མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་སྨོན་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་བྱུང་བ་དང་མྱུར་སྐྱོབ་བྱེད་པར་ཐུགས་སྨོན་མཛད་འདུག

༧གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་སྨོན་མཛད་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེ་ལམ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་དྲག་ཆར་གྱི་གོད་ཆག་ཚབས་ཆེན་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག ༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ཉེ་ལམ་ཨེ་ཤ་ཡའི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡ་དང་། ཤྲི་ལངྒ། ཝི་ཏི་ནམ། ཐའེ་ལན་ཌི། མཱ་ལེ་ཤི་ཡ། ཧྥི་ལི་པིན་སོགས་ཉེ་འཁོར་ས་ཁུལ་ཁག་ཏུ། དྲག་ཆར་དང་རླུང་འཚུབ་ཀྱི་གོད་ཆག་ཁྲོད་མི་མང་པོ་རྐྱེན་འདས་དང་། མི་མང་ས་ཡ་མང་པོར་དཀའ་ངལ་ཚབས་ཆེན་བཟོས་པའི་གནས་ཚུལ་ཐོས་པར་ངོས་རང་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། ཐེངས་འདིའི་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་པའི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། རང་བྱུང་གི་གནོད་འཚེ་ཁྲོད་རྨས་སྐྱོན་བྱུང་ཡོད་པའི་མི་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས། དེ་བཞིན་རང་བྱུང་གོད་ཆག་བྱུང་སའི་ས་ཁུལ་ཡོངས་ཀྱི་མྱུར་སྐྱོབ་ཀྱི་ལས་དོན་དང་བསྐྱར་གསོའི་ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་ལ། མྱུར་སྐྱོབ་བྱེད་མཁན་རྣམས་ཀྱིས་མི་མང་པོ་བདེ་འཇགས་ངང་སྐྱོབ་ཐུབ་པའི་སྨོན་ལམ་འདེབས། ཞེས་གསུངས་འདུག

ཕྱི་ཟླ་ ༡༡ ཚེས་ ༢༨ ཙམ་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་དྲག་ཆར་དང་རླུང་འཚུབ་ཆེན་པོ་གཡུགས་ཏེ་ཆུ་ལོག་རྒྱུག་པ་དང་རི་ཉིལ་བའི་དོན་རྐྱེན་བྱུང་ཡོད་པའི་ཁྲོད། ཨིན་ཌོ་ནེ་ཤི་ཡ་ནང་མི་གྲངས་ ༦༠༤ དང་། ཤྲི་ལངྒའི་ནང་མི་གྲངས་ ༣༩༠ ། ཐའེ་ལན་ཌིའི་ནང་མི་གྲངས་ ༡༧༦ ། ཝི་ཏི་ནམ་ནང་མི་གྲངས་ ༩༠ ། དེ་བཞིན་ཉེ་འཁོར་ས་ཁུལ་ཁག་ཏུ་ཉུང་མཐར་མི་༡༢༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། ད་དུང་མི་བརྒྱ་ཕྲག་ཁ་ཤས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། མི་ས་ཡ་མང་པོའི་འཚོ་གནས་ཐད་གནོད་འཚེ་བྱུང་སྟེ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།

ཁ་སང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཤྲི་ལངྒའི་སྲིད་འཛིན་ཨ་ནུ་རཱ་ཀུ་མཱ་རཱ་(Anura Kumara Dissanayake)མཆོག་གིས། ཐེངས་འདིའི་རང་བྱུང་གོད་ཆག་ནི་ཤྲི་ལངྒ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་རང་བྱུང་གི་གནོད་འཚེ་ཆེ་ཤོས་དང་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད།  རྒྱལ་ཁབ་ཡོངས་སུ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ལ།  ཕྱི་ལོ་ ༢༠༠༤ ལོར་རྒྱ་མཚོའི་རླུང་འཚུབ་ཆེན་པོ་ལས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཅེས་གསུངས་འདུག

རྒྱ་གར་གྱི་གནམ་གཤིས་ཞིབ་འཇུག་ཁང་གི་གནམ་གཤིས་ཚན་རིག་པ་རོ་སི་མཱ་ཐོ་ཀོལ་(Roxy Mathew Koll)ལགས་ཀྱིས། འདི་ལོའི་ལོ་མགོ་ནས་བཟུང་ཞི་བདེ་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་ནང་དུ་ཉུང་མཐར་རླུང་འཚུབ་ཐེངས་ ༡༦ བྱུང་ཡོད་ཅིང་། རླུང་འཚུབ་འབྲིང་ཙམ་གྱིས་ཀྱང་དྲག་ཆར་ཆེན་པོ་དང་ཆུ་ལོག་ཆེན་པོ་བཟོས་ཡོད། འདི་ལོར་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་རི་ཉིལ་བ་དང་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་ལས། རླུང་འཚུབ་ཀྱི་གྲངས་ཀའི་ཐོག་ནས་ཤུགས་རྐྱེན་ཐེབས་མེད། ཅེས་བརྗོད་འདུག

གནད་དོན་དེའི་སྐོར་ལ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་ཞི་བདེ་རྒྱ་མཚོ་ཁུལ་གྱི་འགན་འཛིན་ཨེ་ལེ་ཛིན་ཌར་མེ་ཐིའོ་(Alexander Matheou)  ལགས་ཀྱིས། རྒྱལ་ཁབ་ཁག་གིས་རང་བྱུང་གནོད་འཚེའི་སྔོན་བརྡ་གཏོང་བྱེད་ཀྱི་འཕྲུལ་ཆས་ཡག་པོ་བཟོས་ཏེ། ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་བྱུང་བའི་སྐབས་མི་མང་གནས་སྤོ་བྱེད་ས་བཟོ་དགོས་པ་མ་ཟད། རང་བྱུང་གི་ཐབས་ལམ་ཐོག་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས། ཆུ་ལོག་གི་གནོད་འཚེ་ནི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་ནས་བྱུང་དང་འབྱུང་བཞིན་པའི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས། གནོད་འཚེ་སྔོན་འགོག་ཐོག་ཏུ་མ་དངུལ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་འདུག

ཉེ་བའི་དུས་རབས་འདི་དག་གི་ནང་དུ་མིས་བཟོས་པའི་དྲོད་ཁང་མང་པོ་བྱུང་བ་དང་བསྟུན། སའི་གོ་ལའི་རླུང་ཁམས་ཀྱི་དྲོད་ཚད་ཆེ་རུ་འགྲོ་བཞིན་ཡོད་ཅིང་། འདས་ལོ་ནི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཡིན་པ་ཟིན་ཐོ་འཁོད་ཡོད། རྒྱ་མཚོ་རུ་ཚ་དྲོད་རྒྱས་རྐྱེན་རླུང་འཚུབ་འབྱུང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཉེ་བའི་ལོ་འདི་དག་གི་ནང་རྒྱ་གར་དང་འབར་མའི་རྒྱ་མཚོ་ཁུལ་གྱི་རྒྱ་མཚོའི་ཚ་དྲོད་ཤུགས་ཆེན་འཕར་ཡོད། ཕྱི་ལོ་ ༢༠༢༤ ལོའི་ཚ་དྲོད་ཀྱི་ཞིབ་འཇུག་ལྟར་ན། བོད་མཐོ་སྒང་གི་དྲོད་ཚད་འཕར་བ་དེས་ལྷོ་ཤར་ཨེ་ཤ་ཡ་དང་ཤར་ཨེ་ཤ་ཡའི་མཐའ་འཁོར་གྱི་ཞི་བདེ་རྒྱ་མཚོའི་རླུང་གི་འཁོར་སྐྱོད་ཉུང་དུ་བཏང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༩༠ ལོ་ནས་ཨ་རབ་རྒྱ་མཚོའི་རླུང་གི་འཁོར་སྐྱོད་ཉུང་དུ་ཕྱིན་སྟེ་ཚ་བའི་རླུང་འཚུབ་ཤུགས་ཆེ་རུ་གྱུར་ཡོད། དྲོད་ཚད་འཕར་བ་དེས་རླུང་ཁམས་ནང་དུ་ཆུ་རླངས་མང་པོ་བཟུང་ཡོད་ཅིང་།  འཛམ་གླིང་གི་དྲོད་ཚད་འཕར་བ་དེས་ཆར་པའི་འབབ་ཚད་མང་པོ་ཆགས་ཡོད་ཀྱང་། ཆར་དུས་ཀྱི་དུས་ཚིགས་ལ་འགྱུར་ལྡོག་བྱུང་སྟེ་སྔོན་དཔག་བྱ་མི་ཐུབ་པ་ཆགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese