མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ་གནང་མཛད་དེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་གནང་དགོས་སྐོར་སོགས་གསུངས་འདུག

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༢།༢༧

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཡིན་བསམ་པའི་སེམས་ཤུགས་དང་འདུ་ཤེས་སྐྱེད་དགོས་སྐོར་སོགས་གསུངས་འདུག 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་སངས་རྒྱས་པའི་ཆོས་ལ་ཞུགས་ནས་དགེ་ཚུལ་སློང་བསྒྲུབས་ནས། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་གི་སེམས་ཤུགས་ཡག་པོ་ཞིག་སྐྱེད། དཔེར་ན། ངོས་རང་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཡིན་བསམ་པ་དེས། ཞོགས་པ་གཉིད་སད་པ་དང་ང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་ཡིན་བསམ་པའི་བསམ་བློ་དེ་རྟག་པར་འཁོར་གྱི་ཡོད། བྱས་ཙང་ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་ཡིན་བསམ་པའི་འདུ་ཤེས་གསལ་པོ་ཞིག་སེམས་ནང་དུས་བརྟན་དུ་བཅངས་ནས་བསྡད་པ་ཡིན་ན། དེའི་ཚོད་ཀྱིས་ཕན་ཡོན་ཆེན་པོ་ཞེ་དྲགས་རེད། ད་ལྟ་སྐབས་སུ་བབ་པ་ཚེ་དང་ལྡན་པའི་དགེ་འདུན་ལ་རབ་བྱུང་ཞུ་བའི་གྲོགས་བསྟེན་མཛོད། ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། ད་ཁྱེད་རང་ཚོས་ཁྱིམ་པའི་གོས་དཀར་པོ་ཞིག་གྱོན་ནས། བསམ་བློ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ། ཚེ་འདི་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྒོ་ནས་ཐར་པའི་གོ་འཕང་སྒྲུབས་བསམ་པའི་སེམས་ཤུགས་སྐྱེད་པའི་དོན་དུ། སྔོན་ལ་ཁྱིམ་པའི་གོས་དཀར་པོ་ཞིག་དཔྱངས་དགོས་པ་རེད། མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་ཆོས་ཚུལ་བཟང་པོ་ཞིག་ང་ཚོ་བོད་ལ་ཡོད་པ་རེད། ཅེས་གསུངས།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རང་བྱུང་བསྒྲུབ་མཁན་གྱི་མཁན་པོས་གང་བྱུང་བྱུང་གིས་རྟགས་དང་ཆ་ལུགས་བརྗེས་པ་ཙམ་གྱིས་ཡོང་གི་ཡོད་མ་རེད། གང་ལྟར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྟོན་པའི་བཀའ་ཚུལ་བཞིན་སྒྲུབ་མཁན་ཞིག དཔེར་ན། ངོས་རང་ལ་ཆ་བཞག་ན་ཞོགས་པ་གཉིད་སད་པ་དང་སྟོན་པ་བཅོམ་ལྡན་འདས་དྲན་པའི་ཐོག་ནས། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་བྱ་བསམ་པ་ཞིག་གི་སེམས་ཤུགས་ཉིན་ལྟར་སྐྱེད་བསྡད་ཀྱི་ཡོད། བཙན་བྱོལ་བྱས་ནས་རང་དབང་ལུང་པའི་ནང་ལ་ང་ཚོ་སངས་རྒྱས་པའི་ཆོས་དངོས་གནས་དྲང་གནས་ཉམས་ལེན་ཡག་པོ་ཞིག་བྱ་རྒྱུའི་གོ་སྐབས་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། བྱས་ཙང་། ཁྱེད་རང་ཚོར་གཞན་གྱིས་ཁྲིམས་བཀལ་ནས་གྲྭ་བ་བྱ་དགོས་རེད་ཟེར་གྱི་ཡོད་མ་རེད། སོ་སོའི་འདོད་པས་དང་དུ་བླངས་ནས་དངོས་གནས་དྲང་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་། དགེ་ཚུལ་སློང་གི་སྡོམ་པ་བླངས་ནས་སྔོན་ལ་རབ་བྱུང་ཡག་པོ་ཞིག་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་སྐྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༨ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese