མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞུང་ཆེན་ལ་སློབ་གཉེར་གནང་མཁན་མང་པོས་འཆད་པ་དང་རྩོད་པའི་བྱ་བར་འགྲན་ཟླ་མེད་ཀྱང་། ཐ་སྙད་ཀྱི་རིག་གནས་དང་ཡི་གེ་འབྲི་ཀློག་ལ་ཐུགས་སྣང་མ་གནང་བས་རྩོམ་པའི་བྱ་བ་གནང་མཁན་དཀོན་པོ་འདུག་ཅེས་གསུངས།

དགྱེས་བརྩེ་པདྨ་དཀར་པོའི་འཛུམ་མདངས་ཞེས་པ་དབུ་འབྱེད་གནང་། རྒྱུད་སྟོད་དགོན་པའི་པར། ༢༠༢༦།༤།༢

ཕྱི་ཟླ་ ༤ ཚེས་ ༢ ཉིན་དྷ་ས་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་གི་འགྲེལ་བ་དགྱེས་བརྩེ་པདྨ་དཀར་པོའི་འཛུམ་མདངས་ཞེས་པ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་མཁས་གྲུབ་མཆོག ༸སྐྱབས་རྗེ་མཁན་རིན་པོ་ཆེ་ཁང་སེར་སྤྲུལ་སྐུ་བསྟན་འཛིན་དཔལ་ལྡན་རིན་པོ་ཆེ་མཆོག དེ་བཞིན་ཕྱོགས་མཐའ་ཁག་དང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་སོགས་ལྷན་འཛོམས་གནང་འདུག

ཕྱག་དེབ་ཀྱི་འགྲེལ་བ་རྩོམ་མཁན་དགེ་བཤེས་མཁས་གྲུབ་ནོར་བཟང་ལགས་ཀྱིས། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་ཞེས་པ་མདོ་སྔགས་ཡོངས་སུ་རྫོགས་པ་འདུས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་གསུང་དྲི་མ་མེད་པ་ཞིག་ཡིན་དུས། འདིའི་ཐོག་ཉམས་ལེན་བྱས་ཏེ་སྐྱེ་བ་ཚེ་རབས་ཐམས་ཅད་དུ་བླ་མའི་རྗེས་སུ་འཛིན་ཐུབ་པའི་རྒྱུ་ཚོགས་བསགས་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་སྨོན་ལམ་ཙམ་མ་ཡིན་པར་ཚོགས་བསགས་རྒྱུ་སོ་སོའི་ལག་པར་ཡོད། ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མི་ལོ་དྲུག་ཅུ་ལྷག་གི་རིང་ཕྱོགས་གང་ཅིའི་ཐོག་ནས་སྐུ་ལས་བསྐྱོན་ཡོད། ཁོང་གི་མཛད་པ་འཕྲིན་ལས་མཇུག་སྐྱོང་བྱེད་པར་ང་ཚོ་ནུས་པ་གོང་བུ་གཅིག་མེད་ཚེ། ཆོས་དང་སྲིད་ཀྱི་འདོད་དོན་གང་ཡང་འགྲུབ་ཐུབ་ཀྱི་མེད། གནས་སྐབས་སོ་སོའི་བསམ་བློའི་ཐོག་ནས་འགྱུར་བ་འདྲ་མིན་ཤར་གྱི་ཡོད་ཀྱང་། གཞི་རྒྱ་ཆེན་པོའི་ཐོག་ནས་བསམ་བློ་གཏོང་དགོས། ལས་དོན་བྱེ་བྲག་པ་ཞིག་གི་འདོད་པ་ཁེངས་མིན་བྱེད་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་སྒོ་རྒྱག་གི་ཡོད། ཐུགས་མདུན་ཁྲིམས་གཙང་ཡག་པོ་བྱས་ན་བླ་མའི་བརྟན་བཞུགས་ངོ་མ་དེ་རེད། ཅེས་གསུངས་སོང་།

༸སྐྱབས་རྗེ་ཁང་སེར་རིན་པོ་ཆེ་མཆོག་གིས། སྤྱིར་ཕྱག་དཔེ་ཀློག་མཁན་རྣམས་ཀྱིས་དོ་སྣང་བྱས་ཏེ་ཡང་ནས་བསྐྱར་དུ་བཀླག་རྒྱུ་གལ་ཆེན་པོ་རེད། དེང་སང་དེབ་ཀྱི་བརྗོད་བྱ་ལ་བལྟས་པ་ལས་དེབ་ཀྱི་ཚོང་བྲིན་ཆེ་མིན་(best seller) ལ་ལྟ་བཞིན་འདུག ང་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ན། ལོ་འགའི་སྔོན་ལ་ངའི་དེབ་ཁ་ཤས་ཤིག་ཐའེ་ཝན་དང་། མཱ་ལི་ཤི་ཡ། ལྷོ་ཁོ་རི་ཡ་བཅས་སུ་དེབ་བྲིན་ཆེ་བའི་ཁོངས་སུ་ཚུད་དུས། དེབ་ཀྱི་བརྗོད་བྱ་ལ་མ་བལྟས་པར་དེབ་མིང་ལ་ལྟ་བཞིན་ཡོད་པ་དེང་སང་གི་སྤྱི་ཚོགས་འགྲོ་སྟངས་ཤིག་ཆགས་ཡོད་པས། ང་རང་གི་ངོས་ནས་དེབ་ཀྱི་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད། ད་ལན་གྱི་དེབ་ནང་སྤྱན་རས་གཟིགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྣམ་གཉིས་ཟུང་དུ་འབྲེལ་ནས་སྔགས་ཀྱི་བླ་མའི་རྣལ་འབྱོར་བརྗོད་བྱ་ཟབ་མོ་ཞིག་རེད། ཅེས་དང་། ད་ལྟའི་དུས་སྐབས་སུ་གཏིང་ཟབ་བརྗོད་བྱ་འདིར་ཧ་ཅང་ཉེ་བར་མཁོ་བ་ཞིག་ཡིན་པས་ཚང་མས་ཐུགས་སྣང་གནང་རོགས། ཅེས་གསུངས་སོང་།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། འཆད་རྩོད་ཀྱི་བྱ་བ་དེ་གནས་སྐབས་སམ་མི་རབས་གཅིག་ཙམ་གྱི་ནང་དུ་ཕན་ཐོགས་པ་མ་གཏོགས། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་ཕན་ཐོགས་པ་ཞིག་ཡོང་གི་མི་འདུག རྒྱུན་འཛིན་ཡོང་བར་བསྟན་བཅོས་བརྩམས་པའི་ཐོག་ནས་ཡིག་ཐོག་ཏུ་འཇོག་ཐུབ་ཚེ། མི་རབས་མང་པོའི་ནང་དུ་རྒྱུན་འཛིན་བྱེད་ཐུབ་པ་ཞིག་ཡོང་གི་ཡོད། རྗེ་ཡབ་སྲས་མ་བཞུགས་ཀྱང་གསུང་གི་ཆ་ཤས་དེ་བླ་མའི་སྐུ་ཚབ་ཀྱི་དོན་དུ་བཞུགས་ཏེ་འགྲོ་དོན་མཛད་ཀྱི་རེད་ཅེས་པ་བདེན་པ་རེད། བོད་ཀྱི་གཞུང་ཆེན་ལ་སློབ་གཉེར་གནང་མཁན་མང་པོས་འཆད་པ་དང་རྩོད་པའི་བྱ་བར་འགྲན་ཟླ་མེད་ཀྱང་། ཐ་སྙད་ཀྱི་རིག་གནས་དང་ཡི་གེ་འབྲི་ཀློག་ལ་ཐུགས་སྣང་མ་གནང་བས་རྩོམ་པའི་བྱ་བ་གནང་མཁན་དཀོན་པོ་འདུག

སྤྱིར་བོད་དུ་ནང་ཆོས་ཐོག་རྩོམ་པ་པོ་མང་པོ་བྱུང་བ་དེ་ཡུལ་གྲུ་དང་རྒྱལ་ཁབ་གང་དུའང་བྱུང་མྱོང་མེད། གདན་ས་ཁག་ལ་མཚོན་ན་འཆད་རྩོད་ཀྱི་བྱ་བ་གནང་མཁན་ཁྲི་ཕྲག་མང་པོ་ཡོད་པ་ལས། རྩོམ་གྱི་བྱ་བ་གནང་མཁན་དེ་བཅུ་ཕྲག་དང་བརྒྱ་ཕྲག་མ་གཏོགས། སྟོང་ཕྲག་དང་ཁྲི་ཁྲག་གི་གྲངས་ཀ་དེ་ཡོང་ཁག་པོ་འདུག ང་ཚོའི་མི་ཚེ་ནང་དྲན་པའི་མཁས་པ་རྣམས་མཚོན་ནའང་། བོད་དུ་དགེ་བཤེས་ལྷ་རམས་པ་གྲགས་ཅན་གདན་སའི་མཁན་པོ་གནང་མཁན་གྱི་ཁྲོད་དུ་སོ་སོའི་མཚན་འབྲི་མི་ཤེས་པ་དང་། དབུ་ཅན། དབུ་མེད། འཁྱུག་ཡིག་བཅས་ལྗགས་ཀློག་གནང་མི་ཤེས་མཁན་མང་པོ་མཇལ་མྱོང་། རྒྱ་གར་དུ་བསླེབས་ཏེ་དྷ་རམ་ས་ལར་ཚོགས་འདུ་འཚོགས་པའི་སྐབས་སུ། མཁན་རིན་པོ་ཁ་ཤས་ཀྱིས་མཚན་དེ་འབྲི་རོགས་ཟེར་མཁན་དེ་འདྲ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། རྗེ་རིན་པོ་ཆེ་མཆོག་ནས་མཁས་པའི་ཡོན་ཏན་དང་བྱ་བ་གཉིས་སྦྱར་སྟེ་བསྡོམས་བརྒྱབ་ནས་གསུངས་ཡོད་པ་བཞིན། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་རིགས་ལམ་ཕྲ་མོའི་རྣམ་དཔྱོད་གཉིས་མཉམ་དུ་མེད་ཚེ། རིགས་ལམ་ཕྲ་མོའི་རྣམ་དཔྱོད་དོན་མེད་དུ་འགྲོ་ཡི་ཡོད། ང་ཚོའི་ཉམས་མྱོང་ཁྲོད་ཤེས་རབ་འཆལ་བ་དེ་འདྲ་ཡོང་གི་ཡོད། དེ་གཉིས་ཡོད་ཀྱང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་དེ་མེད་ཚེ། འཆད་རྩོད་རྐྱང་པ་ལས་རྩོམ་པའི་བྱ་བར་གཞོལ་བའི་ནུས་པ་མེད་པར་ཆགས་ཀྱི་ཡོད། དུས་ཀྱི་སྙིགས་མ་ལའང་བྱ་བ་འདི་འདྲའི་བྱེད་ཐུབ་པ་དེ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་མོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། བོད་དུ་དུས་འགྱུར་ཆེན་པོ་བྱུང་ནས་བསྟན་པ་དང་ཆབ་སྲིད་ཀྱི་མིང་གི་ལྷག་མ་ལུས་པ་དང་། ང་ཚོས་རང་དབང་གི་ལུང་པར་ཆོས་སྤྱོད་ཤེས་རབ་ཀྱི་བྱ་བ་བྱེད་བཞིན་ཡོད་པ་ཧ་ཅང་དགའ་ཚོར་སྐྱེ་འོས་པ་ཞིག་རེད། ད་ལན་གྱི་ཕྱག་དཔེ་འདི་ལ་བརྟེན་ནས་དོན་གཉེར་ཅན་མང་པོར་ཕན་ཐོགས་ཡོང་བ་དང་། གྲྭ་ཚང་གི་ངོས་ནས་ཀྱང་བསྟན་པའི་བྱ་བ་རླབས་ཆེན་དུ་འགྲོ་བའི་དགེ་མཚན་ཆེན་པོ་འབྱུང་གི་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese