མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་ནང་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་བདུན་གྱི་རིང་སུད་སིའི་རྒྱལ་ས་བྷན་ནས་ཛུ་རིག་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

སུད་སིའི་རྒྱལ་ས་བྷན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། ༢༠༢༦།༣།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲད་བྱས།

སུད་སིའི་རྒྱལ་ས་བྷན་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། ༢༠༢༦།༣།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲད་བྱས།གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་བསླེབས་ལ་ཉེ་བ་དང་བསྟུན། ཁ་སང་ཕྱི་ཚེས་ ༤ ནས་ ༡༠ བར་ཉིན་གྲངས་བདུན་གྱི་རིང་སུད་སི་དང་ལེག་ཏན་སིཊ་ཡན་བོད་རིགས་མི་མང་ཚོགས་པའི་གོ་སྒྲིག་འོག སུད་སིའི་རྒྱལ་ས་བྷན་ (Bern) ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག་ལ། ད་ལན་གྱི་ལས་འགུལ་ཁྲོད་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་གཙོས་པའི་བོད་མི་ ༡༥ ཙམ་གྱིས་མཉམ་ཞུགས་གནང་འདུག

ཞི་བའི་གོམ་བགྲོད་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ཁེ་ཐི་རི་ན་ (Katharina Prelicz-Huber) ལགས་དང་། དམིགས་བསལ་སྐུ་མགྲོན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དེ་བཞིན་རི་ཀོན་ཆོས་འཁོར་དགོན་ (Rikon Monastery) གྱི་མཁན་རིན་པོ་ཆེ། སེར་སྐྱ་མི་མང་སོགས་འདུ་འཛོམས་གནང་འདུག་ལ། སུད་སིའི་རྒྱལ་ས་བྷན་ནས་སུད་སིའི་གྲོང་སྡེ་ཨོལ་ཊན་ (Olten) དང་། དེ་ནས་གྲོང་སྡེ་ཨ་རའོ་ (Aarau) ནས་ཨོལ་སི་ཊེ་ཊེན་ (Altstetten)། མཐར་ཛུ་རིག་ཏུ་ཕྱིན་ཏེ་ལས་འགུལ་མཇུག་སྒྲིལ་རྒྱུ་ཡིན་འདུག

ཐེངས་འདིའི་ལས་འགུལ་གྱི་དམིགས་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དང་བོད་རང་དབང་གི་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭ། ཁྲིམས་འགལ་ཐོག་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་པའི་ལས་གཞི་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་གསུམ་བཅུའི་དུས་དྲན་ཉིན་མི་མང་མང་པོ་འཛོམས་ཏེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་བརྗོད་བྱུང་།

སུད་སིའི་གྲོས་ཚོགས་འཐུས་མི་ལྕམ་ཁེ་ཐི་རི་ན་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༦།༣།༤ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་གོ་སྒྲིག་ཚོགས་ཆུང་དང་མཉམ་ཞུགས་པ་རྣམས་ལ་དང་བླངས་ཀྱི་ཐོག་ནས་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་དང་བསྟུན། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་། ལས་འགུལ་དེ་ལམ་ལྷོངས་ཡོང་བར་བོད་མི་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། ལས་འགུལ་དེ་བོད་ནང་ཡོད་པའི་བོད་མི་རྣམས་དང་བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་པ་ནམ་ཡང་བརྗེད་རྒྱུ་མེད་པའི་དྲན་སྐུལ་ཞུས་འདུག

སུད་སི་གྲོས་ཚོགས་འཐུས་མི་ལྕམ་ཁེ་ཐི་རི་ན་ལགས་ཀྱིས། སུད་སིའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཆོས་ལུགས་དང་བོད་མིའི་རང་དབང་གི་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་མཛད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁག་ལ་གུས་ཞབས་བྱས་པ་དང་། ཁོང་ཚོའི་མཐུན་སྒྲིལ་ལ་བསྔགས་བརྗོད་ཞུ་ཡི་ཡིན། ཞེས་གསུངས་འདུག

སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བོད་མི་དང་མཉམ་དུ་ཡོད། ཅེས་དང་། འདས་པའི་ལོ་ངོ་ ༦༧ རིང་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ལ། བོད་ཕྲུག་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་དུ་བཅུག་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲད་དེ་བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་རྩ་མེད་གཏོང་གི་ཡོད་སྐོར་དང་། དིང་རི་རྫོང་དུ་ས་ཡོམ་ཤུགས་ཆེན་བརྒྱབ་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་ཆུ་རགས་གསར་རྒྱག་མུ་མཐུད་བྱེད་མུས་ཡིན་སྐོར། རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་དང་བོད་མིའི་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་བར་ཡི་རངས་བསྔགས་བརྗོད་དང་། རྒྱ་གཞུང་གིས་བོད་ནང་གི་བོད་མི་དང་ཡུ་གུར་བ་རྣམས་ལ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་དང་། སུད་སིའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་ཡོད་པར་དགག་པ་ཡོད་སྐོར། བོད་མིའི་རང་དབང་དང་ཞི་བའི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་མུ་མཐུད་དུ་བྱ་རྒྱུ་ཡིན་པ་དང་། རྒྱ་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་དང་བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་སེམས་འཚབ་ཡོད་ལ། རྒྱནག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱེད་བཞིན་པར་དགག་པ་ཡོད་སྐོར་སོགས་ཡོངས་བསྒྲགས་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

ཆུ་ཚོད་ ༢ སྔོན་ལ།
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

༢༠༢༦/༠༥/༠༡
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༦/༠༥/༠༡
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

༢༠༢༦/༠༥/༠༡
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

༢༠༢༦/༠༥/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese