མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ང་ཚོའི་རྩ་དོན་གྱི་ཆེད་དུ་འགན་འཁྱེར་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་དང་མཉམ་དུ་འགྲོ་ཐུབ་པ་ཡིན་ན་བོད་པའི་འཐབ་རྩོད་ལ་སྟོབས་དང་ནུས་པ་མི་འདྲ་བ་ཞིག་ཡོང་གི་རེད་ཅེས་གསུངས།

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།

དེ་རིང་དང་སང་ཉིན་ཉིན་གྲངས་གཉིས་ཀྱི་རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས། ལྡི་ལིའི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་པང་ཀ་ཇི་གྷོ་ཡལ་ (Pankaj Goyal) ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༣༠༠ ཙམ་ལྷན་འཛོམས་གནང་འདུག

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་ད་ལྟ་དང་མ་འོངས་པའི་ཆབ་སྲིད་ཀྱི་གནས་སྟངས་དང་། གནས་བབ་འདི་བོད་ཀྱི་གནས་བབ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་གང་འདྲ་ཞིག་ཕྱིན་རུང་། རྒྱལ་ཁབ་གཞན་གྱིས་དང་པོ་བལྟ་ས་དེ་བོད་དང་འབྲེལ་བའི་ཐོག་ནས་རྒྱ་གར་ལ་ལྟ་ཡི་ཡོད་པ་རེད། དེར་བརྟེན། ང་ཚོར་རྒྱ་གར་གྱི་ལངས་ཕྱོགས་དང་རྒྱབ་སྐྱོར་དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་དབུ་ཁྲིད་དམ་པ་མང་པོ་ཞིག་གིས་རྒྱ་གར་གྱི་ལངས་ཕྱོགས་དེ་གསལ་པོ་གསུངས་ཡོད་པ་དང་། དེ་བཞིན་རྒྱ་གར་གཞུང་གི་ལངས་ཕྱོགས་བརྟན་པོ་ཆགས་ཀྱི་ཡོད་ལ། ད་ལྟའི་རྒྱ་གར་གཞུང་ལ་རེ་བ་དང་ཡིད་ཆེས་ཡོད་པས། དུས་རན་པ་ཞིག་ལ་ཏན་ཏན་དགོངས་པ་བཞེས་ཀྱི་རེད་བསམ་པ་དང་། དགོངས་པ་བཞེས་དགོས་པ་ཞིག་རེད། དེ་ནི་རྒྱ་གར་མི་མང་གི་མངོན་འདོད་དང་། རྒྱ་གར་གྱི་ཁེ་ཕན། འཇིག་རྟེན་འདི་ལ་ཕན་ཐོགས་པའི་གནས་བབ་ཅིག་ཡིན་པ་ལས། བོད་ཁོ་ནའི་སྐད་ཆ་ཞིག་མ་རེད། ཅེས་གསུངས་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།

ཡང་བདེ་སྲུང་བཀའ་བློན་མཆོག་གིས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་དང་། རྒྱ་ནག་གིས་བོད་མིའི་ངོ་བོ་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་སླད། བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་སྒྱུར་སློབ་གསོ་སྤྲད་དང་སྤྲོད་མུས་ཡིན་པ་རེད། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཤེས་རྟོགས་ཡོད་པའི་ཐོག་ནས་རྒྱ་གར་གྱིས་དྲང་བདེན་དང་། བོད་དང་རྒྱ་གར་གྱི་དོན་དུ་ལངས་ཕྱོགས་བརྟན་པོ་འཛིན་དགོས་ཀྱི་ཡོད་པ་རེད། བོད་ཀྱི་མ་འོངས་པ་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་རེད། ཅེས་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། ཧིན་བོད་མཐའ་མཚམས་དེ་རྒྱ་གར་དང་བོད་གཉིས་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད། ཅེས་འགྲེལ་བརྗོད་གནང་ཡོད་པ་ལྟར། ལངས་ཕྱོགས་བརྟན་པོ་བཟུང་སྟེ་མདུན་སྐྱོད་བྱ་དགོས་སྐོར་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོ་རྒྱ་གར་ནང་གནས་སྡོད་བྱས་ཏེ་ལོ་ངོ་ ༦༦ ཙམ་འགྲོ་ཡི་ཡོད་པ་དང་། རྒྱ་གར་ནང་བོད་པའི་གནད་དོན་ཆ་ཚང་ཤེས་ཀྱི་ཡོད་རེད་བསམ་པའི་རེ་བ་ཞིག་ཡོད་རེད་དེ། སྐབས་རེ་ཤེས་ཡོན་པའི་ནང་ལོགས་ལ་སྐད་ཆ་བཤད་པའི་སྐབས། བོད་ཀྱི་བྱུང་རབས་སོགས་ཀྱི་སྐོར་ལ་གོ་རྟོགས་གཏིང་ཟབ་པོ་ཡོད་མཁན་ཁག་པོ་འདུག དེར་བརྟེན་བོད་དོན་རྒྱབ་སྐྱོར་བ་ཚོ་བརྒྱུད་ནས་བོད་ཀྱི་གནས་སྟངས་དང་། གནས་བབ། བྱུང་རབས་དེ་དག་ག་ཚོད་ཐུབ་ཐུབ་ཀྱིས་མི་རབས་གསར་པ་ཚོར་ངོ་སྤྲོད་བྱ་ཐུབ་པ་དང་། ཁོང་ཚོའི་ལས་རིམ་ནང་ང་ཚོས་མཉམ་ཞུགས་བྱས་ཏེ། སྲིད་སྐྱོང་ནས་འཛིན་སྐྱོང་གི་ལས་བྱེད། སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་པའི་སྐབས་བོད་དོན་ངོ་སྤྲོད་བྱ་རྒྱུ་དང་། མོས་མཐུན་གསལ་པོ་ཞིག་བྱུང་བ་ཡིན་ན། བོད་ཀྱི་ས་ཆའི་ཆགས་བབ་དང་། དེའི་བྱུང་རབས། གནད་འགག་དེ་ཚོ་ཤེས་པ་ཡིན་ན། རྒྱ་གར་ལ་ཁེ་ཕན་ག་རེ་ཡོད་པ་རང་བཞིན་གྱིས་ཤེས་ཡོང་གི་རེད། ཆབ་སྲིད་པ་སོགས་ལ་བོད་ཀྱི་ས་ཁྱོན་གྱི་སྐོར་ལ་གོ་རྟོགས་སྤེལ་དགོས་པ་དང་། རྒྱ་ནག་གིས་བོད་ཚབ་ཏུ་ཞིས་ཙང་ (Xizang) ཟེར་བའི་ཐ་སྙད་བེད་སྤྱོད་གཏོང་མི་རུང་བ་སོགས་བོད་དོན་སྐོར་ལ་འགྲེལ་བཤད་རྒྱག་དགོས་པ་སོགས་རྨང་གཞི་ནས་ནུས་པ་སྤུངས་ཐུབ་པ་ཡིན་ན། དངོས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མིང་དོན་གཉིས་ཀ་མཚུངས་པའི་ཐོག་ནས་ལས་ཀ་བྱེད་ཐུབ་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།

ཡང་སྲིད་སྐྱོང་མཆོག་གིས། ང་ཚོའི་རྩ་དོན་དེ་གཙོ་བོ་ཡིན་པར་བརྟེན། བོད་པ་ཚོས་འགན་སྔོན་ལ་འཁྱེར་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ཁོང་ཚོ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། འགན་འདི་ང་ཚོར་ཤུགས་ཆེ་བ་ཡོད་པ་རེད། བོད་པས་འགན་འཁྱེར་བ་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚང་མ་མཉམ་དུ་འགྲོ་ཐུབ་པ་ཡིན་ན་བོད་པའི་འཐབ་རྩོད་འདི་ལ་སྟོབས་དང་ནུས་པ་མི་འདྲ་བ་ཞིག་ཡོང་གི་རེད། ཅེས་དང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་དང་། བོད་ནང་བཙན་འཛུལ་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་དང་། རྒྱ་ནག་གི་ལོ་རྒྱུས་ཀྱི་ཐོག་ནས་ཁུངས་བསྐྱལ་རྒྱུ་མེད་པའི་གནས་སྟངས། ང་ཚོའི་རྒྱལ་ཁབ་བཟུང་བ་ཙམ་དུ་མ་ཡིན་པར་རྒྱལ་ཁབ་ཀྱི་སྣོད་དང་བཅུད། མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པ་རེད། དེ་ཚོ་ངོ་ཚ་དགོས་པ་ཞིག་རེད། འཛམ་གླིང་འདིའི་ནང་དཔལ་ཡོན་ཡག་པོ་ཡོད་པ་དེ་དག་ཚང་མ་སྲུང་སྐྱོབ་བྱ་དགོས་ཀྱི་ཡོད། དེ་མིན་སྐད་ཡིག་དང་། རིག་གཞུང་། དཔལ་ཡོན་ཡག་པོ་ཡོད་པ་དེ་དག་མེད་པ་བཟོས་པ་སོགས་བྱས་ཚེ། མ་འོངས་པར་འཛམ་གླིང་གི་གནས་སྟངས་འདི་གང་འདྲ་ཆགས་ཀྱི་རེད། དེང་སང་འཛམ་གླིང་ནང་དམག་འཁྲུག་མང་པོ་བྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་འཛམ་གླིང་ནང་ཞི་བདེ་དང་། འཆམ་མཐུན་བྱ་དགོས་ཀྱི་རེད་ཟེར་ནས་ཤོད་ཀྱིན་འདུག རྒྱ་ནག་ནང་ལོགས་ལ་འཆམ་མཐུན་དང་ཞི་བདེ་ཡོང་རྒྱུའི་སྐོར་ག་རེ་བྱས་ནས་བྱེད་ཐུབ་ཀྱི་མེད་པ་རེད། གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ཀྱི་ཡོད་ན། རྒྱ་ནག་ནང་ལོགས་ལ་ཞི་བདེ་དགོས་ཀྱི་རེད། མི་རིགས་ཚང་མ་ལ་ལྟ་སྟངས་གཅིག་པ་བལྟ་དགོས་ཀྱི་རེད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༣ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༨ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese