མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་བསྐྱར་དུ་ཕུལ་སོང་།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༩

ཟླ་འདིའི་ཕྱི་ཚེས་ ༨ དང་ ༡༡ བཅས་སུ་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དབུས་འོས་བསྡུ་ལས་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་ཡོད་ཀྱང་ངོས་བཞེས་གནང་མེད་སྟབས། དེ་རིང་ཕྱི་ཚེས་  ༢༩ ཉིན་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ་ཏེ། ཁ་མཆུ་ཨང་ ༢༢ དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་དགོས་འདུན་བཏོན་སོང་། ཐེངས་འདི་ནི་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་འབུལ་ཐེངས་གསུམ་པར་གྱུར་ཡོད།

གནད་དོན་དེ་དང་འབྲེལ་ནས་ཞུ་སྦྱོར་བ་བློ་བཟང་ཚེ་རིང་ལགས་ཀྱིས། དེ་རིང་ང་ཚོ་བར་བརྒལ་བཀའ་འཁྲོལ་ཞུ་སླད་བཅར་བ་ཡིན། ཁ་སྔོན་སྙན་ཞུ་ཡར་ཕུལ་བཞག་ཡོད་པ་དེར། ག་རེ་བྱུང་མིན་མར་བཀའ་ལན་ད་བར་ཕེབས་ཡོད་མ་རེད། བར་བརྒལ་བཀའ་འཁྲོལ་གནང་རོགས་གནང་ཞེས་ཞུ་ཡ་ཡིན། ཞེས་བརྗོད་བྱུང་།

ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་དབང་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་གྱི་ཚོགས་གཙོའི་དམ་འབུལ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཙོ་སྐྱོང་གནང་གི་ཡོད་རེད། གནས་སྟངས་དེ་དང་འབྲེལ་ནས་ད་ལྟ་ཁ་མཆུ་འགྲོ་བཞིན་པའི་བར་བརྒལ་གྱི་བཀའ་འཁྲོལ་ཞུ་དགོས་དོན་གཙོ་བོ་ནི། སྤྱི་དམངས་ཁྲིམས་ཡིག་དོན་ཚན་བརྒྱད་ཅུའི་ནང་ཚན་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་དེའི་འོག་ནས་ཆ་རྐྱེན་གཅིག་དེ་ཞིབ་འཇུག་ཚོགས་ཚོགས་ཆུང་བཙུགས་པའི་ཆ་རྐྱེན་ཡོད་པ་རེད། ད་ལན་གྱི་གནད་དོན་ནི་འོས་བསྡུའི་ནང་དྲང་པོ་བྱུང་ཡོད་དང་མེད་ཀྱི་གནད་དོན་མང་པོ་ཞིག་ལྷག་ཡོད་སྟབས། གནད་དོན་དེ་གསལ་ཐག་མ་ཆོད་པའི་བར་དུ། ལས་རིམ་ཆ་ཚང་ཞིག་མུ་མཐུད་ནས་འགྲོ་བ་ཡིན་ན། ད་ལྟ་འདེམས་ཐོན་བྱུང་བའི་བཀུར་འོས་སྤྱི་འཐུས་རྣམས་མང་ཚོགས་ཀྱི་Legitimacy (ཁྲིམས་མཐུན་ཡིན་ཁུངས་དག་གི་རང་བཞིན) གང་འདྲ་ཞིག་ཆགས་མིན་གྱི་གནད་དོན་ཞིག་ལྷག་གི་ཡོད་སྟབས། གནས་སྟངས་དེའི་ཐོག་ནས་འདེམས་ཐོན་སྤྱི་འཐུས་རྣམས་མང་ཚོགས་ཀྱིས་ཁྲིམས་མཐུན་ངོས་འཛིན་ཡོང་ཐབས་སུ། ཁྲིམས་མཐུན་ཆ་རྐྱེན་གང་ཡོད་པ་དག་བེད་སྤྱོད་གཏང་རྒྱུ་དེ་གལ་ཆེན་པོ་ཡིན་པར་སོང་ཙང་། ད་ལན་གྱི་བར་བརྒལ་བཀའ་འཁྲོལ་དེའི་ནང་ལ། ཞུ་སྦྱོར་བའི་ངོས་ཐད་ནས་ས་གནས་ས་ཐོག་ལ་ཕྱིན་ནས། གནད་དོན་མང་པོ་ཞིག་ལ་རྟོགས་ཞིབ་བྱས་ཡོད་ཀྱང་། རིགས་གཅིག་ང་ཚོའི་ཁྱབ་ཁོངས་དང་ནུས་པས་མ་ལྕོགས་པ་ཁག་ཅིག་ཡོང་གི་ཡོད་རེད། གཙོ་ཆེ་ཤོས་དེ་གནད་དོན་གང་འདྲ་ཞིག་ཡིན་ཡང་། གསལ་པོ་དང་དྲང་པོ། ཕྱོགས་ཚང་མ་ནས་གནས་ཚུལ་སླེབས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོང་ཙང་། དེ་རིང་བར་བརྒལ་བཀའ་ཁྱབ་དེའི་བརྒྱུད་ནས་ཁྲིམས་ཞིབ་ཁང་གིས་སྤྱི་དམངས་གཏུག་གཤེར་གྱི་དོན་ཚན་བརྒྱད་ཅུ་པ་དེ་ལག་བསྟར་གནང་ཐུབ་པ་ཡིན་ན། འོས་བསྡུ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གསལ་པོ་ཡོང་རྒྱུ་དང་། མང་ཚོགས་ཀྱིས་རྒྱབ་སྐྱོར་སླེབས་ཐུབ་ཡ་ཞིག་རེད། ཅེས་བརྗོད་བྱུང་།

ཁྲིམས་རྩོད་པ་རྣམས་བལ་ཡུལ་དུ་ཆེད་བཅར་གྱིས་གནས་ཚུལ་རྒྱུས་ལོན་བྱས་པ་དང་འབྲེལ་ནས་ཁོང་གིས་བརྗོད་དོན། ཕྱོགས་ཡོངས་ནས་བལ་ཡུལ་ནང་ཆབ་སྲིད་ཀྱི་ཐོག་ནས་ཚོར་སྣང་སྐྱེན་པོ་ཡིན་ཡང་། བལ་ཡུལ་དུ་རྒྱུས་ལོན་དང་ཞིབ་འཇུག་བྱས་པའི་ཁྲོད། དབུས་འོས་བསྡུ་ལྷན་ཁང་དང་ས་གནས་འོས་བསྡུ་ཚོགས་ཆུང་གི་བར་དུའང་སྟོང་ཆ་མང་དག་ཅིག་མཐོང་སྟབས། དེ་ནི་དེ་རིང་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཆེད་བཅར་བྱས་ནས་ཡང་བསྐྱར་བར་བརྒལ་བཀའ་འཁྲོལ་ཞུ་དགོས་པའི་དམིགས་ཡུལ་གཙོ་བོར་གྱུར།

འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་སྟེ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་བཀོད་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་ཕྱི་ཟླ་ ༥ ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཏུ་བལ་ཡུལ་ནས་ཕེབས་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས། ཕྱི་ཚེས་ ༧ ཉིན་ཁྲིམས་གཏུགས་ངོས་བཞེས་ཀྱིས་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་དེབ་འགོད་གནང་། ཕྱི་ཚེས་ ༨ ཉིན་ཞུ་སྦྱོར་བས་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ཀྱང་ངོས་བཞེས་གནང་མེད་པ་རེད། བལ་ཡུལ་མཆོད་འཇོར་ཁུལ་གྱི་མི་མང་གི་འཐུས་ཚབ་དང་དགོན་པ་ཁག་གི་སྐུ་ཚབ་སོགས་ནས་ཚོགས་འདུ་བསྡུས་ཏེ་འོས་བསྡུའི་གནད་དོན་དང་འབྲེལ་བའི་གྲོས་བསྡུར་གནང་རྩིས་བྱས་དང་བྱེད་བཞིན་ཡོད་ཀྱང་ད་བར་དོན་འབྲས་སོན་པ་ཞིག་བྱུང་ཐུབ་མེད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༤ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese