མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་བྲག་མགོ་རྫོང་ནས་མཆོད་རྟེན་དང་གུ་རུའི་སྐུ་བརྙན་བཙན་གྱིས་གཏོར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་དཀར་མཛེས་ཁུལ་བྲག་མགོ་རྫོང་འཇང་སྒང་དགོན་པའི་ཉེ་འཁྲིས་ནས་མཆོད་རྟེན་ ༣༠༠ ལྷག་དང་གུ་རུའི་སྐུ་བརྙན་སོགས་བཙན་གྱིས་གཏོར་ཡོད་པ་མ་ཟད་ས་གནས་སུ་དམ་དྲག་ཆེན་པོོ་བྱེད་བཞིན་ཡོད་འདུག

འཇང་སྒང་དགོན། པར་དབང་། བོད་ཀྱི་དུས་བབ། ༢༠༢༥།༧།༢༣

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་གཞུང་གི་ས་ཆའི་ཐོག་འཛུགས་སྐྲུན་བྱས་ཡོད་པར་བསྙད་དེ།  བོད་དཀར་མཛེས་ཁུལ་བྲག་མགོ་རྫོང་འཇང་སྒང་དགོན་པའི་ཉེ་འཁྲིས་ལུང་རབ་བཟང་རིར་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་འབྲིང་བ་ ༣༠༠ ལྷག་དང་། མཆོད་རྟེན་ཆེ་བ་གསུམ་ཡོད་པ་བཙན་གྱིས་གཏོར་ཏེ་རྩ་མེད་བཏང་ཡོད་པ་མ་ཟད། གནས་ཚུལ་ཕྱི་ལ་མི་ཁྱབ་པའི་ཆེད་དུ་ཁ་སང་དེ་རིང་མཆོད་རྟེན་གཏོར་སར་མི་གཅིག་ཀྱང་གཏོང་གི་མེད་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་མཆོད་རྟེན་རྣམས་ཀྱི་སྐུ་པར་དང་གཏོར་བཤིག་བཏང་བའི་ཡུལ་དངོས་ཀྱི་པར་རིས་སོགས་མཇལ་རྒྱུ་མི་འདུག་ཀྱང་། ས་གནས་བོད་མི་ཞིག་གིས་དེ་འབྲེལ་གནས་ཚུལ་ཕྱི་ཕྱོགས་སུ་བཏང་བ་ཙམ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ལ།  མཆོད་རྟེན་ཡོད་སར་མཁན་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་སྐུ་འདྲ་གཅིག་དང་། གུ་རུའི་སྐུ་བརྙན་ཞིག་ཡོད་པ་དེའང་གཏོར་སྐྱོན་བཏང་ཡོད་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡ ཉིན་རྒྱལ་ཁབ་ཆོས་ལུགས་ལས་ཁུངས་ཀྱི་བཀའ་རྒྱ་ཨང་ ༢༢ པ་ཟེར་བ་ཞིག་ཁྱབ་བསྒྲགས་བྱས་ཏེ་འཇང་སྒང་དགོན་སྡེ་ཡོངས་སུ་སྔར་ལྷག་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ནས་དགོན་སྡེ་དོ་དམ་སྲོལ་ཡིག་དོན་ཚན་ ༤༣ ཟེར་བ་བཀྲམ་ནས་དགོན་པའི་ལས་དོན་ཡོངས་སུ་རྫོགས་པ་ཆོས་ལུགས་ལས་ཁུངས་ཀྱི་སྟངས་འཛིན་འོག་འགྲོ་དགོས་ཀྱི་ཡོད་པའི་བཀའ་རྒྱ་ཕབ་ཡོད་འདུག

རྒྱ་ནག་གཞུང་གིས་གཏོར་ཟིན་པའི་བྲག་མགོ་དགོན་གྱི་སྟོན་པའི་སྐུ་བརྙན།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣ ཉིན་བྲག་མགོ་རྫོང་སྲིད་གཞུང་གི་དམར་ཤོག་མགོ་ཁྲིད་ཚོས་བྲག་མགོ་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་མེད་པར་བསྙད་ནས་བཙན་གྱིས་སྒོ་བརྒྱབ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ ནང་ས་གནས་བོད་མི་ཚོས་རྒྱུན་དུ་ཕྱག་སྐོར་ར་དང་། ཁ་འདོན་དགེ་སྒྲུབ་བྱེད་སའི་དགོན་པའི་ཉེ་འདབས་ཀྱི་མ་ཎི་ལག་འཁོར་གྲངས་ ༤༥ དང་། མཐོ་ཚད་སྨིད་༩༩ ལྷག་ཅན་གྱི་ཐུབ་དབང་གི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད།  མ་ཎི་དར་ལྕོག་དང་སྒོ་དར་སོགས་བཙན་གྱིས་ཕབ་བཅུག་ནས་མེར་སྲེག་བཏང་དུ་བཅུག་པ་དང་། བོད་མི་སེར་སྐྱ་མང་པོ་སྔ་གཞུག་ཏུ་འཛིན་བཟུང་བྱས་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ།

https://tibettimes.net/2022/01/07/217306/

https://tibettimes.net/2022/05/18/219976/

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

ཆུ་ཚོད་ ༨ སྔོན་ལ།
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

༢༠༢༥/༡༢/༡༩
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese