བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ནུབ་ཕྱོགས་སུ་ལྕགས་ཀྱི་ཟམ་པ་ཞིག་འགྱེལ་ནས་ཉུང་མཐར་མི་གཉིས་རྐྱེན་འདས་སུ་ཕྱིན་པ་དང་། དེ་ལ་བརྟེན་ནས་ཉེན་སྐྱོབ་ཀྱི་ལས་དོན་ཆེན་པོ་ཞིག་བྱེད་དགོས་བྱུང་ཡོད་འདུག

རྒྱ་གར་གྱི་འབྲེལ་ཡོད་མི་སྣས། དོན་རྐྱེན་དེའི་ཁྲོད་མི་དྲུག་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་དང་། རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་མ་ཧཱ་ར་ཤ་ཊ་རའི་ (Maharashtra) པུ་ནེ་ (Pune) རྫོང་གི་ཟམ་འོག་ཏུ་བཞུར་གྱིན་པའི་ཨིན་དྷ་ཡ་ནི་ (Indrayani) རྒྱུག་ཆུའི་ནང་ནས་མི་རྣམས་སྲུང་སྐྱོབ་བྱས་འདུག
གནས་ཚུལ་དེ་དངོས་སུ་མཐོང་མཁན་གྱིས། རེས་གཟའ་ཉི་མའི་ཆུ་ཚོད་ ༣།༣༠ ཙམ་ལ་མི་མང་པོ་ཞིག་ཟམ་པ་དེའི་སྒང་ནས་འགྲོ་བཞིན་པའི་སྐབས་གློ་བུར་དུ་ཟམ་པར་རྡིབ་སྐྱོན་ཤོར་བ་མཐོང་སོང་ཞེས་བཤད་འདུག
མ་ཧཱ་ར་ཤ་ཊ་རའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དྷ་ཝེན་དྷྲ་ཕཏ་ན་ཝིས་ (Davendra Fadnavis) ཀྱིས། རྒྱ་གར་གྱི་རང་བྱུང་གོད་ཆག་མདུན་རྒོལ་རུ་ཁག་ (India’s National Disaster Response Force) བཀོད་སྒྲིག་བྱས་ཏེ། གེགས་སེལ་གྱི་ལས་དོན་འཕྲལ་དུ་བྱས་ཡོད། ཅེས་དང་། ཁོང་གིས་ཏེ་ལི་གྷ་འོན་ (Talegaon) ཉེ་འགྲམ་དུ་ཡོད་པའི་ཨིན་དྷ་ཡ་ནི་རྒྱུག་ཆུའི་ཟམ་པ་འགྱེལ་བའི་ཡ་ང་བའི་གནས་ཚུལ་ཐོས་པར་སེམས་གདུང་བས་ཁེངས་ཡོད་ཅེས་གསུངས་འདུག
དོན་རྐྱེན་དེའི་ཐད་མ་ཧཱ་ར་ཤི་ཊ་རའི་རྒྱལ་ཞེན་སྲིད་གྲོས་ཆབ་སྲིད་ཚོགས་པའི་ (Nationalist Congress Party) མགོ་ཁྲིད་སུ་པི་ཡ་སུལ་ (Supriya Sule) ལགས་ཀྱིས། ཟམ་པའི་སྒང་དུ་ཡོད་པའི་མི་ཁ་ཤས་ཤིག་ཆུས་ཁྱེར་ཡོད་བའི་སེམས་ཁྲལ་འདུག་ཅེས་བརྗོད་འདུག
གནས་ཚུལ་དེ་དངོས་སུ་མཐོང་མཁན་ར་གྷུ་ཝིར་ཤི་ལར་ (Raghuveer Shelar) གྱིས་རྒྱལ་སྤྱིའི་རོའུ་ཊར་གསར་ཁང་ལ། ཟམ་པ་དེ་གློ་བུར་དུ་འགྱེལ་བ་དང་ཉུང་མཐར་མི་གྲངས་ ༢༠ ནས་ ༢༥ ཆུས་ཁྱེར་སོང་། ཉེན་སྐྱོབ་མི་སྣ་འགས། ཡུལ་སྐོར་སྤྲོ་འཆམ་པ་འགའ་ཞིག་སྐྱོབ་ཐུབ་ཡོད་ཀྱང་། མི་ཁ་ཤས་ཤིག་ཞེད་སྣང་གི་དབང་གིས། ཟམ་པ་ཞིག་རོའི་འོག་ཏུ་ཚུད་ཡོད་ཅེས་བརྗོད་འདུག
གསར་འགྱུར་གྱི་ཁུངས་གནས་འབྲེལ་ཐག
བསྟན་འཛིན་ཉི་སྒྲོན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།