མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་དབང་རྟུལ་དད་པའི་རྗེས་སུ་མ་ཡིན་པར་དབང་རྣོན་རིག་པའི་རྗེས་སུ་འབྲང་དགོས་ཅེས་གསུངས།

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འཚོགས་བཞིན་པ། ༢༠༢༦།༤།༥ སྨན་རིའི་གླིང་གི་པར།

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༩ བར་ཉིན་གྲངས་ལྔའི་རིང་དཔལ་གཤེན་བསྟན་སྨན་རིའི་གླིང་དུ།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱི་གོ་སྒྲིག་འོག གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་དགུ་པ་འཚོག་བཞིན་ཡོད་ཅིང་།  ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དམིགས་བསལ་སྐུ་མགྲོན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་དགེ་ལེགས་ཉི་མ་ལགས། ཆོས་བརྒྱུད་ཁག་ནས་བགྲོ་གླེང་གནང་མཁན་དགེ་འདུན་པ་དང་བཙུན་མ་གྲངས་ ༢༢ དང་། ཕྱོགས་མཐའ་ཁག་གི་དགོན་སྡེ་གྲངས་ ༤༥ ནས་ཚོགས་བཅར་བ་གྲངས་ ༨༥། དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་མང་འདུས་སྡེ་བཅས་གདན་འཛོམས་བྱུང་ཡོད་འདུག བགྲོ་གླེང་གི་ཉིན་དང་པོར་སྨན་རིའི་ཁྲི་འཛིན་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རིས་མེད་ཆོས་ཚོགས་ཐེངས་དང་པོ་ནས་བཅོ་ལྔའི་བར་གྱི་སྟེང་དུ་བསྩལ་གནང་བའི་བཀའ་སློབ་ཕྱོགས་སྒྲིག་དབུ་འབྱེད་གནང་འདུག

གཞུང་ཆེན་རིས་མེད་བགྲོ་གླེང་གི་དགོས་དམིགས་ཀྱི་སྐོར་ལ་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་དོན་ལྟར།བོད་གངས་ཅན་གྱི་རིས་སུ་མ་ཆེད་པའི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་སློབ་རྒྱུད་ནང་ཕན་ཚུན་བསྟན་འཛིན་མཐུན་པ་ཞེས་གསུངས་པ་བཞིན། དགེ་འདུན་པ་ཐུགས་མཐུན་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར་དམིགས་པ་ཞིག་ཡིན། དེ་བཞིན་གཞུང་ཆེན་རིས་མེད་བགྲོ་གླེང་སྐབས་སོ་སོར་བརྗོད་གཞིའི་ཐོག་མཁས་པའི་གསུང་བཤད་དང་བགྲོ་གླེང་ལྷུག་པོ་གནང་ནས་བཤད་སྒྲུབ་ཀྱི་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུར་དམིགས་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། བོད་ཀྱི་སྐད་ཡིག་དང་ཆོས་ནི་འཛམ་གླིང་ནང་གི་རིག་གཞུང་རྙིང་པ་ཞིག་ཡིན་པ་ཙམ་མ་ཟད། ད་ལྟའི་ཉིན་རེའི་འཚོ་བའི་ཁྲོད་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་ཆགས་ཡོད། ཆེ་ས་ནས་ཉོན་མོངས་དུག་གསུམ་གྱིས་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་དམག་འཁྲུག་དང་། འཇིགས་སྐུལ་རིང་ལུགས། ལྐོག་ཟ་རུལ་སུངས། རྒྱུ་ནོར་རྔམ་སེམས་ཀྱིས་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོད་འབྲེག་སོགས་ཀྱིས་ཁོར་ཡུག་ཉམས་རྒུད་བཏང་བ། ཉམ་ཆུང་དང་ཉམས་ཐག་ལ་ཐུབ་ཚོད་བཏང་བ་སོགས་འཛམ་གླིང་འདིར་མིས་བཟོས་པའི་དཀའ་ངལ་དང་སྡུག་བསྔལ་མང་པོ་ཡོད། ཆུང་ས་ནས་མི་སྒེར་ལ་མཚོན་ན་སེམས་འཁྲུག་པ་དང་སེམས་ངལ་བྱུང་བའི་སྐབས་ཕན་ཐོགས་ངེས་ཅན་ཞིག་ཡོད་པའི་འཛམ་གླིང་གི་ཁྱད་ནོར་ཞིག་ཆགས་ཡོད། ནོར་བུ་རང་ལག་ཏུ་ཡོད་དུས་ནོར་ཉམས་ཆོད་པའི་ཐོག་ནས་བདག་བཟུང་གིས་མི་རབས་གཞོན་པར་བརྩིས་རྒྱག་དགོས་པ་གནད་འགག་ཞིག་མཐོང་གི་འདུག ཅེས་བརྗོད་སོང་།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས། ནམ་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་གསུངས་པ་བཞིན། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་དབང་རྟུལ་དད་པའི་རྗེས་སུ་མ་ཡིན་པར་དབང་རྣོན་རིག་པའི་རྗེས་སུ་འབྲང་དགོས། ཅེས་དང་། གྲུབ་མཐའི་རྣམ་བཞག་བཤད་དུས་སོ་སོའི་ལྟ་བ་ལ་ཆགས་ཏེ། རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ན་མ་རྟོག་དང་ལོག་རྟོག་སོགས་སྐྱེ་བའི་ཉེན་ཁ་ཞིག་ཆགས་ཡོད་པས། དེ་འདྲ་མ་ཡིན་པའི་ཐོག་ནས་དོགས་པ་གང་ཡོད་ཀྱང་ཕན་ཚུན་བགྲོ་གླེང་བྱས་ཚེ་དག་སྣང་ཡོང་ཐུབ་པ་ཞིག་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། ང་ཚོའི་རྒྱལ་ཁབ་ཤོར་ནས་བཙན་བྱོལ་ཡོང་དགོས་འཁེལ་ཡང་། རྐྱེན་ངན་གྲོགས་ཤར་གྱིས་ཆོས་བརྒྱུད་ཚང་མ་མཉམ་དུ་འཛོམས་ཏེ་བགྲོ་གླེང་བྱེད་པའང་སྐལ་བ་བཟང་པོ་ཞིག་རེད། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཐུགས་བསྐྱེད་དམ་བཅའ་བཞི་ལས། འགྲོ་བ་མིའི་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་པ་དང་། འཛམ་གླིང་གི་ཆོས་ལུགས་ཚང་མས་མཐུན་སྒྲིལ་ཐོག་འགྲོ་བ་མིའི་དགོས་མཁོ་བསྒྲུབ་པ།  དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་ཀྱི་དགོངས་གཞིའི་མཛད་པ་ལ་བརྟེན་ནས། ༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཞིག་ཐོབ་ཡོད་ལ། ད་ལྟ་ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ནའང་ཆོས་ལུགས་ཀྱི་ཐོག་ཞེན་ཁོག་དང་ཆགས་སྡང་བྱེད་མཁན་ཉུང་ཉུང་རེད། དེ་དག་ཚང་མ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་གསུངས་སོང་།

