མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྲག་མགོ་རྫོང་དུ་བོད་མིའི་ཚོང་ཁང་དང་ཟ་ཁང་བཅུ་གཅིག་ཡས་མས་གཏོར་འདུག 

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདས་ལོར་བོད་བྲག་མགོ་དགོན་པའི་སྟོན་པའི་སྐུ་བརྙན་གཏོར་མཁན་དེ་བྲག་མགོ་དགོན་པའི་དགེ་འདུན་པ་ཚོ་ཡིན་པ་ལས་རྒྱ་ནག་གཞུང་མིན་ལུགས་ཀྱི་ཡིག་ཆ་རྫུན་མ་ཞིག་ལ་མིང་རྟགས་འགོད་དུ་འཇུག་གི་ཡོད་འདུག

བྲག་མགོ་རྫོང་སྲིད་གཞུང་གིས་ཁྲོམ་ཚོང་རྟོག་ཞིབ་བྱེད་བཞིན་པ། ༢༠༢༢།༠༥།༠༤ (File photo)
འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་༤་པའི་ཚེས་ ༢ ཡས་མས་སུ། རྒྱ་ནག་གཞུང་གིས་བྲག་མགོ་རྫོང་ཐོག་གི་བོད་མིའི་ཟ་ཁང་དང་ཚོང་ཁང་ཆེ་ཆུང་ ༡༡ ལྷག་གཏོར་ཡོད་པ་དང་། རྒྱུ་མཚན་གཙོ་བོ་ཐོག་མར་ཡིག་ཆ་ཚད་ལྡན་མིན་ལུགས་དང་ཐོག་རྩེག་མཐོ་དྲགས་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་པ་དང་། མཐའ་མ་དེར་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལམ་ཁར་འཁེལ་བའི་ཟ་ཁང་དང་ཚོང་ཁང་མ་གཏོར་ཚེ། དེ་ལ་ཁྲལ་དངུལ་རྒྱ་སྒོར་ཁྲི་ ༣༠༠ ནས་ ༤༠༠ སྤྲོད་དགོས་པའི་འཇིགས་སྐུལ་བྱས་པར་བརྟེན། ཡུལ་མི་ཚོར་དངུལ་འབོར་ཆེན་དེ་འདྲ་སྤྲོད་རྒྱུ་མེད་པར་བཙན་གྱིས་གཏོར་ཡོད་པ་མ་ཟད། གཏོར་བཤིག་བཏང་བའི་གུན་གསབ་གང་ཡང་སྤྲད་མེད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་ན་ནིང་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དེ་བྲག་མགོ་དགོན་པའི་དགེ་འདུན་པ་ཚོས་གཏོར་ཡོད་ལུགས་ཀྱི་ཡིག་ཆ་ཞིག་ལ་དགེ་འདུན་པ་རེ་རེ་བཞིན་མཚན་རྟགས་རྒྱག་ཏུ་འཇུག་གི་ཡོད་སྐོར་བརྗོད་བྱུང་ལ། རྒྱ་ནག་གཞུང་གི་བྱེད་བབ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་གཡོལ་ཐབས་ཤིག་ཡིན་པ་རེད། དུས་རྒྱུན་བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་གནད་དོན་བྱུང་སྐབས་རྒྱ་ནག་གཞུང་གིས་རིག་འཚོ་མ་ཟིན་པ་ཡིན་པའམ་ཡང་ན་ཁྱིམ་ཚང་གི་གནད་དོན་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་ཚུལ་སོགས་ཀྱི་འཁྱོག་བརྗོད་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།

འདས་ལོར་གཏོར་བཤིག་བཏང་བའི་བྲག་མགོ་དགོན་གྱི་སྟོན་པའི་སྐུ་བརྙན།
འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་བྲག་མགོ་དགོན་གྱི་མཐོ་ཚད་སྨིད་ ༩༩ ཅན་གྱི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གཏོར་བཤིག་བཏང་བའི་གནས་ཚུལ་དེ་ཕྱི་ཕྱོགས་སུ་བསླེབས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲིས་རྡོ་རྗེ། ལྷ་མོ་དབྱངས་ཅན། ཚེ་རིང་བསམ་སྒྲུབ་གཙོས་མི་གྲངས་བཅུ་གྲངས་ཤིག་ལ་གནས་ཚུལ་ཕྱི་ལ་བཏང་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་ཏེ། ཕལ་ཆེ་བ་བྲག་མགོ་རྫོང་ནས་བར་ཐག་སྤྱི་ལེ་ ༥ ཙམ་གྱི་སར་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མ་ཞེས་པའི་ས་གནས་ཀྱི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བཅུག་ནས་ཆབ་སྲིད་སློབ་གསོ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། ཨ་རི་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
ས་གནས་གསར་འགོད་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist