མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་ཀོལ་ཀ་ཏ་གྲོང་ཁྱེར་ནང་ཡོད་པའི་བོད་པའི་དགུན་ཚོང་ཁང་ ༡༡ ལ་གློ་བུར་མེ་སྐྱོན་བྱུང་འདུག

བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༨ ཀྱི་ཉིན་རྒྱབ་ཆུ་ཚོད་ ༣ ཙམ་གྱི་སྟེང་དུ། རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་ཀོལ་ཀ་ཏ་གྲོང་ཁྱེར་ནང་ཡོད་པའི་ཁྲོམ་རྭ་ཞིག་ལ་གློ་བུར་མེ་སྐྱོན་ཤོར་ཏེ། ཚོང་ཁང་ ༤༠ ལྷག་མེ་ཡིས་འཚིགས་ཡོད་པའི་ཁྲོད་དུ། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཁྱབ་ཁོངས་ཀྱི་བོད་པའི་ཚོང་ཁང་ ༡༡ ཚུད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་སུ་མེ་སྐྱོན་དེའི་སྐོར་དྲིས་པར་ཁོང་གིས། ཀོལ་ཀ་ཏའི་མེ་སྐྱོན་དོན་རྐྱེན་དེ་སྨྱུག་མ་མང་པོ་ཡོད་པའི་ཁྲོམ་རྭའི་རྒྱབ་ཀྱི་ཐང་ཆེན་ཞིག་ཏུ། གནམ་གཤིས་གྲང་མོ་ཡིན་པའི་དབང་གིས་མི་འགས་མེ་སྤར་བའི་རྐྱེན་བྱས་ཏེ་ཁྲོམ་རྭར་མེ་ཤོར་འདུག མེ་སྐྱོན་བྱུང་ཡུལ་ཐོག་མ་དེ་རྒྱ་གར་བའི་ཁྲོམ་ས་རེད། རྒྱ་གར་བའི་ཚོང་ཁང་ ༣༠ ལྷག་ལ་མེ་སྐྱོན་ཤོར་རྗེས་བོད་པའི་ཚོང་ཁང་ ༡༡ ལའང་མེ་ཤོར་འདུག མེ་ཤོར་མ་ཐག་མེ་གསོད་རུ་ཁག་ལ་འབྲེལ་བ་ཞུས་ཡོད་ཀྱང་སྐར་མ་ ༡༣ གྱི་རྗེས་སུ་མ་གཏོགས་འབྱོར་ཐུབ་མི་འདུག ཅེས་བརྗོད་བྱུང་ལ། ས་ཁུལ་དེར་བོད་པའི་ཚོང་ཁང་ཁྱོན་ ༣༠ ཡོད་པ་ལས་ཚོང་ཁང་ ༡༩ མེ་སྐྱོན་གྱི་ཉེན་ཁ་དེ་ལས་གཡོལ་ཐུབ་ཡོད་འདུག

མེ་སྐྱོན་དོན་རྐྱེན་དེ་དང་འབྲེལ་ནས་བོད་མིའི་ཚོང་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ང་ཚོ་ཚོང་ལས་ཚོགས་པའི་ངོས་ནས་ལོ་འཆར་ཅན་དུ་ཁྱབ་ཁོངས་བོད་མི་ཚོང་ལས་པ་རྣམས་ལ་དགུན་ཚོང་རྒྱག་གི་འགྲོ་དུས་གཟབ་ནན་དགོས་པའི་འབོད་སྐུལ་དང་ལམ་སྟོན་ཞུས་དང་ཞུ་མུས་ཡིན། དངུལ་འབོར་ཆེན་ལག་ཏུ་ཉར་ནས་རྗེས་སུ་རྐུན་ལ་ཤོར་གྱི་ཡོད་སྟབས།  ང་ཚོས་དངུལ་དུས་ཐོག་ཏུ་དངུལ་ཁང་དུ་འཇོག་པའམ་ཡང་ན་རྒྱ་གར་གྱི་ཚོང་ཤག་་ལཱ་ལཱར་གཏོང་དགོས་པའི་འབོད་སྐུལ་དང་ལམ་སྟོན་ཞུ་བཞིན་ཡོད་ལ། ཡང་བོད་མི་ཁག་ཅིག་ལ་ཅ་ལག་དབོར་འདྲེན་བྱེད་སྐབས་དངོས་ཟོག་བོར་བརླག་བྱུང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཁྲོམ་ས་ཁག་ཅིག་ལ་གློག་སྐུད་རྙིང་བ་ཡིན་པའི་རྐྱེན་བྱས་ཏེ་མེ་སྐྱོན་འབྱུང་གི་ཡོད་སྟབས། ལོ་རེ་བཞིན་ཁྲོམ་སའི་གློག་སྐུད་བརྗེ་དགོས་པ་དང་མེ་གསོད་རྔུག་རླངས་འཇོག་དགོས་པ། མཚན་སྲུང་བ་འཇོག་དགོས་པ་སོགས་ཀྱི་ལམ་སྟོན་ཡང་ནས་ཡང་དུ་བྱེད་ཀྱིན་ཡོད་ལ་། ད་ཐེངས་ཡང་བརྒྱུད་ལམ་འདི་བརྒྱུད་ནས་བོད་མི་དགུན་ཚོང་རྒྱག་མཁན་ཚོས་གཟབ་ནན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བརྗོད་བྱུང་།

གསར་འགོད་པས་ཐེངས་འདིའི་མེ་སྐྱོན་དོན་རྐྱེན་དེའི་ཁྲོད་བོད་མིའི་ཁྲོམ་རྭར་གྱོང་གུད་ག་ཚོད་ཅིག་ཐེབས་ཡོད་པ་དང་། ཁོང་ཚོའི་དཀའ་ངལ་སེལ་ཐབས་ག་རེ་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། ཁ་སང་མེ་སྐྱོན་བྱུང་རྗེས་ཉེན་རྟོག་པ་སོགས་ཡོང་ཡོད་སྟབས། ད་ལྟ་མེ་སྐྱོན་ཤོར་སའི་ཡུལ་དངོས་སུ་ཞིབ་འཇུག་བྱེད་བཞིན་ཡོད་པའི་དབང་གིས་མི་གཅིག་ཀྱང་གཏོང་གི་མི་འདུག དེར་བརྟེན་ད་རེས་གྱོང་གུད་ག་ཚོད་ཅིག་རག་ཡོད་མེད་བཤད་ཚོད་ཐིག་གི་མི་འདུག ང་ཚོ་ཚོང་ལས་ཚོགས་པའི་ངོས་ནས་གྱོང་གུད་ཐེབས་པ་རྣམས་ལ་རོགས་སྐྱོར་བྱེད་པར་ད་ལྟ་ནས་གྲོས་བསྡུར་བྱེད་བཞིན་ཡོད་ལ། ཡང་གལ་སྲིད་ང་ཚོ་ཚོང་ལས་ཚོགས་པ་དང་ཁྱབ་ཁོངས་ཚང་མའི་ངོས་ནས་རོགས་སྐྱོར་བྱེད་ཐབས་བྲལ་བའི་གནས་སྟངས་ཆགས་ཚེ། ནང་སྲིད་ལས་ཁུངས་བརྒྱུད་བོད་མིའི་སྒྲིག་འཛུགས་ལའང་རོགས་སྐྱོར་ཞུ་དགོས་བྱུང་སྲིད་པ་རེད། འོན་ཀྱང་། ད་ལྟ་གནས་སྟངས་ལ་རྒྱུས་ལོན་མེད་དུས་དམིགས་བསལ་འཆར་གཞི་གང་ཡང་མེད་ཅེས་བརྗོད་བྱུང་།

བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གསུངས་པ་ལྟར་ན། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བ་དང་ལམ་བཟོ་སོགས་བྱས་ནས་བསྡད་ཡོད་པ་དང་རིམ་བཞིན་བོད་མི་གཞོན་སྐྱེས་ཁག་ཅིག་གིས་ཧིན་རྡུའི་སྐད་ཤེས་པ་ལ་བརྟེན་ནས་རང་ཉིད་ཀྱིས་ལག་བཟོས་དངོས་ཟོག་བཙོང་མགོ་བཙུགས་པ་དང་། ཕྱི་ལོ་ ༡༩༧༣ ཙམ་ནས་ལུ་དི་ཡ་ན་ནས་རྒྱ་གར་གྱི་ཚོང་ཤག་དང་འབྲེལ་འདྲིས་ཀྱིས་སུད་ཚོང་བརྒྱབ་ཡོད་ཅིང་།  དེ་ནས་བོད་མི་ཚོང་ལས་པ་རྣམས་ཁ་འཐོར་དུ་གནས་ཡོད་པར་བརྟེན་གཅིག་གྱུར་བཟོ་གལ་ཆེ་བའི་གནད་འགག་གཟིགས་ནས་བཀའ་ཤག་སྐབས་བཅུ་བའི་ལམ་སྟོན་ལྟར།དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚོགས་ཆེན་འཚོགས་ཏེ། བཙན་བྱོལ་བོད་མིའི་ཚོང་ལས་ཚོགས་པའི་སྒྲིག་འཛུགས་དབུ་བརྙེས་ཡོད་པ་དང་། ད་ལྟ་ཚོང་ལས་ཚོགས་པ་འདིའི་ཁྱབ་ཁོངས་སུ་རྒྱ་གར་གྱི་མངའ་སྡེ་ ༢༡ ནང་གནས་པའི་བོད་མིའི་ཚོང་ལས་ཚོགས་པ་ ༢༣༥ དང་ཚོགས་མི་གྲངས་ལྔ་སྟོང་ལྷག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese