< གཞས་ཚིག > མང་ར་བ་གདུགས་དཀར་འབུམ།
བཀྲ་ཤིས་སྟག་འཚེར་ཁབ་ཏུ། །
མེ་ཏོག་པདྨ་བཞད་སོང་།།
འདབ་བརྒྱད་པདྨའི་ཟེའུ་འབྲུར། །
རིག་གསུམ་མགོན་པོ་འཁྲུངས་ཡོད། །
བཀྲ་ཤིས་བོད་ཀྱི་བུམ་བཟང་། །
ཡེ་ཤེས་བདུད་རྩིས་བལྟམས་སོང་། །
ཚེ་བུམ་གྲུབ་པའི་ཁ་རྒྱན། །
སངས་རྒྱས་སྟོང་གིས་བརྒྱན་ཡོད། །
བཀྲ་ཤིས་ཟབ་རྒྱའི་ཆོས་ཚུལ། །
འགྲོ་ཁམས་མོས་ངོར་བསྩལ་སོང་། །
སྐུ་གསུམ་སྐྱེ་འཇིག་མེད་པའི། །
མི་ནུབ་རྒྱལ་མཚན་བསྒྲེངས་ཡོད། །
བཀྲ་ཤིས་ཆོས་ཀྱི་མགྲོན་སར། །
གོ་སྟོན་དཀྱིལ་འཁོར་བཤམས་སོང་། །
༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ། །
དཀྱིལ་འཁོར་བཅུད་དུ་བཞུགས་ཡོད། །
ཨ་ལ་ལ། ངོ་མཚར་ཆེ།
ཨེ་མ་ཧོ། བསྐལ་བ་བཟང་།
པོ་ཏ་ལ་ཡི་དབུ་རྩེར། ཆོས་སྲིད་ཉི་ཟླ་འཆར་སོང་།