མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་གསར་འགོད་པ། གསར་ཁང་སོགས་ལ་དམག་དོན་སྒྲིག་འཛུགས་དང་གསང་བའི་ལས་ཁུངས། ཉེན་རྟོག་རུ་ཁག  དེ་བཞིན་ནག་ཚོགས་ཀྱི་ཕྱོགས་ཁག་རིགས་གླས་ཏེ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དམ་དྲག་བྱས་ཡོད་པ་ཐེར་འདོན་གནང་འདུག

Photo Credit : US Department of State’s Website

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༡༩༦༡ ལོའི་ཕྱི་སྲིད་རོགས་སྐྱོར་གྱི་ཁྲིམས་དང་ཕྱི་ལོ་ ༡༩༧༤ ལོའི་ཚོང་འབྲེལ་གྲོས་ཆོད་ཀྱི་གཏན་འབེབས་ནང་གསལ་བཞིན། ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོའི་ནང་གླིང་ཆེན་ཨ་ཧྥི་རི་ཁའི་རྒྱལ་ཁབ་དང་གླིང་ཕྲན་ཁག ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག ཡུ་རོབ་དང་ཨེ་རོ་ཤི་ཡ (Eurasia)།  དཀྱིལ་ཤར་ཡུལ་གྲུ་ཁག་དང་བྱང་ཨ་མི་རི་ཁ། ཨེ་ཤ་ཡ་ལྷོ་མ་དང་དབུས་ཁུལ། ནུབ་ཕྱེད་གོ་ལའི་ (Hemisphere) ས་ཁུལ་སོགས་ཀྱི་རྒྱལ་ཁབ་དང་གླིང་ཕྲན་ཁྱོན་ ༡༩༣ ནང་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཇི་ལྟར་བྱས་ཡོད་མེད་ཀྱི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་ཤིང་། དམིགས་བསལ་ཞིབ་འཇུག་སྙན་ཐོ་དེའི་ཁྲོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ནང་བོད་དང་ཧོང་ཀོང་། ཨོ་མན་བཅས་ཀྱི་གནས་སྟངས་སྐོར་ལའང་ཞིབ་འཇུག་བྱས་ཡོད་འདུག

སྙན་ཐོའི་ནང་དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁོ་ནར་ཞིབ་འཇུག་གྲུབ་དོན་ཞིག་བཏོན་པའི་ནང་གི་ཚན་པ་ཐོག་མར་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་གི་གནས་སྟངས་སྐོར་ལ། རྒྱ་ནག་གཞུང་གིས་རྒྱ་ནག་རང་གི་རྩ་ཁྲིམས་ནང་གསལ་བའི་སྨྲ་བརྗོད་རང་དབང་ལ་གཙི་སྲུང་བྱེད་ཀྱི་མེད་ཅིང་། བོད་མི་ཚོར་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་སྲིད་ཇུས་ཐོག་བསམ་ཚུལ་འདོན་པའི་ཐོབ་ཐང་ཏི་འབྲུ་ཙམ་ཡང་མེད་པའི་ཁར། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ཐོག་གླེང་སློང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གལ་གནད་ཆེ་བའི་མཚོན་རྟགས་ཀྱི་རིགས་དང་ལྷག་པར་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་པར་སོགས་སྒྲིག་གཤོམ་བྱས་ཚེ། གང་བྱུང་འཛིན་བཟུང་བཙན་ཁྲིད་ཀྱིས་ཁྲིམས་ཐག་ནན་མོ་གཅོད་བཞིན་ཡོད་ལ། ལྷག་པར་དུ་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་དུ་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་གནས་ཚུལ་གྱི་རིགས་ལ་དོ་དོ་དམ་ནན་གྱིས་ཞིབ་བཤེར་དང་འབྲེལ་ཡོད་བརྒྱུད་སྤེལ་བྱེད་མཁན་ལ་ཁྲིམས་ཆད་གཅོད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་  ༥ པའི་ཟླ་མཇུག་ཙམ་ལ། བོད་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་པ་ཞིག་གི་དགེ་འདུན་པ་རང་ལོ་ ༢༦ ཅན་ཞིག་གིས། རྒྱ་ནག་དམར་གཞུང་གི་ཆབ་སྲིད་དང་འགལ་བའི་གསལ་བསྒྲགས་ཤིག་ལ་དཔྱད་མཆན་བཀོད་དེ་ཁ་བྲལ་བའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། གཅིག་སྒྲིལ་རྫོང་གི་རྫོང་དཔོན་དང་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་སོགས་དགོན་པར་ཡོང་སྟེ་དགོན་པའི་བླ་སྤྲུལ་དང་དམངས་དམ་ཁང་ཟེར་བའི་ལས་བྱེད་ཚོར་སྐྱོན་བརྗོད་བྱས་ཡོད་འདུག་ལ། ཟླ་ ༦ ནང་དགོན་པར་བསྡད་ཡོད་པའི་དགེ་འདུན་པ་ ༡༠༠ ཙམ་ལ་ཉིན་གྲངས་ ༡༠ ཡས་མས་རིང་ཆབ་སྲིད་སློབ་གསོ་ཟེར་བ་སྤྲད་ཡོད་འདུག ཕྱི་ལོ་ ༡༠ ནང་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་རྡོ་བྱེ་སྔོག་འདོན་གཏུག་བཤེར་བྱས་པ་དང་འབྲེལ། མཚོ་སྔོན་ཚེ་རིང་ལགས་སུ་སྒེར་གྱི་འཁོན་སེམས་འཁུར་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

Thousands of Army in Kunbum Monastery in  east Tibet. Photo Credit: freetibet.org

དམིགས་བསལ་བོད་ནང་གི་རྩོམ་པ་པོ་དང་གསར་འགོད་པ། གསར་ཁང་སོགས་ལ་གཞུང་དང་དམག གསང་བའི་སྒྲིག་འཛུགས། ཉེན་རྟོག་རུ་ཁག་དང་ནག་ཚོགས། དེ་བཞིན། ཐལ་སྤྱོད་དང་གྱེན་ལོག་གི་ཕྱོགས་ཁག་རིགས་གླས་ཏེ། དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དམ་དྲག་བྱེད་བཞིན་ཡོད་ཅིང་། བོད་ནང་གི་གསར་འགོད་པ་ཞིག་ཡིན་ཕྱིར་དམར་ཤོག་ཚོགས་པ་དང་མེས་རྒྱལ་ལ་བློ་དཀར་ཡིན་པའི་གཞི་རྩའི་ཆ་རྐྱེན་ཚང་དགོས་པའི་ཁར། གོང་རིམ་མམ་རྒྱ་ནག་གི་མགོ་ཁྲིད་ཚོས་བཀོད་མངགས་ཇི་ལྟར་བྱས་པ་ནང་བཞིན་གྱིས་གསར་འགོད་བྱེད་དགོས་ཀྱི་ཡོད་འདུག་ལ། དེ་བཞིན་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་པར་དམ་དྲག་བྱེད་བཞིན་ཡོད་པ་དང་གལ་སྲིད་བོད་ནང་དུ་བསྐྱོད་ཆོག་པའི་ཆོག་མཆན་ཐོབ་ཚེ་འགྲོ་འདུག་གི་རང་དབང་ལ་ཚད་བཀག་དང་མྱུལ་ཞིབ་བྱེད་ཀྱི་ཡོད་འདུག དེ་བཞིན་བཙན་བྱོལ་གྱི་གསར་འགོད་རང་དབང་དང་འབྲེལ་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་དང་རྒྱ་སྐད་ཀྱི་གསར་འགྱུར་རིགས་བོད་ནང་ནང་ལྟ་ཉན་ཐུབ་རྒྱུར་བཀག་འགོག་མུ་མཐུད་བྱེད་མུས་ཡིན་པ་དང་། བོད་ནང་གི་གནས་ཚུལ་རིགས་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་སྐོར་སོགས་ཀྱང་བརྗོད་འདུག

གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་ཐག་མ་བཅད་པར་དུས་ཡུན་ངེས་མེད་བཀག་ཉར་བྱས་པའི་ཚན་པའི་ནང་།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོར་འདས་པའི་ལོ་བཞིའི་རིང་གང་བྱུང་འཛིན་བཟུང་བྱས་པའི་བོད་མི་ ༦༣ ལྷག་གར་སོང་ཆ་མེད་དུ་གྱུར་བ་དང་། འདས་ལོའི་ཕྱི་ཟླ་ ༤ ནང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ཞུ་བ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་སྐད་འབོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད། ཕྱི་ལོ་ ༡༩༩༥ ལོར་༸གོང་ས་མཆོག་ནས་ངོས་འཛིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༦ སྟེང་ནས་ནང་མི་སྐུ་འཁོར་དང་བཅས་པ་འཛིན་བཟང་བཙན་ཁྲིད་ཀྱིས་ད་ལྟའང་སྐུ་འཁོར་དང་བཅས་པ་འཚོ་བཞུགས་ཡིན་མིན་གྱི་གནས་སྟངས་ཁ་གསལ་མེད་པ། དེ་བཞིན། འདས་ལོའི་ཕྱི་ཟླ་ ༩ ནང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་གཙོས་མི་བཞི་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་ཨ་ཉག་སེང་སྒྲ་གཙོ་བྱས་པའི་སྐལ་བཟང་ཕྱོགས་གླང༌ལགས། དོན་རྒྱས་ལགས་དང་རིན་ཆེན་རྣམ་གྲོལ་ལགས། ཚུལ་ཁྲིམས་མགོན་པོ་ལགས། བྱང་ཆུབ་དངོས་གྲུབ་ལགས། སོག་རུ་ཨ་བྷོ། རྣམ་སྲས་ལགས་བཅས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་མི་དགུ་འཛིན་བཟུང་བྱས་ཏེ། ཕྱིས་སུ་མི་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་ཡོངས་བསྒྲགས་བྱས་ཡོད་པ་ལས།  མི་དྲུག་གི་གནས་སྟངས་ད་དུང་ཡང་ཁ་གསལ་མེད་པ་དང་། རྒྱ་ནག་གིས་བོད་མི་མང་པོ་ཞིག་དམིགས་བསལ་བཀག་ཉར་ཁང་ཁག་ཏུ་བཅུག་སྟེ་ཁྲིམས་ཆད་གཅོད་ཀྱི་མེད་ཁར་ཁོང་ཚོར་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་པའི་ཐོབ་ཐང་ཡང་སྤྲོད་ཀྱི་མེད་སྐོར་སོགས་བརྗོད་འདུག

གཅར་རྡུང་དང་སྡུག་རྩུབ། མི་གཤིས་ལས་བརྒལ་མནར་གཅོད་ཀྱི་ཚན་པའི་ནང་།  འདས་ལོའི་ཕྱི་ཟླ་ ༡༡ ནང་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་སེར་ར་ཐེག་ཆེན་གླིང་དགོན་པའི་གྲྭ་བློ་གསལ་འཛིན་བཟུང་བཙོན་འཇུག་བྱས་ཏེ། ཉེས་རྡུང་ཚབས་ཆེན་བཏང་བ་ལ་བརྟེན་ནས་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཞིག་ཀྱང་བཀོད་འདུག་ལ། ཁོང་ལ་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཏེ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནག་ཉེས་གཡོགས་ཡོད་འདུག དེ་བཞིན། བཙན་བྱོལ་བོད་མིའི་ཐོག་ཏུ། རྒྱ་ནག་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་འཇིགས་སྐུལ་དང་བརྙས་བཅོས། སོ་ལྟ་སོགས་བྱེད་བཞིན་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༡ ནང་བོད་ཀྱི་ཆ་འཕྲིན་དང་རྒྱུད་སྨད་གྲྭ་ཚང་གི་དྲ་རྒྱར་འཇབ་རྒོལ་ཐེབས་པའི་གནས་ཚུལ་ལྷག་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདོན་སྤེལ་གནང་བའི་གནས་ཚུལ་དུ། ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་བཙན་བྱོལ་དུ་གནས་པའི་བོད་མི་ ༨༤ ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་ཡོད་སྐོར་སོགས་བཀོད་འདུག

རྒྱལ་སྲིད་འབྲེལ་ལམ་གྱི་ཐོག་ནས། རྒྱ་ནག་གཞུང་གི་གནོད་ཤུགས་འོག་བལ་ཡུལ་དང་རྒྱ་ནག་བར་ས་མཚམས་དོ་དམ་དང་ཐུན་མོང་ཁྲིམས་སྐྱོར་ཟེར་བའི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། གྲོས་ཆོད་དེ་ལ་བརྟེན་ནས་བལ་ཡུལ་དུ་ཡོད་པའི་བོད་མི་མང་པོ་ཞིག་ཕྱིར་ལོག་དགོས་པའི་དཀའ་ངལ་འཕྲད་གཞི་ཆགས་ཡོད་པ་དང་། ད་ལྟ་བལ་ཡུལ་གཞུང་གིས་གྲོས་མཐུན་དེ་ལག་བསྟར་བྱེད་བཞིན་མེད་ནའང་། བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཐོབ་ཐང་ལག་འཁྱེར་སྤྲོད་མཚམས་བཞག་ཡོད་པ་མ་ཟད། བལ་ཡུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱིས། ད་ལྟ་བལ་ཡུལ་དུ་བོད་མི་ ༡༢༠༠༠ ཙམ་ལ་སྐྱབས་བཅོལ་བའི་ཐོབ་ཐང་ལག་འཁྱེར་སྤྲད་མེད་པའི་ཚོད་དཔག་བྱས་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༣ ལོའི་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་ཞུགས་པའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་སུ། བོད་ཀྱི་མཛངས་མའི་མིང་ཚབ་ཏུ་རྒྱ་ནག་གི་མཛངས་མ་ཞེས་འདོགས་དགོས་ཚུལ་རྒྱལ་འབྲེལ་གྱི་ཐོག་ནས་གནོད་ཤུགས་སྤྲད་པར་བརྟེན། བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མ་འགྲན་སྡུར་གྱི་སྡིངས་ཆ་ལས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་སྐོར་སོགས་བརྗོད་འདུག

Former Miss Tibet Tenzin Paldon in an undated photo (Photo/Instagram)

སྙན་ཐོའི་ནང་བོད་ནང་གི་གནས་སྟངས་སྐོར་ལ་ཕྱོགས་བསྡོམས་བྱས་པ་ལྟར་ན། ཕྱི་ལོ་ ༢༠༢༤ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་བྱུང་མེད་ཅིང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་རྣམས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ་དང་། མནར་གཅོད་གཏོང་བ། དུད་འགྲོ་བཞིན་སྡུག་སྦྱོང་གཏོང་བ། སྨན་བཅོས་བྱེད་པར་བཀག་འགོག་དང་ཆད་པ་གཅོད་པ། གང་བྱུང་འཛིན་བཟུང་དང་བཀག་ཉར་བྱེད་པ། རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ། བོད་ནང་དུ་ཆོས་ལུགས་དད་མོས་རང་དབང་གཙོས་སྨ་བརྗོད་རང་དབང་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ནག་ཉེས་གསོག་མཁན་གྱི་རྒྱའི་དཔོན་རིགས་དེ་དག་ལ་ཉེས་ཆད་སོགས་གང་ཡང་བྱེད་ཀྱི་མེད་པའི་སེམས་འཚབ་བཅས་བསྟན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese