན་དང་བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས། དེ་བཞིན། ཝི་ཏི་ནམ་ཕྱི་སྡོད་པེན་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས། ད་ལྟའི་ཆར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཝི་ཏི་ནམ་དུ་ཡོང་ཡོད་པ་དང་བསྟུན། ཝི་ཏི་ནམ་གྱི་མགོ་ཁྲིད་ཚོས། སྤྲུལ་སྐུ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལ་ཛ་དྲག་གི་ཐོག་ནས་རང་དབང་ལྡན་པའི་ཞིབ་འཇུག་བྱེད་དགོས་པ་དང་། ལྷག་པར་དུ་ཁོང་གི་སྐུ་ཕུང་ཕྱིར་ཁྱིམ་མིར་རྩིས་སྤྲོད་བྱེད་པར་མཐུན་འགྱུར་སྦྱོར་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་གནང་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༥ བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཝི་ཏི་ནམ་གྱི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཞི་བའི་སྐད་འབོད་ལས་འགུལ་ཞིག་སྤེལ་ཏེ། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་དུ་རྒྱ་ནག་གི་གནོན་ཤུགས་འོག་སྐུ་དཀྲོངས་པའི་གནད་དོན་ཕྱི་གསལ་ནང་གསལ་བཟོ་དགོས། སྤྲུལ་སྐུ་ཁོང་སྐུ་དཀྲོངས་པར་དྲང་བདེན་གྱི་ཐག་གཅོད་ཅིན་ལེན་དགོས་སྐོར་སོགས་འབོད་སྐུལ་ཞུས་འདུག་ལ། སྐབས་དེར་རྒྱ་གར་ཉེན་རྟོག་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་ཅིག་འཛིན་བཟུང་ཡང་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༡༧ གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་དཀྲོངས་པར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༡༦ འཛིན་བཟུང་བྱས་ཡོད། ཉིན་དེའི་ཕྱི་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད། གཞན་ཡང་། ཨོ་གླིང་དང་དབྱིན་ཡུལ། ཡུ་རོབ་དང་ཨ་རི་སོགས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཝི་ཏི་ནམ་དང་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྤྲུལ་སྐུ་ཧཱུྃ་གར་རྡོ་རྗེ་མཆོག་གློ་བུར་དུ་སྐུ་དཀྲོངས་པར་རྒྱ་གཞུང་ལ་སྐྱོན་བརྗོད་གནང་དགོས་པ་དང་། རྒྱ་ནག་དང་ཝི་ཏི་ནམ་གྱི་དབང་འཛིན་པ་ཚོས་རིན་པོ་ཆེ་འཛིན་བཟུང་བཀག་ཉར་དང་སྐུ་དཀྲོངས་པའི་གནས་སྟངས་ཐད་གསལ་བཤད་བྱེད་དགོས་པ་མ་ཟད། སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་གི་སྐུ་ཕུང་དེ་འཕྲལ་དུ་ལུང་སྔོན་དགོན་པར་རྩིས་སྤྲོད་བྱ་དགོས་ཤིང་། བོད་ཀྱི་སྲོལ་རྒྱུན་ལྟར་འདས་མཆོད་ཆ་ཚང་ཞིག་བྱེད་དུ་འཇུག་དགོས་པ། དེ་བཞིན་རིན་པོ་ཆེ་མཆོག་གི་ནང་མི་དང་གྲོགས་པོ། དད་ལྡན་རྗེས་འཇུག་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་སྐོར་བསྒྲགས་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern)མཆོག་སོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་དཀྲོངས་པར་བློ་ཕམ་དང་འབྲེལ་ཝི་ཏི་ནམ་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་དམར་གཞུང་གིས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་མཁན་པོ་སོགས་གནད་ཡོད་མི་སྣ་བདུན་བརྒྱད་ཅིག་ལ་སྤྲུལ་སྐུ་ཁོང་སྐུ་དཀྲོངས་ཟིན་པའི་བརྡ་ཞིག་བཞག་ཡོད་ཀྱང་། ས་གནས་གང་དུ་སྐུ་གྲོངས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད་ལ། ཕྱིས་སུ་ཤེས་རྟོགས་བྱུང་གསལ་ལ། རིན་པོ་ཁོང་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཝེ་ཏི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital ) དུ་སྐུ་གྲོངས་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད།

དེ་རྗེས། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་རྒྱ་ནག་གཞུང་ཚབ་ཁང་གི་དོ་དམ་འོག་ཝེ་ཏི་ནམ་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital )དུ། ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་རིན་པོ་ཆེ་མཆོག་གི་ཞལ་རས་སྐར་མ་གཉིས་གསུམ་ཙམ་ལ་མཇལ་དུ་བཅུག་ཡོད་ཀྱང་། སྐུ་ཕུང་ཡོངས་རྫོགས་ལ་མཇལ་བཅུག་མི་འདུག་པའི་ཁར། ད་ལྟ་ད་དུང་ཡང་དགོན་པ་དང་ནང་མིར་སྐུ་ཕུང་རྩིས་སྤྲད་མེད་པ་དང་། ལུང་སྔོན་དགོན་པར་མཆོད་འབུལ་སྨོན་ལམ་དང་འདུ་འཛོམས་རིགས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་།  ཕྱི་ལོ་ ༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese