མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་དང་རྒྱ་གར་བར་རྩོད་རྙོག་ཏུ་གྱུར་བའི་ལི་པུ་ལིག་དང་ལིམ་པི་ཡ་དུ་ར། ཀཱ་ལཱ་པ་ཎིའི་མངའ་ཁོངས་བདག་དབང་གི་གནད་དོན་ཐད་བལ་ཡུལ་གཞུང་གིས་བསྐྱར་དུ་རྒྱ་གར་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
ཉེ་ལམ་རྒྱ་གར་དང་རྒྱ་ནག་བར་ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ལི་པུ་ལིག་(lipulek) ལ་བརྒྱུད་ནས་གངས་རིན་པོ་ཆེར་གནས་སྐོར་སླར་གསོ་བྱ་རྒྱུ་ཡིན་སྐོར་བསྒྲགས་པར་བརྟེན། བལ་ཡུལ་གཞུང་གིས་ལི་པུ་ལིག་ལ་ནི་བལ་ཡུལ་གྱི་ས་ཁུལ་ཡིན་པས་རྒྱ་གར་གཞུང་ལ་ས་ཁུལ་དེའི་བདག་དབང་མེད་སྐོར་གླེང་སློང་གིས་ངོ་རྒོལ་བྱས་འདུག

དེ་འབྲེལ་བལ་ཡུལ་ཕྱི་སྲིད་ལྷན་ཁང་གིས། ཕྱི་ལོ་ ༡༨༡༦ ལོའི་བལ་ཡུལ་རྒྱལ་གཞུང་དང་རྒྱ་གར་གྱི་ཤར་ཕྱོགས་བཟོ་གྲྭ་གཉིས་བར་བཞག་པའི་གྲོས་ཆོད་ (Treaty of Sugauli) ནང་གསལ་ལྟར། ལི་པུ་ལིག་(lipulek) དང་། ལིམ་པི་ཡ་དུ་ར་(Limpiyadhura)། ཀཱ་ལཱ་པ་ཎི་(kalapani)  བཅས་ཀྱི་ས་ཁོངས་བདག་དབང་དེ་བལ་ཡུལ་གཞུང་ལ་ཡོད་ཅེས་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས། ལི་པུ་ལིག་ནི་ཕྱི་ལོ་  ༡༩༥༤ ནས་བཟུང་ཧིན་རྡུ་དང་། ནང་པ། གཅེར་བུ་བ། བོན་གྱི་རྗེས་འབྲང་བ་ཚོས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་འགྲོ་བར་བེད་སྤྱོད་བྱས་ཡོད། འདི་ནི་གསར་དུ་བྱུང་བའི་གནས་ཚུལ་ཞིག་མིན། རྒྱ་གར་གྱིས་རྒྱུན་དུ་རྩོད་གཞི་དེ་དག་རྒྱུ་མཚན་ལྡན་པ་དང་ལོ་རྒྱུས་ཀྱི་དོན་དངོས་དང་བདེན་དཔང་ལ་གཞི་བཅོལ་མེད་པས། ཕྱོགས་གཅིག་གིས་བཙན་འགེལ་བྱས་པའི་ས་ཁོངས་རྒྱ་སྐྱེད་ཀྱི་རེ་འདུན་ནི་རྒྱུ་མཚན་ལྡན་པ་ཞིག་མིན་སྐོར་ལན་འདེབས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱིས་རྒྱ་ནག་དང་མཉམ་དུ་ལི་པུ་ལིག་ལ་ཁ་བརྒྱུད་ནས་གངས་རིན་པོ་ཆེ་སོགས་སུ་གནས་སྐོར་སླར་གསོ་བྱ་རྒྱུར་མོས་མཐུན་བྱུང་བ་གསལ་བསྒྲགས་བྱས་པ་དང་། གངས་རིན་པོ་ཆེའི་གནས་སྐོར་དེ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ལོར་མཚམས་འཇོག་བྱས་ཡོད་འདུག་ལ། ཐེངས་འདིའི་གནས་སྐོར་སླར་གསོའི་ལས་གཞིའི་འོག་ཧིན་རྡུའི་གནས་སྐོར་བ་ ༥༠༠ རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཊ་ར་ཁན་ཌི་(Uttarakhand)མངའ་སྡེ་བརྒྱུད་ནས་ལི་པུ་ལིག་ལ་ཁ་བརྒལ་ནས་བོད་ནང་དུ་བསྐྱོད་རྒྱུ་དང་། གནས་སྐོར་བ་གཞན་རྣམས་རྒྱ་གར་བྱང་ཤར་གྱི་འབྲས་ལྗོངས་མངའ་སྡེ་བརྒྱུད་ནས་ལམ་ཁ་གཞན་ཞིག་བརྒྱུད་རྒྱུ་ཡིན་འདུག

རྒྱ་གར་དང་བལ་ཡུལ། དེ་བཞིན། བོད་བཅས་ཀྱི་ས་འབྲེལ་ཆགས་པའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༥ ཅན་གྱི་ཀཱ་ལཱ་པ་ཎི་ས་ཁུལ་དེ་ནི་རྒྱ་གར་དང་བལ་ཡུལ་གཉིས་དབར་གྱི་རྩོད་གཞི་ཞིག་ཏུ་ཆགས་ཡོད་པ་དང་། རྒྱ་གར་གྱིས་ས་ཁུལ་དེ་ཨུ་ཊ་ར་ཁན་ཌི་མངའ་སྡེའི་པི་ཐོ་ར་གྷར་(Pithoragarh)རྫོང་ཁོངས་ཡིན་ལུགས་དང་། བལ་གཞུང་གིས་བལ་ཡུལ་གྱི་ཆེས་ནུབ་དྷར་ཅུ་ལ་ (Darchula) རྫོང་གི་ཁོངས་གཏོགས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་རྒྱ་དཀར་ནག་བར་གྱི་དམག་འཁྲུག་གི་རྐྱེན་གྱིས་ད་བར་ཀཱ་ལཱ་པ་ཎི་ས་ཁུལ་དེ་རྒྱ་གར་དབུས་གཞུང་གི་འཕགས་བོད་ས་མཚམས་དྲག་ཆས་ཉེན་རྟོག་པས་(Indo-Tibetan Border Police) དོ་དམ་བྱེད་མུས་ཡིན་པ་རེད།

རྒྱ་གར་ངོས་ནས་ཀཱ་ལཱ་པ་ཎི་ས་ཁུལ་དེ་རང་ཁོངས་ཡིན་པའི་དཔང་རྟགས་སུ་ཕྱི་ལོ་ ༡༨༣༠ ནང་གི་འཛིན་སྐྱོང་དང་ཁྲལ་འབབ་ཡིག་ཆ་རྣམས་བསྟན་ཡོད་པ་མ་ཟད། ཕྱི་ལོ་ ༡༨༧༠ ནང་དབྱིན་ཇིའི་རྒྱ་གར་སྲིད་གཞུང་གིས་ཁུལ་དེར་རྟོག་ཞིབ་བྱས་པའི་མཇུག་འབྲས་གཞིར་བཟུང་། ཕྱི་ལོ་ ༡༨༧༩ སྐབས་སུ་ཀཱ་ལཱ་པ་ཎི་ས་ཁུལ་དེ་དབྱིན་ཇིའི་རྒྱ་གར་གྱི་ཁོངས་གཏོགས་སུ་བཀོད་པའི་ས་ཁྲ་ཡང་བསྟན་ཡོད་པ་རེད། བལ་ཡུལ་ཕྱོགས་ནས་ཀྱང་ཕྱི་ལོ་ ༡༨༥༠ དང་ ༡༨༥༦ སྐབས་ཀྱི་ས་ཁྲ་བསྟན་ཏེ་རང་ཁོངས་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་གར་དང་བལ་ཡུལ་གཉིས་བར་ས་མཚམས་ཁྱོན་སྤྱི་ལེ་  ༡༨༥༠ ཡོད། རྒྱ་གར་གྱི་འབྲས་ལྗོངས་དང་ནུབ་བྷན་གྷལ།  ཨུ་ཏར་དང་བྷེ་ཧར། ཨུ་ཏར་ཁན་བཅས་མངའ་སྡེ་ལྔའི་ས་ཁྱོན་སྤྱི་ལེ་  ༡༨༥༠  ཙམ་བལ་ཡུལ་དང་ས་འབྲེལ་ཆགས་ཡོད།  རྒྱ་གར་ཕྱོགས་ནས་ལི་པུ་ལིག་དང་ཀཱ་ལཱ་པ་ཎི །  ལིམ་པི་ཡ་དུ་ར་(Limpiyadhura)བཅས་ཀྱི་ས་ཁུལ་བདག་དབང་སྟངས་འཛིན་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese