མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ ༢༠༢༥ ལོར་བོད་ཁུལ་ནས་སློབ་མ་ཁྲི་གཅིག་ལྷག་བསྡུས་ཏེ་རྒྱ་ནག་ནང་འཁྲིད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱའི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་བོད་ལྗོངས་འཛིན་གྲྭ་ཟེར་བའི་ནང་བོད་ཁུལ་གྱི་སློབ་མ་ཁྲི་གཅིག་ལྷག་བསྡུས་ཡོད་པ་དང་གྲངས་འབོར་དེ་ནི་ལོ་རྒྱུས་ནང་མང་ཤོས་ཆགས་ཡོད་སྐོར་བསྒྲགས།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo

ཉེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ཁང་ནས་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་བོད་ལྗོངས་འཛིན་གྲྭ་ཟེར་བའི་སློབ་གྲྭ་ཁག་ ༥ གསར་དུ་བཙུགས་ཏེ། བོད་ལྗོངས་དམའ་འབྲིང་འཛིན་གྲྭ་ ༡༥༠ གསར་འཛུགས་དང་། སློབ་མ་བསྡུ་གྲངས་ ༢༠༠༠། བོད་ལྗོངས་མཐོ་འབྲིང་འཛིན་གྲྭ་ ༢༠༥ དང་། སློབ་མ་བསྡུ་གྲངས་ ༤༥༠༠། བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་ ༢༢༣ དང་། སློབ་མ་བསྡུ་གྲངས་ ༤༠༠༠། གྲངས་འབོར་དེའི་ནང་བོད་རང་སྐྱོང་ལྗོངས་ནས་སློབ་མ་ ༣༢༡༥ དང་། མཚོ་སྔོན་ཞིང་ཆེན་ནས་སློབ་མ་ ༧༨༥ ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་བ་ཟླ་བ་ཚེ་རིང་ལགས་སུ་གནད་དོན་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གཞུང་གིས་བོད་མི་རྣམས་ཆོས་ལུགས་ལ་མགོ་འཁོར་བསྡད་པ་ཡིན་ན་བོད་པ་རྗེས་ལུས་ཡིན་རབས་སོགས་བཤད་ནས་ལོ་བཅུ་གྲངས་ནས་ཉི་ཤུ་ཡས་མས་ཀྱི་བོད་པའི་སློབ་མ་རྣམས་རྒྱ་ནག་ཏུ་འཁྲིད་ཀྱི་ཡོད། རྒྱ་ནག་ཏུ་འཁྲིད་རྗེས་ཁོང་ཚོའི་བོད་མི་རིགས་ཀྱི་ཞེན་ཁོག་བརླག་གི་མེད་ཀྱང་།  རྒྱ་ནག་གི་སློབ་གསོའི་ཁོར་ཡུག་ཏུ་རྒྱའི་རིག་གཞུང་དང་ལྟ་གྲུབ་གཞིར་བཞག་གིས་སློབ་གསོ་སྤྲད་དེ། ཕྱིར་ཕ་ཡུལ་དུ་ལོག་པར་བཀག་འགོག་ཡུན་རིང་བྱེད་ཀྱི་ཡོད་ལ། རྒྱ་ནག་གིས་དེང་རབས་ལ་ཁ་ཕྱོགས་ནས་ཡར་རྒྱས་འགྲོ་དགོས་པ་དང་ལྷག་པར་དུ་ཚན་རིག་དང་དངོས་པོའི་ཡར་རྒྱས་འགྲོ་དགོས་པ་སོགས་བཤད་ནས་རྒྱའི་སློབ་གསོ་སྤྲོད་པའི་དམིགས་ཡུལ་བཟུང་ཡོད། གཉིས་རྒྱ་ནག་ཏུ་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་མ་ཚོ་སློབ་མཐར་ཕྱིན་རྗེས། རྒྱ་ནག་གཞུང་གིས་ཕྱིར་བོད་པའི་སྤྱི་ཚོགས་ནང་དུ་མངགས་ཏེ་ལས་ཀ་དང་གོ་གནས་སྤྲོད་ཀྱི་ཡོད་ལ། ཁོང་ཚོ་བོད་མི་ཡིན་པ་དང་སློབ་སྦྱོང་ཡོད་པ། ད་དུང་མི་རིགས་ཀྱི་ཞེན་ཁོག་ཡོད་སྟབས། གཅིག་ནས་བོད་མི་ཚོས་ཁོང་ཚོར་ཡིད་ཆེས་བྱེད་པ་དང་བོད་པའི་སྤྱི་ཚོགས་ནང་གི་མིག་དཔེ་ལྟ་ས་ཆགས་ཀྱི་རེད་བསམ་གྱི་ཡོད། ཕྱོགས་གཞན་ནས་ཁོང་ཚོའི་ལས་ཀ་བྱེད་སྟངས་ཚང་མ་རྒྱའི་རིག་གཞུང་དང་འབྲེལ་བསྡད་ཡོད་པས། བོད་མི་རྣམས་རྒྱ་བསྒྱུར་བྱེད་པའི་དམིགས་ཡུལ་བཟུང་ཡོད་ཅེས་གསུངས་སོང་ལ། འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་པའི་སློབ་མ་རྩེ་ཕུད་ཀྱི་རིགས་རྒྱ་ནག་ཏུ་འཁྲིད་ནས་རིན་མེད་ཐོག་རྒྱ་བསྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། སྡོད་ཁང་དང་ཟ་མ་སོགས་ཀྱི་མཐུན་རྐྱེན་ཡག་པོ་བསྐྲུན་པའི་ཐོག གུང་སེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་འཁྲིད་པ་སོགས་བྱས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་དང་ཁ་ཐག་རིང་དུ་གཏོང་གི་ཡོད་འདུག

ཡང་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༢༣ ནས་བཟུང་བོད་ལྗོངས་འཛིན་གྲྭའམ་བོད་ལྗོངས་སློབ་འབྲིང་ཟེར་བ་སོགས་ཆེད་འཛུགས་ཀྱི་ལས་གཞི་རྒྱ་ཆེ་རུ་བཏང་སྟེ། ཕྱི་ལོ་ ༢༠༢༥ བར་གྱི་བསྟུད་མར་ལོ་གསུམ་རིང་སློབ་བསྡུའི་འཕར་ཚད་བརྒྱ་ཆ་ ༩.༩ ལ་བསླེབས་ཡོད་པ་དང་། བརྒྱ་ཆ་ ༧༠ ཡན་གྱི་སློབ་མ་ནི་ཞིང་འབྲོག་གི་བུ་དང་བུ་མོ་ཡིན་ལ། ཁོང་ཚོ་མཐའ་འཁོབ་ས་བབ་མཐོ་ས་ནས་ཡིན་སྐོར་དང་། འཕར་སྣོན་གསུམ་སྟེ་བཅའ་སྡོད་སློབ་མའི་གྲངས་འབོར་མུ་མཐུད་འཕར་སྣོན་དང་། ལོ་འཁོར་སློབ་བསྡུའི་གྲངས་འབོར་འཕར་སྣོན། སློབ་འཛུགས་གྲངས་འབོར་འཕར་སྣོན་བཅས་དང་། ཁེབས་པ་གསུམ་སྟེ། བོད་ཁུལ་གྱི་མི་རིགས་ཡོངས་སུ་ཁེབས་པ་དང་། མཐའ་འཁོབ་རྫོང་ཡོངས་ཁེབས་པ། མཐའ་མཚམས་བོད་སྐྱོར་གྲོང་ཁྱེར་སློབ་འཛུགས་ཡོངས་ཁེབས་པ། གཅིག་མཐུན་གཅིག་སྟེ། འབྲིང་རིམ་ལས་རིགས་འཛིན་གྲྭའི་མཐོ་འབྲིང་ལས་རིགས་གསོ་སྐྱོང་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ། ལོ་རེ་བཞིན་འཕར་སྣོན་གསུམ་དང་ཁེབས་པ་གསུམ། གཅིག་མཐུན་ཟེར་བ་ལག་བསྟར་དོན་འཁྱོལ་ཡོང་གི་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གསོའི་བྱ་བ་རྗེས་ལུས་དང་ཤེས་ལྡན་མི་སྣ་ཉུང་ཉུང་ཡིན་པ་སོགས་བཤད་དེ། ཕྱི་ལོ་ ༡༩༨༤ ལོ་ནས་བཟུང་བོད་ཀྱི་ཤེས་ཡོན་གོང་འཕེལ་ལ་ཁ་གཡར་ནས་བོད་ལྗོངས་འཛིན་གྲྭ་ཟེར་བ་གཉེར་བའི་མགོ་བཙུགས་ཏེ། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་ ༢༣ དང་གྲོང་ཁྱེར་ ༦༠ ནང་སློབ་གྲྭ་ ༡༢༩ ཡོད་བཙུགས་ཡོད་ལ། ད་ལྟ་སློབ་གྲྭ་ཁག་ཏུ་ཡོད་བསྡད་པ་སློབ་མ་ཁྲི་ ༢.༥ དང་། ད་ལྟ་བར་དུ་སློབ་མ་ཁྲི་ ༡༨ སློབ་མཐར་ཕྱིན་ཟིན་ནས་བོད་ཁུལ་གྱི་ལས་རིགས་འདྲ་མིན་ནང་ནུས་པ་བཏོན་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་སྐྱེད་སྲིང་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ། ཧུའུ་པེ། ལོའུ་ལིན། ཅང་སུའུ། ཀྲི་ཅང་། ཧྥུ་ཅན། ཧྲན་ཏུང་། ཧའེ་ནན། ཧུའུ་ནན། ཧུའུ་པའེ། ཀང་ཏུང་། སི་ཁྲོན། ཧྲན་ཞི། ཁྲུང་ཆིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ ༡༦ ཏུ། ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའམ་སློབ་གྲྭ་དང་འབྲེལ་བའི་ཡིག་ཆ་<<关于内地西藏班(校)扩大规模有关问题的请示》ཞེས་པ་གཏན་འབེབས་བྱས་ཡོད་པ་དང་། ཡིག་ཆ་དེའི་སྔོན་གླེང་ནང་དུ། ལས་དོན་འདི་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ། ཚད་མཐོའི་དོན་གཉེར་དང་སྒྲིག་འཛུགས་དོ་ནན། རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལས་དོན་ལེགས་འགྲུབ་དགོས་ཞེས་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༨ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese