རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ ལམ་བཟང་བའི་སྐབས་འདིར་ཨ་རིའི་སྲི ད་འཛིན་ཊོམ་ཕུ་མཆོག་གིས་སླར་ཡང་ བྱང་ཀོ་རི་ཡའི་མགོ་འཛིན་ཀིམ་ཇུ ང་ཨན་དང་ཐུག་འཕྲད་བྱས་ཏེ་ཨ་ཀོ་ གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ གཏོང་ཐུབ་བམ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ ཝང་ཡེ་ཡི་ཉིན་གྲངས་གཉིས་རིང་གི་ བྱང་ཀོ་རི་ཡའི་གཞུང་འབྲེལ་སྐོར་ སྐྱོད་དང་བསྟུན། རྒྱལ་ས་ཕེན་ཡང་དུ་ཀོ་རི་ཡའི་ཕྱི ་སྲིད་བློན་ཆེན་ཆོ་སན་ཧེཡོ་(Choe Son Hui) དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་ དོན་འཐབ་ཇུས་ཟེར་བ་གོང་མཐོར་དང་ ། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི ་ཚོང་དོན་མཉམ་ལས་ཀྱི་འབྲེལ་ལམ་ ཚུགས་ནས་མི་ལོ་ ༦༥ འཁོར་བ་དང་འབྲེལ། ཕྱོགས་གཉིས་ཀྱི་ཡུན་རིང་གཉེར་ བའི་མཉམ་འབྲེལ་ལས་དོན་ཁག་སྔར་ལྷག་གཉེར་རྒྱུ་ཡིན་ལུགས་བསྒྲ གས་པའི་ཁར། ད་ལན་ཝང་ཡེ་བྱང་ཀོ་རི་ཡར་མི་ལོ་ བདུན་རྗེས་ཡོང་ཐེངས་ཐོག་མར་གྱུ ར།
གནད་དོན་དེ་དང་འབྲེལ་ནས་ཝང་ཡེ་ ཡིས། རྒྱ་ནག་གིས་ཀོ་རི་ཡ་སྤྱི་མཐུན་ རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ ཀྱི་སྲིད་དོན་ཚོགས་པ་དང་རྒྱལ་ ཁབ་ཀྱི་མགོ་ཁྲིད་གཉིས་ཀྱི་ལམ་སྟོ ན་གཞིར་བཟུང་ཐབས་ཇུས་ཀྱི་འབྲེལ་ མཐུད་སྲ་བརྟན་བཟོ་བ་དང་། མཉམ་ལས་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀྱི་མི་མང་ལ་ཁེ་ཕན་ བསྐྲུན་པ། ཞི་བདེ་དང་འཕེལ་རྒྱས་མཉམ་དུ་གཏོ ང་འདུན་ཡོད། ཅེས་བཤད་འདུག
དེ་བཞིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློ ན་ཆེན་གྱིས། ཀོ་རི་ཡས་རྒྱ་ནག་གཅིག་གི་རྩ་དོ ན་ལ་རྒྱབ་སྐྱོར་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེ ད་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོ ད་པའི་མུར། ཐའེ་ཝན་དང་། བོད། ཤར་ཊུར་ཀི་སི་ཐན་ཚུད་པའི་རྒྱ་ ནག་གི་མངའ་ཁོངས་ཀྱི་མཐའ་སྲུང་ དང་བདེ་འཇགས་ཐོག་ལས་དོན་གཉེར་བ་ དང་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་ སྐྱོར་བྱེད་ཀྱིན་ཡོད། ཅེས་བཤད་འདུག
རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་ བུར་གྱུར་བའི་རྒྱ་ནག་ཤིན་ཧྭ་གསར་ ཁང་ལྟར་ན། ད་ལན་རྒྱ་ཀོ་གཉིས་ཀྱི་ཕྱི་སྲིད་ བློན་ཆེན་གཉིས་ཀྱི་ཐུག་འཕྲད་སྐ བས། འདི་ལོར་ཕྱི་ལོ་ ༡༩༦༡ ལོར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི ་ཚོང་དོན་འབྲེལ་ལམ་བཙུགས་ནས་མི་ ལོ་ ༦༥ འཁོར་བའི་དུས་སྐབས་དང་བསྟུན། དེང་གི་འཛམ་གླིང་ཡོངས་ཀྱི་ཆབ་སྲི ད་འཕོ་འགྱུར་གྱི་ཁ་ཕྱོགས་ བཞིན། དུས་གཏན་དུ་ཡིད་ཆེས་དང་མཛའ་བརྩེ འི་ཐོག་གྲོས་མོལ་གྱི་ལམ་ནས་རྒྱ བ་སྐྱོར། དེ་བཞིན་གཉིས་ཕན་གྱི་འབྲེལ་ལམ་ ལས་མི་མང་འབྲེལ་འདྲིས་དང་རིག་ གཞུང་བརྗེ་ལེན། ཀོ་རི་ཡའི་སྤྱི་ཚོགས་འཕེལ་རྒྱས་ དང་དཔལ་འབྱོར་ཡར་རྒྱས་གཏོང་བར་ སྐུལ་འདེད་བྱ་རྒྱུ་ཡིན་ལུགས་ཀྱི ་ཐད་ལ་གླེང་སློང་བྱས་འདུག་ལ། རྒྱ་ནག་དང་བྱང་ཀོ་རི་ཡའི་བར་ འདས་པའི་མི་ལོ་དྲུག་ཅུ་ལྷག་གི་ རིང་ཚོང་དོན་མཉམ་ལས་ཀྱི་ལས་དོན་ གཉེར་ཡོད་ཅིང་། ཀོ་རི་ཡས་རྒྱ་ནག་ལ་མཚོ་ཟས་དང་། ལྕགས་རྡོ་(Iron ore)། རས་ཆ་སོགས་ཕྱིར་ཚོང་དང་། རྒྱ་ནག་ནས་སྣུམ་དང་རྡོ་སྣུམ་གྱི ་ཐོན་རྫས་ཁག འཕྲུལ་རིགས། ཟས་རིགས། ཐོན་འབྲས་དང་རྫས་རིགས་སོགས་ནང་ འདྲེན་བྱས་ནས། རྒྱལ་ཁབ་དེའི་ཚོང་དོན་གྱི་ཕྱིའི ་རྒྱལ་ཁབ་ཀྱི་ཚོང་ཟོག་བརྒྱ་ཆ་ དགུ་བཅུ་ལྷག་རྒྱ་ནག་ནས་སྐྱེལ་ འདྲེན་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་ནི་ཁེར་ཚུགས་སུ་གནས་པའི་ བྱང་ཀོ་རི་ཡའི་ཚོང་དོན་གྱི་ཐོག་ ནས་འབྲེལ་ལམ་ཆེ་ཤོས་ཀྱི་རྒྱལ་ ཁབ་ཅིག་ཏུ་གྱུར་བས། རྒྱ་ནག་གིས་ཚོང་དོན་དང་ཐབས་ཇུས་ ཀྱི་ཐོག་ནས་ཚོད་འཛིན་ནན་མོ་བྱེ ད་མུས་ཡིན་འདུག
ད་ལན་བློན་ཆེན་གཉིས་ཀྱིས་འདས་ལོ ར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཀིམ་གཉིས་ཀྱིས་རྒྱ་ནག་གི་རྒྱ ལ་ས་པེ་ཅིན་གྱི་ གནམ་སྡེ་སྒོ་མོ་ཆེར་འཛམ་གླིང་ དམག་ཆེན་གཉིས་པ་མཇུག་བསྒྲིལ་ཏེ་ མི་ལོ་ ༨༠ འཁོར་བའི་དུས་དྲན་ཟེར་བའི་སྟེང་ནས་ཐུག་འཕྲད་བྱུང་ སྐབས་ཀྱི་གཉིས་ཕན་ཐབས་ཇུས་ཟེར་ བ་དང་། ཁ་བྲལ་ཐབས་མེད་པའི་ཁྱིམ་མཚེས་རྒྱ ལ་ཁབ་གཉིས་ཀྱི་མཉམ་ལས་ཟེར་བའི་ ཐད་ལ་གླེང་སློང་བྱས་ཡོད་པའི་གྲོ ས་མཐུན་རྣམས་གཙོ་བོར་བཞག་ནས་གླེ ང་སློང་བྱས་ཡོད་ལུགས་བསྒྲགས་འདུ ག འོན་ཀྱང་། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་པོ ས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོ ག་དང་ཀིམ་གཉིས་ཀྱི་འབྲེལ་ལམ་དང་ མཉམ་ལས་ཐད་ལ་དོ་སྣང་ཆེན་པོ་བྱེ ད་མུས་ཡིན་ཞིང་། སྐུ་ཞབས་ཊོམ་ཕུ་མཆོག་གིས་ཨ་རིའི ་སྲིད་དབང་བཟུང་རྗེས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་ མཉམ་འབྲེལ་ལས་དོན་སླད། ཀིམ་དང་ཐུག་འཕྲད་བྱ་འདུན་ཡོད་ལུ གས་བསྒྲགས་ཀྱང་། ཉེ་ལམ་ཁོང་གི་རྒྱ་ནག་གི་ཕྱོགས་ སྐྱོད་སོགས་ཕྱིར་འགྱངས་བྱས་པའི་ དབང་གིས། ད་བར་ཨེ་ཤ་ཡའི་ཁུལ་དུ་གཞུང་འབྲེ ལ་ཕྱོགས་ཕེབས་གནང་མ་ཐུབ་བས། ད་བར་བྱང་ཀོ་རི་ཡའི་མགོ་ཁྲིད་ དང་ཐུག་འཕྲད་བྱས་ཐུབ་མེད་པ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ ཉི ན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོ ག་དང་ཀིམ་ཇུང་ཨན་གཉིས་ལྷོ་བྱང་ ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲ ད་གནང་ཡོད་པ་མ་ཟད། ཀིམ་ཇུང་ཨན་ གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ ཕུ་མཆོག་གིས་ཀིམ་དང་ལྷན་དུ་བྱང་ ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཏེ། དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོ ག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ ས་ཐོག་ཏུ་ཕེབས་པ་ཐོག་མ་ཆགས་ཡོད་ ཅིང་། སྐབས་དེ་ནས་ཊོམ་ཕུ་སྲིད་ གཞུང་གིས་བྱང་ཀོ་རི་ཡར་འབྲེལ་ ལམ་འཛིན་ཐབས་དང་། རྡུལ་ཕྲན་མཚོ ན་ཆ་བཀོལ་སྤྱོད་ཇེ་ཉུང་དུ་འགྲོ་ རྒྱུའི་རེ་བ་བཅངས་ཡོད། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོར་ཀི མ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉི ས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ ཟད། ཕྱི་ལོ་ ༢༠༡༨ ལོར་ཀིམ་ཇུང་ ཨན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇུང་ ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་ མེ་འཁོར་ནང་བསྡད་དེ། ཁུ་སིམ་སི མ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུ ང་གིས་ཀིམ་ལ་མཐོང་ཆེན་གྱིས་ཉིན་ མ་མང་པོར་མེ་འཁོར་གྱི་འགྲུལ་བཞུ ད་བཀག་ནས། ཀིམ་གྱི་རྒྱ་ནག་གི་ འགྲུལ་བཞུད་ལ་སྣེ་ལེན་ཟབ་རྒྱས་ བྱས་ཡོད་པས། ལྷོ་ཀོ་རི་ཡས་ཀིམ་གྱི་རྒྱུན་ལྡ ན་མིན་པའི་ཐེངས་དེའི་འགྲུལ་བཞུ ད་དེའི་ཐད་དོ་སྣང་ཆེན་པོ་བྱེད་ ཀྱི་ཡོད་པའི་མུར། སླར་ཡང་རྒྱ་ཨུ ་ཀོ་གསུམ་གྱི་གཏིང་ནག་པའི་མཉམ་ འབྲེལ་ལ་དོགས་གཟོན་བྱ་དགོས་སྐོ ར་བསྒྲགས།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།