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཞུང་ཆེན་བགྲོ་གླེང་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོར་ཕེབས། ༢༠༢༦།༤།༥ སྨན་རིའི་གླིང་གི་པར།

ཐེངས་འདིའི་བགྲོ་གླེང་ཐོག་ཁམས་བརྒྱད་ཀྱི་བསྟན་དོན་ལ་རགས་ཙམ་དཔྱད་པ་དང་། རིག་པའི་ཁམས་ལ་དཔྱད་པ། སྲིད་པའི་ཁམས་དང་རྒྱུན་ཁམས་གཉིས་ཀྱི་སྐོར་ལ་རོབ་ཙམ་དཔྱད་པ། ཁམས་ཆེན་པོ་བརྒྱད་ལས་སོ་སོར་གསལ་བའི་ཁམས་དང་རང་རིག་པའི་ཁམས་བཤད་པ། མངོན་རྟོགས་རྒྱན་ལས་སེམས་བསྐྱེད་ཀྱི་སྐོར། མངོན་རྟོགས་རྒྱན་ལས་ངེས་འབྱེད་ཡན་ལག་སྐོར། མངོན་རྟོགས་རྒྱན་ལས་གདམས་ངག་གི་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བཞིན་ཡོད་འདུག

གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ནི་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༣ ལོའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག་འདུག ཕྱི་ལོ་ ༢༠༡༥ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དང་པོ་འཚོགས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོར་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་ས་སྐྱའི་མཐོ་སློབ་ཏུ་ཚོགས་ཐེངས་གསུམ་པ་འཚོགས།  ཕྱི་ལོ་ ༢༠༡༩ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཚོགས་ཐེངས་བཞི་བ་འཚོགས། ཕྱི་ལོ་ ༢༠༢༠ ལོར་སྔ་འགྱུར་རྙིང་མའི་གདན་ས་ཐེག་ཆེན་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་ཐེངས་ལྔ་བ་འཚོགས། ཕྱི་ལོ་ ༢༠༢༣ ལོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཐེངས་དྲུག་པ་འཚོགས། ཕྱི་ལོ་ ༢༠༢༤ ལོར་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་ཐེངས་བདུན་པ་འཚོགས། ཕྱི་ལོ་ ༢༠༢༥ ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཚོགས་ཐེངས་བརྒྱད་པ་བཅས་འཚོགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese