མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ཐད་བོད་པ་དང་། ཡུ་གུར་བ། ལྷོ་སོག ཐའེ་ཝན། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ས་གནས་མི་མང་སོགས་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག པར་དབང་།GATPM ༢༠༢༥།༦།༡༤

ཉེ་ལམ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་རོ་ཡལ་མིན་ཌི་ (Royal Mint Court)ས་གནས་སུ་རྒྱ་ནག་གི་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞིའི་གནད་དོན་ཐད། དབྱིན་ཡུལ་ནང་གནས་སྡོད་བྱེད་མཁན་ཧོང་ཀོང་ཝན་ཁྲི་རྫོང་དཔོན་ཟུར་བ་ཀྲང་ཅ་ལི་ (張嘉莉) གཙོས་ཧོང་ཀོང་སྐྱབས་བཅོལ་བའི་གོ་སྒྲིག་འོག  བོད་པ་དང་། ཡུ་གུར་བ། ལྷོ་སོག ཐའེ་ཝན། རྒྱ་རིགས་དམངས་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༤༠༠༠ ལྷག་འཛོམས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ལོན་ཌོན་ནང་རྒྱ་གཞུང་གི་གཞུང་ཚབ་གསར་རྒྱག་ཐད་ཐེངས་འདིའི་གོ་སྒྲིག་པ་ཀྲང་ཅ་ལི་ལགས་ཀྱིས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ནང་ཌོ་ཝར་ཧམ་ལེ་ཌི་གྲོང་སྡེའི་ལྷན་ཚོགས་(Tower Hamlets Council) ཀྱིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་དེས་བདེ་འཇགས་དང་། རིག་གཞུང་། ཆབ་སྲིད་བཅས་ཀྱི་ཐད་ལ་སེམས་འཚབ་ཡོད་པའི་རྐྱེན་གྱིས་ཕྱིར་འཐེན་བྱས་ཡོད།  ཡིན་ནའང་། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ཌི་ཝི་ཌི་ལམ་མེ་(David Lammy) རྒྱ་ནག་ནང་འཚམས་གཟིགས་སུ་ཕྱིན་རྗེས་སུ་དབྱིན་ཇིའི་གཞུང་གིས་སྔོན་གྱི་ཐག་གཅོད་དེ་བསྐྱར་ཞིབ་བྱ་རྒྱུ་བྱས་པ་རེད། དེ་ནི་ས་གནས་ཀྱི་མི་མང་གི་དམངས་གཙོའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད། ཅེས་དང་། དེ་ནི་དབྱིན་ཇིའི་མི་མང་གི་རིན་ཐང་ཆེ་བའི་དམངས་གཙོ་ལམ་ལུགས་ལ་བརྩི་བཀུར་བྱེད་ཀྱི་མེད་པ་རེད། རང་ཉིད་ཧོང་ཀོང་གི་རྫོང་དཔོན་ཟུར་བ་ཞིག་བྱས་མྱོང་ཡོད་པའི་ཆ་ནས་དམངས་གཙོའི་ལམ་ལུགས་ཐོག་ནས་མི་མང་གི་བསམ་ཚུལ་ལ་ཉན་རྒྱུ་གལ་ཆེན་པོ་རེད། ཧོང་ཀོང་མི་མང་གི་འཐབ་རྩོད་ཐེངས་མང་པོར་ཕམ་ཁ་བྱུང་ཡང་། ང་ཚོ་ད་དུང་སེམས་ཤུགས་ཆག་གི་མེད། དབྱིན་ཡུལ་ནང་གི་ང་ཚོའི་འཐབ་རྩོད་པ་རྣམས་ཕམ་ཁ་བྱུང་འདོད་མེད། ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས། ལོ་ལྔའི་སྔོན་ལ་རྒྱ་ནག་གཞུང་གི་འཆར་གཞི་འདི་ཐོག་མར་ཐོན་སྐབས་ང་ཚོ་མཉམ་དུ་འཛོམས་ཏེ་ངོ་རྒོལ་བྱས་ཡོད། བོད་པ་དང་། ཡུ་གུར་བ། ཧོང་ཀོང། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ས་གནས་ཡུལ་མི། གྲོས་ཚོགས་འཐུས་མི་སོགས་ཀྱིས་ང་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོ་མཉམ་འབྲེལ་གྱི་ཐོག་ནས་སྲང་ལམ་འདི་རུ་འཛོམས་པས་གྲོས་ཚོགས་འཐུས་མི་རྣམས་ལ་བརྡ་ལན་སྤྲད་ཡོད། ཅེས་དང་།  འདི་ནི་ཡོ་རོབ་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་ལ། དབྱིན་ཇིའི་རང་དབང་དང་སྙིང་སྟོབས་ཀྱི་མཚོན་རྟགས་ལྟ་བུ་ཡིན་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ལོན་ཌོན་གྱི་མཐོ་རིམ་ལས་ཁུངས་དང་ཐག་ཉེ་སར་ཡོད་པས། ཧ་ཅང་འཇིགས་སྣང་ཆེ་བའི་ཚོགས་སྡེ་ཞིག་ཏུ་འགྱུར་རྒྱུ་རེད། དེ་ནི་ཕྱི་འབྲེལ་གྱི་རྟེན་གཞི་ཞིག་ཆགས་རྒྱུ་མིན་པར་རྒྱལ་ཁབ་མང་པོའི་གནོན་ཤུགས་ཀྱི་ཉེན་ཁ་རུ་འགྱུར་རྒྱུ་རེད།ཅེས་བརྗོད་འདུག

དེ་བཞིན་སྐབས་དེར་དབྱིན་ཡུལ་གུ་ཡངས་མང་གཙོ་ཆབ་སྲིད་ཚོགས་པའི་འཐུས་མི་ཡིན་པེ་རེ་ཌི་ (Ying Perrett )ལགས་དང་། དབྱིན་ཡུལ་ནང་གནས་སྡོད་ཧོང་ཀོང་རྫོང་དཔོན་ཟུར་བ་ཅིན་ཅཝན་(劉珈汶)། ཀྲོ་ཧན་ལིན(鍾翰林)  ཏུའུ་ཅ་ལོན་(杜嘉倫)། རོལ་མོ་བ་བྷོ་གྷེ་ཝོ་གྷི་(Dr K Boogie Woogie)།  ཐའེ་ཝན་གྱི་ལས་འགུལ་བ་ལི་ཞོན་ཡིས(李宣儀) སོགས་ཀྱིས་རྒྱ་གཞུང་གི་གཞུང་ཚབ་ཁང་གསར་རྒྱག་ཐད་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་ཡོད་འདུག ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དབྱིན་ཡུལ་རྙིང་ཞེན་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཟུར་པ་ཨི་ཡན་ཌོ་ཀེན་སི་མི་ཐི་ ( Iain Duncan Smith) ལགས་ཀྱིས་ཐེངས་འདིའི་གནད་དོན་གང་མགྱོགས་ཐག་གཅོད་བྱ་དགོས་སྐོར་སོགས་ཀྱི་སྙན་ཞུ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་རྒྱ་ནག་གཞུང་གིས་རོ་ཡུལ་མན་ཌི་ས་གནས་སུ་ས་ཆ་ཞིག་ཉོས་ཏེ། རྗེས་སུ་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་ཀྱང་། ཕྱི་ལོ་༢༠༢༢ ཟླ ་༡༢ ནང་ས་གནས་གཞུང་ནས་ཆོག་མཆན་ཐེངས་གཉིས་བཀག་ཡོད་ཅིང་། དབྱིན་ཡུལ་ནང་རྒྱ་ནག་གཞུང་གིས་གཞུང་ཚབ་གསར་རྒྱག་གི་ལས་གཞིའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་བྱས་ཡོད་པ་མ་ཟད། བོད་པ་དང་། ཡུ་གུར། ཧོང་ཀོང་བ། དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཐེངས་མང་པོར་ངོ་རྒོལ་བྱས་ཡོད་འདུག

གསར་འགོད་པ།  བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese