མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཟློས་གར་ཚོགས་པའི་ནང་བོད་ཕྲུག་འཛུལ་ཞུགས་བྱེད་མཁན་ཉུང་བའི་རྐྱེན་གྱིས་སློབ་འཇུག་སྒྲིག་གཞི་གུ་ཡངས་བཏང་སྟེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཚོར་སྒོ་ཕྱེས་ཡོད་པ་མ་ཟད་མོན་ཡུལ་གྱི་སློབ་མ་ ༡༢ ལ་རིན་མེད་ཐོག་ལོ་དྲུག་རིང་སློབ་འཁྲིད་གནང་གི་ཡོད་པ་རེད།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།

འདས་ལོར་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པས་རིག་གཞུང་འཁྲབ་སྟོན་གྱི་ཆེད་དུ་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ས་གནས་སུ་གདན་ཞུས་གནང་ཡོད་པ་དང་། ཁུལ་དེའི་མི་ཐོགས་རྒན་པ་རྣམས་རྫོགས་འགྲོ་ཡི་ཡོད་པ་མ་ཟད། མཐའ་འཁོར་དུ་མི་རིགས་གཞན་པ་འདྲེས་ཡོད་པར་བརྟེན། གཞོན་སྐྱེས་རྣམས་ཀྱིས་སོ་སོའི་རིག་གཞུང་མུ་མཐུད་དུ་རྒྱུན་འཁྱོངས་དང་སྲུང་སྐྱོབ་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་རིག་གཞུང་ཚོགས་པ་དེས་ས་གནས་ཀྱི་སློབ་མ་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་ཡོང་བའི་རེ་སྐུལ་གནང་བ་ལྟར། ཉིན་ཤས་གོང་མོན་ཡུལ་གྱི་སློབ་མ་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་ཡོད་པ་དང་། དེ་ནི་མོན་ཡུལ་ནས་སློབ་མ་རིན་མེད་ཐོག་སློབ་འཇུག་བྱས་པ་ཐེངས་དང་པོ་ཡིན་འདུག

སྤྱིར་བཏང་བོད་ཀྱི་ཟློས་གར་ཚོགས་པའི་སློབ་འཇུག་ཆ་རྐྱེན་ནང་བོད་མིའི་དཔྱ་ཁྲལ་ལག་དེབ་ངེས་པར་དུ་དགོས་ཀྱི་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བོད་ཕྲུག་འཛུལ་ཞུགས་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་པ་དང་། ད་ལན་སློབ་འཇུག་གསལ་བསྒྲགས་གནང་ཡང་སྙན་ཞུ་འབུལ་མཁན་བྱུང་མེད་སྟབས། ཧི་མ་ལ་ཡའི་རི་རྒྱུད་ནས་སློབ་མ་འཛུལ་ཞུགས་བྱེད་མཁན་ཡོད་ཚེ། སློབ་འཇུག་གི་སྒྲིག་གཞི་གུ་ཡངས་བཏང་ནས་སྐབས་དང་དུས་ལ་ས་དམིགས་གལ་ཆེའི་ཐོག་ལ་སློབ་འཇུག་གནང་རྒྱུའི་སྒོ་ཕྱེས་ཡོད་འདུག དང་ཐོག་འབྲས་ལྗོངས་ནས་སློབ་མ་ ༤ ཙམ་ལ་ཟློས་གར་སྦྱོང་བརྡར་སྤྲད་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་མོན་པའི་རིག་གཞུང་ལྷན་ཁང་གིས་རེ་སྐུལ་གནང་བ་ལྟར། མོན་པའི་སློབ་མ་ ༡༩ ལ་ལོ་གཅིག་དང་ཕྱེད་ཀའི་རིང་སྦྱོང་བརྡར་སྤྲད་དེ། ད་ལྟ་སློབ་ཕྲུག་དེ་དག་གིས་མོན་ཡུལ་དུ་རིག་གཞུང་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་སུ་ད་ལྟའི་ཆར་བོད་ཀྱི་ཟློས་གར་ཚོགས་པའི་ནང་བོད་པའི་གཞོན་སྐྱེས་མཉམ་ཞུགས་གནང་མཁན་ག་འདྲ་ཡོང་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་བོད་ཀྱི་ཟློས་གར་ཚོགས་པ་ཙམ་མིན་པར་བོད་པ་སྤྱི་ཡོངས་ཀྱི་གནས་སྟངས་གཅིག་པ་ཆགས་ཀྱི་ཡོད་རེད། དེ་ཡང་བོད་པའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག་སོགས་ལ་བོད་པའི་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེ་མཚུངས་ཟློས་གར་ཚོགས་པའི་ནང་དུའང་གནས་སྟངས་གཅིག་པ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་བོད་པའི་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཉུང་ཤས་ཡིན་དུས། སོ་སོས་མཐའ་གཅིག་ཏུ་སྒྱུ་རྩལ་ལ་དོ་སྣང་དང་དབྱིངས་ཤུགས་ཆེན་ཡོད་ན་མ་གཏོགས་དེ་སྔ་དང་བསྡུར་ན་ཉུང་བ་ཆགས་ཀྱི་ཡོད་རེད། ད་ལྟའི་ཆར་དམིགས་བསལ་གྱིས་ཟུར་དུ་ས་དམིགས་ཤིག་བཏོན་ནས་ཨ་རུ་ན་ཅལ་མངའ་སྡེའི་སྨན་ཆུ་ཁ་ནས་མན་པའི་ (Memba) གཞོན་སྐྱེས་བུ་ ༦ དང་བུ་མོ་ ༦ ལ་སློབ་ཁྲིད་བྱ་རྒྱུའི་ལས་གཞི་མགོ་བཙུགས་པ་རེད། དེ་མིན་བོད་པའི་སློབ་མ་གསར་འཇུག་བྱ་རྒྱུའི་གསལ་བསྒྲགས་བཏང་ཡོད་ཀྱང་། ད་བར་སྙན་ཞུ་འབྱོར་མ་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།

ཡང་ཁོང་གིས། དེ་སྔ་ནས་ཟློས་གར་ཚོགས་པའི་ངོས་ནས་མོན་རྟ་དབང་དང་འབྲས་ལྗོངས་ཁུལ་གྱི་སློབ་མ་ཁག་ཅིག་ལ་རིག་གཞུང་སློབ་གཉེར་བྱ་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད་ཅིང་། རིག་གཞུང་དང་སྒྱུ་རྩལ་སོགས་སྦྱོང་བརྡར་བྱེད་པར་སློབ་ཡོན་སྤྲོད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། ད་ལན་གྱི་སྨན་ཆུ་ཁའི་ཁུལ་ནས་ཡིན་པའི་སློབ་མ་དེ་དག་གི་ཕ་མའི་འཚོ་བའི་གནས་སྟངས་སོགས་ཀྱི་ཐོག་ནས་སློབ་ཡོན་ཆ་ཚང་འབུལ་གྱི་མེད་པར་བརྟེན། སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པས་རིན་མེད་ཀྱི་ཐོག་ནས་སློབ་འཇུག་བྱ་རྒྱུའི་འབོད་སྐུལ་ཡང་ཡང་ཞུས་སོང་། སྐབས་དེ་དུས་ཟློས་གར་ཚོགས་པའི་ངོས་ནས་ཆ་རྐྱེན་ཞིག་བཏོན་སྟེ། རིན་མེད་ཀྱི་ཐོག་ནས་ལོ་གཅིག་དང་གཉིས་རིང་རིག་གཞུང་སྦྱོང་བརྡར་བྱས་པ་དེས་ཚོགས་པ་གཉིས་ཀའི་དམིགས་ཡུལ་འགྲུབ་ཐུབ་ཀྱི་མེད་པ་དང་། བོད་ཀྱི་ཟློས་གར་གྱི་སྒྱུ་རྩལ་མཐར་ཕྱིན་པ་དགོས་ན་ངེས་པར་དུ་ལོ་དགུའི་རིང་སློབ་གཉེར་བྱ་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། སློབ་མ་དེ་དག་གིས་ལོ་དགུའི་རིང་སློབ་སྦྱོང་བྱེད་མི་ཐུབ་ནའང་། ཉུང་མཐར་ལོ་དྲུག་བསྡད་དགོས་པའི་ཆ་རྐྱེན་བཏོན་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་གླེང་སློང་རིམ་པ་བྱས་ཏེ། ད་བར་ཟློས་གར་ཚོགས་པས་བོད་ཕྲུག་ལ་ལོགས་སུ་མ་གཏོགས་ཧི་མ་ལ་ཡའི་རི་རྒྱུད་ལ་རིན་མེད་ཀྱི་ཐོག་ནས་རིག་གཞུང་སློབ་ཁྲིད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་ཟློས་གར་ཚོགས་པ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་དགོངས་གཞིའི་ལམ་སྟོན་འོག བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་གོང་སྤེལ་གཏོང་རྒྱུར་དམིགས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་ལ། ད་བར་སྒྱུ་རྩལ་སློབ་མ་ ༤༥༠ ལྷག་སློབ་ཐོན་བྱུང་སྟེ། རྒྱ་བལ་འབྲུག་གསུམ་དང་། ཡུ་རོབ་དང་དང་ཨ་རི་སོགས་ཀྱི་བོད་པའི་སློབ་གྲྭ་དང་གཞིས་ཆགས་ཁག་ཏུ་ཟློས་གར་དགེ་རྒན་གྱི་ཕྱག་ལས་གནང་མཁན་མང་པོ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese