མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ལམ་འགན་འཛིན་ཟུར་པ་ཝང་ཞའོ་ཕིན་གྱིས་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག་ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།

ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་ཧུའུ་པེ་ཞིང་ཆེན་སུང་ཙེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཟེར་བས། རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པ་ཝང་ཞའོ་ཕིན་གྱིས་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་བཙུགས་ཏེ། ལོ་ ༡༠ དང་ཟླ་ ༦ རིང་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༧༠ ཡིས་ཉེས་ཆད་བཅད་ཡོད་པ་མ་ཟད་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

ཉེ་ལམ་རྒྱ་ནག་ཚེ་ཞིན་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ལྐོག་ཟ་རུལ་སུངས་བྱས་པའི་དོན་རྐྱེན་མང་པོ་བྱུང་ཡོད་པའི་ཁྲོད། ཉེས་འཛུགས་ཁས་མ་བླངས་པའི་གྱོད་གཞི་བྱུང་མེད་ཀྱང་། རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྒྲིག་ཁྲིམས་འགན་འཛིན་ཟུར་པ་ཝང་ཞའོ་ཕིན་ལ་ཞིབ་བཤེར་བྱས་ནས་ལོ་གཉིས་ཙམ་ཕྱིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཧུའུ་པེ་ཞིང་ཆེན་སོང་ཙི་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་ཁྲིམས་བཤེར་ཐོག་མ་འཚོགས་ཡོད་ཅིང་། སྐབས་དེར་ཝང་ཞའོ་ཕིན་ལ་ལྐོག་རྔན་རྒྱ་སྒོར་ཁྲི་ ༦༤༥ བླངས་བའི་ནག་ཉེས་བཙུགས་ཡོད་ཀྱང་། ཁོ་དང་ཁོའི་ཁྲིམས་རྩོད་པ་གཉིས་ཀྱིས་ནག་ཉེས་བཙུགས་པར་ཁས་ལེན་བྱས་མེད་པ་རེད།

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ཚེས་ ༢༤ ཉིན་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་། རྒྱ་ནག་ལུས་རྩལ་སྤྱི་ཁྱབ་ཁང་། ཧུའུ་པེ་ཞིང་ཆེན་ལྟ་སྐུལ་དོ་དམ་ཁང་སོགས་ཀྱིས་ཝང་ཞའོ་ཕིན་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་གནད་དོན་ལ་ཞིབ་བཤེར་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་སུང་ཙེ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཝང་ཞའོ་ཕིང་གི་གྱོད་དོན་ཡོངས་གྲགས་ཐོག་འདྲི་གཅོད་བྱས་ཡོད་འདུག

ཝང་ཞའོ་ཕིན་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་ཧྲན་ཞི་ཞིང་ཆེན་ཅི་ཧྲན་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༨༢ ལོར་པེ་ཅིན་ལུས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༨ ལོར་རྒྱ་ནག་ཆབ་སྲིད་ཁྲིམས་ལུགས་སློབ་ཆེན་དུ་ལུས་རྩལ་དང་འབྲེལ་བའི་ཐོག་ཆེད་སྦྱོང་བྱས་ཏེ་ཁྲིམས་ལུགས་རིག་པའི་སློབ་གནས་ཐོབ།  ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་ཆབ་སྲིད་ཁྲིམས་ལུགས་སློབ་ཆེན་གྱི་ལུས་རྩལ་ཁྲིམས་ལུགས་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་བྱས། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་གྱི་ལས་འགན་འཁུར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐབས་ ༡༡ པའི་ཚོགས་ཆེན་སྟེང་དུ་ཡང་བསྐྱར་འགན་འཛིན་དུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༢༣ ལོའི་ནང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་སོགས་ཀྱིས་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

གཞན་ཡང་། རྒྱ་ནག་ཧུའུ་པེ་ཞིང་ཆེན་ཐུང་ཧྲན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། རྒྱ་ནག་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན་ཟུར་པ་ལིའུ་ཅུན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་བཙུགས་ཏེ། ལོ་ ༡༡  བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༡༡༠ ཡིས་ཉེས་ཆད་བཅད་ཡོད་པ་མ་ཟད་རྒྱུ་ནོར་གཞུང་བཞེས་བཏང་ཡོད་འདུག

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་རྒྱ་ནག་རྐང་སྤོལ་རུ་ཁག་གི་ཆེས་མཐོའི་སློབ་སྟོན་པ་ལི་ཐའེ་ཡིས་ཨ་སྒོར་ས་ཡ་ ༡༠ ལྷག་ལྐོག་ལེན་བྱས་ཡོད་པའི་ནག་ཉེས་འོག། ཁོ་ལ་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲིམས་ཆད་དང་། ཆབ་སྲིད་ཀྱི་ཁེ་དབང་སོགས་འཕྲོག་ཡོད་པའི་གནས་ཚུལ་ཐོན་འདུག  ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་དྲུང་ཆེ་ལུའུ་ཡེ་ཡིས་དངུལ་སྒོར་གཡོ་ལེན་དང་ལྐོག་བཟའ་བྱས་པའི་ནག་ཉེས་གཡོགས་ནས་མི་ལོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ས་ཡ་ ༣།༦ གི་ཉེས་ཆད་བཅད་ཡོད། ཡང་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་གཟུ་དཔང་དོ་དམ་ཚན་པའི་འགན་འཛིན་ཟུར་པ་ཐན་ཧའེ་ཡིས་དངུལ་སྒོར་ལྐོག་བཟའ་བྱས་པའི་ནག་ཉེས་འོག་མི་ལོ་དྲུག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་དང་། ཨ་སྒོར་འབུམ་ཉི་ཤུ་ལྷག་གི་དངུལ་ཆད་བཅད་འདུག ལོ་དེའི་ཕྱི་ཟླ་  ༣ ནང་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཛིན་ཟུར་པ་ཁྲིན་ཞིས་ཡོན་གྱིས་རྒྱ་སྒོར་ས་ཡ་ ༨༡།༠༣ གྱི་ལྐོག་རྔན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ། མི་ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་ཡོད་འདུག དེ་བཞིན་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་རྐང་རྩེད་སྤོ་ལོ་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་གཞོན་པ་ཁྲིན་ཡུང་ཉིང་གིས་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་ ༡༤ བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ཁྲི་ ༢༢༠ ཉེས་ཆད་བཅད་ཡོད་པ་སོགས་སྔ་རྗེས་སུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་ཡོད་པ་རེད།

 

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༤ སྔོན་ལ།
Photo Credit: tibet.net
Mobile App

སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་གསར་པ་དྲུག་གིས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

༢༠༢༦/༠༦/༠༢
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese