མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་ཡི་རོལ་མོའི་གཟེངས་རྟགས་ཐོབ།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording

དེ་རིང་ཕྱི་ཚེས་ ༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཚེས་ ༡ ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྐབས་ ༦༨ པ་འཚོགས་ཡོད་ཅིང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོག་མ་དེ་ཐོབ་ཡོད་པ་རེད།

གཟེངས་རྟགས་དེ་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་སྟེང་༸གོང་ས་མཆོག་གིས།  ངོས་ནས་དགའ་སྤྲོ་དང་གུས་ཞབས་ཀྱི་སྒོ་ནས་གཟེངས་རྟགས་འདི་དང་ལེན་ཞུས་པ་ཡིན། ངོས་ནས་གཟེངས་རྟགས་འདི་ནི་ངོས་སྒེར་ལ་ཐོབ་པ་ཞིག་མིན་པར་ང་ཚོ་ཐུན་མོང་གི་ཡོངས་ཁྱབ་འགན་འཁྲི་ལ་ངོས་འཛིན་ཞུས་པར་མཐོང་གི་ཡོད། ངོས་ཀྱིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་ཁོར་ཡུག་གཅེས་སྐྱོང་། སྙིང་རྗེ་དང་ཞི་བདེ་བཅས་ནི་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བདེ་དོན་སྤྱི་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་ཡིད་ཆེས་ཟབ་མོ་ཡོད། གཟེངས་རྟགས་འདིས་ངོས་ཀྱི་འཕྲིན་ཡིག་དག་ཁྱབ་སྤེལ་ཆེ་རུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པས་ངོས་རང་དགའ་པོ་བྱུང་། ཞེས་གསུངས།

༸གོང་ས་མཆོག་ལ་གྷི་རེ་མིའི་གཟེངས་རྟགས་ཐོབ་པར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཚམས་འདྲི་ཞུས་འདུག་པ་དང་ཁོང་གིས། ༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཕུལ་བ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཡོད། དེ་ནི་ང་ཚོ་བོད་མི་ཙམ་མིན་པར་འགྲོ་བ་མིའི་རིགས་ཡོངས་ཀྱི་དགའ་ཚོར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བཀའ་སློབ་སོགས་ནི་ཧ་ཅང་གནད་འགག་ཆགས་ཡོད་ལ། ལྷག་པར་དུ་དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་འབྱུང་བཞིན་པའི་གནས་སྟངས་ཁྲོད། ང་ཚོས་༸གོང་ས་མཆོག་གི་བཀའ་སློབ་འདི་དག་གོང་སྤེལ་དང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན། ངས་གུས་བཀུར་ཆེན་པོས་༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ༸མགོན་པོ་གང་ཉིད་མཆོག་གི་བྱམས་སྙིང་རྗེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲིའི་བཀའ་སློབ་སོགས་ནི་རིག་གཞུང་དང་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཡོད། ༸མགོན་པོ་མཆོག་ལ་གཟེངས་རྟགས་འདི་ཐོབ་པ་དང་འབྲེལ་ནས་༸ཁོང་གི་ཐུགས་དགོངས་མཐའ་དག་རིག་གཞུང་དང་ཆོས་ལུགས། རྒན་གཞོན་བཅས་དབྱེ་བ་མེད་པར་ཁྱབ་སྤེལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། འཛམ་གླིང་འདིར་བྱམས་བརྩེ་དང་སྙིང་རྗེ། བསམ་ཤེས་སོགས་ཧ་ཅང་དགོས་གལ་ཆགས་བསྡད་ཡོད་ལ། ངས་རེ་བར་མི་ས་ཡ་མང་པོས་བྱམས་བརྩེ་དང་སྙིང་རྗེ་བདམས་ཏེ་ཕན་ཚུན་བསམ་ཤེས་ཀྱིས་ཞི་བའི་ངང་འཚོ་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་འདུག

དེ་རིང་འབྲས་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིངྒ་ཏ་མང་ (Prem Singh Tamang) མཆོག་གིས། ༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པའི་ནང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་གང་བོར་སྙིང་རྗེ་དང་། ཤེས་རབ། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲིའི་ཐོག་སྐུ་ལས་བསྐྱོན་པར་ཆེ་བསྟོད་ངོས་འཛིན་ཞུས་པ་རེད།  ༸མགོན་པོ་གང་ཉིད་མཆོག་གི་ལྷོད་ཅིང་འཇམ་པའི་སྐད་དང་བསྐལ་བ་རྫོགས་མེད་ཀྱི་བཀའ་སློབ་ཁག་གིས་འཛམ་གླིང་གི་མི་གྲངས་མེད་པ་ལ་འགྲོ་བ་མི་རྣམས་གཅིག་ལ་གཅིག་བརྟེན་ཡིན་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་སེམས་ཀྱི་ཞི་བདེའི་ཐོག་ལམ་སྟོན་མཛད་ཀྱི་ཡོད། ཅེས་དང་། ༸མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་དང་སྒོམ་རྒྱག་སྟངས་སོགས་ཀྱིས་བྱམས་བརྩེའི་སྐོར་ལ་གོ་རྟོགས་སྤེལ་བ་དང་། སྙིང་རྗེ་དང་ཞི་བདེ་དང་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ལམ་ལ་འོད་སྣང་སྦྱིན་གྱི་ཡོད། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དག་གིས་འགྲོ་བ་མིའི་རིགས་ལ་ཐུན་མོང་མ་ཡིན་པའི་སེམས་ཤུགས་སྤྲོད་ཀྱི་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་བའི་ནང་། ངས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། གཟེངས་རྟགས་དེ་ནི་༸གོང་ས་མཆོག་གིས་བསྐལ་བ་རྫོགས་མེད་ཀྱི་བཀའ་སློབ་ཁག་གིས་ཞི་བདེ་དང་མི་རིགས་གཅིག་གྱུར་ཐོག་ཁྱབ་གདལ་ཆེ་རུ་གཏོང་བའི་གོ་སྐབས་ཤིག་རེད། ༸མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་དེ་དག་གིས་ང་ཚོ་ཚང་མ་དང་འཛམ་གླིང་ཡོངས་ལ་འགན་འཁྲི་མཉམ་སྤྱོད་བྱེད་དགོས་པའི་དྲན་སྐུལ་མུ་མཐུད་དུ་གནང་བའི་རེ་བ་ཡོད། ཅེས་གསུངས་འདུག

ཡང་དེ་རིང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་གྷི་རེ་མི་གཟེངས་རྟགས་ཐོབ་པར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་འདུག་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇེན་ཟེར་བས། ༸ཁོང་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་འོག་ཡོད་ཅིང་ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན། ཞེས་དང་། གྷི་རེ་མི་གཟེངས་རྟགས་དེ་རྒྱ་ནག་ཁ་བྲལ་གྱི་ལས་དོན་ཐོག་བེད་སྤྱོད་བཏང་བར་དགག་པ་ཡོད་ཅེས་བརྗོད་འདུག

༸གོང་ས་མཆོག་གི་རོལ་དབྱངས་བརྩམས་ཆོས་དེ་ནི། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲི་དང་ཞི་གནས།  བྱམས་བརྩེ་དང་ཞི་བདེ་སོགས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་བོ་དག་གཞས་དབྱངས་གསར་པ་བརྒྱུད་ནས་མི་རྣམས་ལ་སྐུལ་མ་གཏོང་གི་ཡོད་པ་ཞིག་ཡིན་འདུག་ལ། རོལ་དབྱངས་བརྩམས་ཆོས་དེའི་ནང་དུ་ཆུ་ཚོད་ ༡༠༠ ལྷག་གི་༸གོང་ས་མཆོག་གི་བཀའ་སློབ་དང་གསུང་བཤད་སོགས་སྒྲ་འཇུག་བྱས་ཡོད་པ་རེད།

༸གོང་ས་མཆོག་གི་རོལ་མོའི་བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ནང་ཐོག་མར་འགྲེམས་སྤེལ་བྱས་པ་དང་། འདས་ལོའི་ཟླ་ ༡༡ ནང་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད། བརྩམས་ཆོས་དེ་ནི་ཕྱི་ལོ་ ༢༠༠༩ ཙམ་ནས་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་ (Amjad Ali Khan ) ལགས་དང་ཀ་བྷིར་སེ་གྷལ་(Kabir Sehgal) ལགས་གཉིས་ཀྱིས་བཟོ་བསྐྲུན་བྱེད་མགོ་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༧ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese