མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་མཇལ་ཁ་ཞུ་སྐབས། ཕོབ་མཆོག་ནས་༧གོང་ས་མཆོག་དང་ལྷན་གང་མགྱོགས་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་ཞུས་པར་ཕོབ་མཆོག་ནས་ངོས་བཞེས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨི་ཊ་ལིའི་ཡེ་ཤུའི་ཆོས་ཁང་དུ། ཡུལ་དེར་རྟེན་གཞི་བྱས་པའི་ཀུན་ཏུ་བཟང་བོའི་ཆོས་ཚོགས་ཀྱི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་རྡོ་རྗེ་དབང་ཕྱུག་ལགས་དང་དགེ་བཤེས་ཡེ་ཤེས་དཔལ་ལྡན་ལགས་རྣམ་གཉིས་བཅས་ཆོས་ལུགས་འདྲ་མིན་གྱི་འཐུས་མི་ཁག་ཅིག་གིས་ཡེ་ཤུའི་ཆོས་དཔོན་གསར་པ་ཕོབ་ལེའོ་མཆོག་ལ་མཇལ་བཅར་ཞུས་ཡོད།

དེ་རིང་འདི་གའི་གསར་འགོད་པས་དྲ་ལམ་བརྒྱུད་དགེ་བཤེས་རྡོ་རྗེ་དབང་ཕྱུག་ལགས་སུ། མཇལ་འཕྲད་དེའི་བརྒྱུད་རིམ་གྱི་སྐོར་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཀུན་ཏུ་བཟང་བོའི་ཆོས་ཚོགས་ཀྱི་གྲྭ་བ་བཞི་ལ་མཇལ་ཁ་ཞུ་བའི་གོ་སྐབས་ཞུས་ནའང་གྲྭ་པ་གཉིས་མ་གཏོགས་ཡོང་གི་མེད་པའི་ལན་འདེབས་བྱུང་བ་བཞིན། ཨི་ཊ་ལིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་ལགས་གཉིས་ནས་ཡེ་ཤུའི་ཆོས་དཔོན་གསར་པ་ཕོག་ལེའོ་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། སྐབས་དེར་ཁོང་ཅག་དང་ལྷན་དུ་ཉི་ཧོང་གི་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་རྗེས་འཇུག་པ།  ཁ་ཆེ་ཆོས་ལུགས་ཀྱི་གནད་ཡོད་མི་སྣ། རྒྱ་གར་གྱི་སིག་དང་ཧིན་རྡུ་ཆོས་ལུགས་ཀྱི་བླ་ཆེན་ཁག་ཅིག དེ་བཞིན་ཡེ་ཤུ་ཆོས་ལུགས་ཀྱི་བླ་ཆེན་ཁག་ཅིག་བཅས་ཆོས་ལུགས་མི་འདྲ་བ་ལྔ་དྲུག་ཅིག་དང་ཁྱོན་མི་གྲངས་ ༣༠༠ ལྷག་འཛོམས་ཡོད་སྐོར་བརྗོད་བྱུང་།

མཇལ་འཕྲད་སྐབས་བཀའ་མོལ་ཅི་བྱུང་སྐོར་ལ་ཁོང་གིས། ཐོག་མར་ཕོབ་གསར་པ་ལེའོ་མཆོག་ནས་མཇལ་བཅར་བ་རྣམས་ལ་འཚམས་འདྲིའི་གསུང་བཤད་གནང་སོང་། དེ་ནས་ཞབས་བཀྱག་གི་བང་རིམ་བཞིན་མཇལ་ཁ་གནང་མགོ་བཙུགས་སོང་། ང་དང་དགེ་བཤེས་ཡེ་ཤེས་དཔལ་ལྡན་ངེད་གཉིས་ནས་ཀྱང་མཇལ་ཁ་ཞུས་པ་ཡིན། མཇལ་ཁའི་གོ་སྐབས་དེ་སྐར་མ་ལྔའི་རིང་ལ་བྱུང་སོང་། སྐབས་དེར་ངས་ཕོབ་མཆོག་ལ་མཇལ་དར་ཞིག་དང་ཕྲེང་བ་ཞིག་ཕུལ་ཏེ། ཁྱེད་ནས་ཕོབ་ཀྱི་མཚན་གནས་བཞེས་པ་དང་འཛམ་གླིང་ཞི་བདེ་ཡོང་བའི་བཀའ་མོལ་གནང་གི་འདུག་པར། ༧གོང་ས་མཆོག་དང་བོད་མི་ས་ཡ་བདུན་གྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུས་པ་ཡིན། གཉིས་པ་དེར་བཞུགས་སྒར་དྷ་རམ་ས་ལར་བཞུགས་པའི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་ཅིག་མགྱོགས་ནས་མྱུར་དུ་གནང་རོགས་ཞེས་པ་ཞུས་ཡིན། གསུམ་པ་དེང་སྐབས་འཛམ་གླིང་ནང་འཁྲུག་ཆ་དོད་པ་དང་དམག་འཁྲུག་སོགས་ཀྱི་འུར་ཟིང་ཆེ་བས། དམག་འཁྲུག་ཞི་འཇམ་དང་འཛམ་གླིང་ཞི་བདེ་ཡོང་བའི་བཀའ་སློབ་ལམ་སྟོན་མུ་མཐུད་གནང་བའི་འབོད་སྐུལ་བཅས་ཞུས་པར་ཁོང་གིས་དོན་ཚན་ཚང་མར་ཡིན་ད་ཡིན་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཡེ་ཤུ་ཆོས་དཔོན་ཕོབ་གསར་པ་རོ་བྷི་ཌི་པེ་ཝེ་སི་(Robert Prevost Pope Leo XIV) མཆོག་གི་གཞུང་འབྲེལ་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་ ༢༠༠ ལྷག་གི་མགོ་ཁྲིད་དང་རྒྱལ་ཁབ་ཁག་ཅིག་གི་རྒྱལ་སྲས་དང་རྒྱལ་པོ་རྒྱལ་མོ་བཅས་དང་། འཛམ་གླིང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་སྐུ་ཚབ། དེ་བཞིན། ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་མི་མང་འབུམ་དྲུག་ལྷག་ཨི་ཊ་ལིའི་ཡེ་ཤུ་ཆོས་ཁང་གི་ཚོམས་ཆེན་དུ་འཛོམས་ནས་ཕོབ་གསར་བའི་ཁྲི་འདོན་མཛད་སྒོ་འཚོགས་ཡོད་འདུག ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག་ནི་ཨ་རིའི་ཆི་ཁ་གོར་སྐུ་འཁྲུངས། རོམ་གྱི་པོན་ཊི་ཕི་ཀལ་སློབ་གྲྭ་ཆེན་མོ་(Pontifical College of St)  ནས་ཁྲིམས་ལུགས་ཐོག་འབུམ་རམས་པ་དང་། ཆི་ཁ་གོའི་ཝི་ལ་ནོ་ཝ་གཙུག་ལག་སློབ་གྲྭ་ (Villanova  University ) དང་ཆོས་ལུགས་མཐུན་སྒྲིལ་ཚོགས་པར་འགྲིམས།  ཁོང་གིས་ཕྱི་ལོ་ ༡༩༨༥ ནས་བཟུང་ཨ་གུ་སི་ཊི་ནི་ཡན་(Augustinian) གྱི་ལས་འགུལ་ནང་ཆོས་ཁང་གི་འགན་འཛིན་གྱི་ཕྱག་ལས་གནངས། ཕྱི་ལོ་ ༡༩༨༧ ལོར་ཆི་ཁ་གོར་དུས་ཡུན་ཐུང་ཐུང་ཞིག་བཞུགས་རྗེས་པེ་རུ་རུ་ཕྱིར་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས། ཕྱི་ལོ་ ༢༠༡༥ ནས་ ༢༠༢༣ བར་པེ་རུ་རྒྱལ་ཁབ་ཏུ་ཡེ་ཤུའི་ཆོས་དཔོན་གནངས།

དགེ་བཤེས་རྡོ་རྗེ་དབང་ཕྱུག་ལགས་ནི་ཕྱི་ལོ་ ༢༠༡༨ ལོར་ཨི་ཊ་ལིར་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཀུན་ཏུ་བཟང་བོའི་ཆོས་ཚོགས་ནང་ཞུགས་ཡོད་ཅིང་། ཆོས་ཚོགས་དེ་བཙུགས་ནས་ད་ཆ་ལོ་ངོ་ ༣༨ ལྷག་ཙམ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༥ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese