མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལྷོ་ཕྱོགས་སུ་སྨོན་ལམ་ཚིག་མཛོད་ཆེན་མོའི་བགྲོ་གླེང་ཚོགས་འདུ་འཚོག་གི་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནང་གི་བོད་ཀྱི་བརྡ་སྤྲོད་ལ་ཆེད་མཁས་མི་སྣ་དྲུག་གདན་འདྲེན་ཞུས་ཏེ་སྨོན་ལམ་ཚིག་མཛོད་ཆེན་མོའི་བརྡ་སྤྲོད་དང་རྩོམ་སྒྲིག་སྐོར་ལ་བགྲོ་གླེང་ཚོགས་འདུ་འཚོག་གི་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བཀྲ་ཤིས་སྒོ་མང་ཁང་གསར་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་འཚོག་བཞིན་པ། ༢༠༢༦།༣།༥ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།

ཁ་སང་ཕྱི་ཚེས་ ༤ དང་ ༥ ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བཀྲ་ཤིས་ཁང་གསར་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཡོད་འདུག་ལ། སྐབས་དེར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་དང་། ཝཱ་ར་ཎ་སིའི་བརྡ་སྤྲོད་དགེ་རྒན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བརྡ་སྤྲོད་དགེ་རྒན་འབུམ་རམས་པ་ཤེལ་དཀར་བློ་བཟང་དངོས་གྲུབ་ལགས། སཱ་ར་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ཟུར་པ་ན་ག་སངས་རྒྱས་བསྟན་དར་ལགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་ཀིརྟིའི་དྲུང་ཡིག་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་བཅས་མཉམ་ཞུགས་ཀྱིས་རྩོམ་ཤོག་དང་འབྲེལ་ཏེ་བགྲོ་གླེང་གསུང་བཤད་གནང་ཡོད།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་འཛིན་སྐྱོང་འགན་འཛིན་དགེ་བཤེས་འཇམ་དབྱངས་ཚུལ་ཁྲིམས་ལགས་སུ་བགྲོ་གླེང་ཐོག་གནད་དོན་གཙོ་བོ་ག་རེའི་སྐོར་བགྲོ་གླེང་གནང་ཡོད་དྲིས་པར་ཁོང་གིས། ད་ལན་གྱི་བགྲོ་གླེང་ནང་བརྡ་སྤྲོད་སྐོར་གླེང་སློང་བྱེད་ཀྱིན་ཡོད་པ་དང་། ང་ཚོས་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ལག་བསྟར་བྱེད་པའི་སྐབས་ཚིག་སྦྱོར་སྟངས་ཀྱི་རྣམ་པའི་ཐོག་ནས་ཚིག་ཁ་ཤས་ལ་བརྡ་སྤྲོད་ཀྱི་དབྱེ་བ་འབྱེད་དགོས་ཀྱི་ཡོད་པར་བརྟེན། བརྡ་སྤྲོད་ཀྱི་ཁུངས་ག་རེ་ཡིན་མིན་དབྱེ་བ་གསལ་པོ་འབྱེད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པར་སོང་། བཙན་བྱོལ་ནང་གི་བརྡ་སྤྲོད་ཀྱི་ཆེད་ལས་མི་སྣ་ཁག་ཅིག་གདན་འདྲེན་ཞུས་ཏེ་བརྡ་སྤྲོད་ཀྱི་དཀའ་གནད་འགའ་ཞིག་གི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བཀྲ་ཤིས་སྒོ་མང་ཁང་གསར་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་འཚོག་བཞིན་པ། ༢༠༢༦།༣།༥ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།ད་ལན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་བགྲོ་གླེང་ཐོག་སྔ་དྲོར་བརྡ་སྤྲོད་ཐོག་ཆེད་ལས་མཁས་པ་རྣམས་ཀྱིས་བརྡ་སྤྲོད་སྐོར་བགྲོ་གླེང་བྱས་པ་དང་། ཕྱི་དྲོར་རྩོམ་སྒྲིག་པ་ནང་ཁུལ་ནས་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པའི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད་འདུག

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་ཇོ་ནང་དང་། གཡུང་དྲུང་བོན་གཙོ་བོར་གྱུར་པའི་ཤེས་ཡོན་གྱི་ཚོགས་སྡེ་མི་འདྲ་བའི་རྩོམ་སྒྲིག་སྡེ་ཚན་ ༣༥ ཡི་རྩོམ་སྒྲིག་པ་ ༢༠༠ ལྷག་གིས་ལོ་ངོ་དགུའི་རིང་འབད་བརྩོན་གནང་སྟེ་རྩོམ་སྒྲིག་ཚར་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ལེགས་གྲུབ་བྱུང་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་ཁ་པར་དང་གློག་ཀླད་སོགས་ལ་བཀོལ་ཆོག་པའི་མཉེན་ཆས་གསར་སྐྲུན་གྱིས་རིན་མེད་འགྲེམས་སྤེལ་གནང་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་སྨོན་ལམ་རིག་ནུས་དང་། སྨོན་ལམ་བརྡ་མཛོད་ཆེན་མོ། སྨོན་ལམ་ཚིག་མཛོད་ཆེན་མོ་བཅས་ཀྱི་ཐོག་ལ་ལས་དོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཐོག་མའི་དམིགས་ཡུལ་བཞིན་བོད་ཀྱི་སྐད་ཡིག་དུས་རབས་དང་མཐུན་པའི་རྒྱུན་འཛིན་དར་སྤེལ་གཏོང་བར་ལས་དོན་སྤེལ་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese