མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་གསར་པ་དྲུག་གིས་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཀའ་བློན་གསར་པ་དྲུག་ནས་ལས་འཁུར་དམ་འབུལ་ཞུས་རྗེས། སྲིད་སྐྱོང་མཆོག་གིས་བཀའ་བློན་རྣམ་པར་ལས་ཁུངས་ཆ་བགོས་གནང་ཞིང་། སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་བཀའ་སྤྱི་གཉིས་ལྷན་འཛོམས་ཐོག་མཇུག་བསྒྲིལ་སོང་།

ཚོགས་གཙོ་མཆོག་དབུ་བཞུགས་ཐོག་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་བཀའ་སློབ་རྣམ་པ་ཚང་འཛོམས་ཀྱི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་དང་པོ། Photo Credit: tibet.net

དེ་རིང་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བཀའ་ཤག་གི་འོས་འདེམས་བྱུང་བའི་བཀའ་བློན་རྣམ་པ་དྲུག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་སོང་བ་དང་། དམ་འབུལ་ཞུས་གྲུབ་མཚམས་བཀའ་བློན་རྣམས་གནས་ཆུང་ཆོས་རྒྱལ་དང་། དགའ་གདོང་དགོན་པར་མཆོད་མཇལ་དུ་ཕེབས་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་བློན་རྣམ་པ་དྲུག་ལ་ལས་ཁུངས་ཆ་བགོས་ཀྱི་ཕྱག་བྲིས་གནང་འདུག་ཅིང་། ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དུ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ནི་ཨོ་རྒྱན་བསྟན་འཛིན་མཆོག པདྨ་མཚོ་མཆོག་ནི་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན། དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་དུ་ཀུན་དགའ་བཀྲ་ཤིས་མཆོག ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་དུ་དཔལ་ལྡན་དོན་གྲུབ་མཆོག་བཅས་ལ་བསྐོ་གཞག་གནང་འདུག་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གནས་སྐབས་རིང་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་གནང་རྒྱུ་ཡིན་འདུག

དེའི་རྗེས་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པས་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གཉིས་པའི་ཚོགས་ཐུན་ ༢ པའི་སྟེང་གྲོས་ཚོགས་སུ་ཆེས་ཐོག་མར་གཞུང་འབྲེལ་ཐོ་འགོད་ཀྱིས་མཉམ་ཞུགས་གནང་སོང་ལ།  ཚོགས་ཐུན་གསུམ་པའི་སྟེང་ཚོགས་གཙོ་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དྲུག་སྤྱི་མོས་གཏན་འབེབས་བྱུང་མཚམས། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཚོགས་དུས་ཧྲིལ་པོའམ་ཕྱི་ཚེས་ ༢ དང་ ༣ ཉིན་དགོངས་པ་ཞུས་པ་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ཕྱི་ཚེས་ ༣ ཉིན་དགོངས་པ་ཞུས་པའི་གསལ་བསྒྲགས་བསྐྱངས།

སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་སྐབས་བཅོ་བརྒྱད་པའི་ཚོགས་དུས་དང་པོར་མཇུག་སྡོམ་གསུང་བཤད་གནང་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

མཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས།  ད་ལན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་བློན་གྱི་འོས་མི་མིང་འདོན་གནང་ནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འདེམས་ཐོན་གནང་བའི་བཀའ་བློན་དྲུག་ཕེབས་པར། གྲོས་ཚོགས་སྐབས་བཅོ་བརྒྱད་པའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལས་དོན་ལྷུན་གྱིས་འགྲུབ་པ་དང་སྲིད་སྐྱོང་མཆོག་གིས་ཐུགས་རེ་གནང་བ་བཞིན། བོད་མིའི་རང་དབང་གི་བདེན་མཐའ་མ་གསལ་བར་བོད་མི་རིགས་འདི་གནས་པའི་རིང་ལ། དགོས་ངེས་མཁོ་ངེས་ཀྱི་ནད་པ་དང་། ཉམས་ཐག་སོགས་མ་ལུས་པར། བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་མཁན་ནི་འཛིན་སྐྱོང་ཆགས་ཀྱི་ཡོད་སྟབས། ལས་དོན་རྣམས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། ད་ལན་གྲོས་ཚོགས་སྐབས་བཀའ་བློན་གདམ་རྒྱུའི་མཚོན་པའི་ལས་རིམ་མང་པོ་ཞིག་ཕྱིན་ཡོད་པའི་ཁྲོད། བཅའ་ཁྲིམས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་དག་གི་ཐོག་འདོད་པ་མཐུན་མ་མཐུན་དང་། འགྲེལ་བཤད་རྒྱག་སྟངས་འདྲ་མི་འདྲ་ཡོང་བར། ཁྲིམས་སྒྲིག་ནང་གསལ་ཁ་ཞིག་གཏོད་དགོས་པ་ནི་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། མ་འོངས་པར་དཀའ་རྙོག་རིགས་མི་ཡོང་བའི་སླད། གྲོས་ཚོགས་ཀྱི་ཐོག་ནས་འགན་ཁུར་ཏེ་གསལ་ཁ་གཏོད་དགོས་རྒྱུ་དང་། རྒྱ་ཆེ་མང་ཚོགས་ཀྱིས་ཤེས་དགོས་པ་ཞིག་ལ། བཀུར་འོས་སྤྱི་འཐུས་རྣམས་ཀྱིས་ཁྲིམས་ལ་བགྲོ་གླེང་རྣམ་པ་སྣ་ཚོགས་གནང་སྐབས། ཁོར་ཡུག་དེ་སུན་སྣང་ཅན་དུ་དགོངས་པ་བཞེས་མི་ཉན། གང་ཡིན་ཟེར་ན། གྲོས་ཚོགས་འདི་དཔྱད་པ་བྱ་རྒྱུའི་དོ་ར་ཞིག་ཡིན་སྟབས། མང་ཚོགས་ཀྱི་གཟིགས་ཕྱོགས་ཀྱི་ཐད་ནས་སྤྱི་ཚོགས་ནང་ཐུགས་འཚབ་ཅིག་ཡོང་གི་འདུག་པས།  མང་ཚོགས་ཀྱིས་སྐད་ཆ་བཤད་སར་བཤད་དགོས་པ་དང་བཞག་སར་གཞག་དགོས་པ་ནི་གལ་ཆེན་རེད། ཅེས་གསུངས་སོང་།

ཡང་ཁོང་མོས་གསུང་དོན། དེང་གི་དུས་སྐབས་འདིར་སྤྱི་འཐུས་རྣམས་ཀྱིས་འགན་འཁུར་གྱི་འདུ་ཤེས་ཡོད་པའི་ཐོག་ནས་གྲོས་ཚོགས་སུ་ཆ་ཤས་བླང་དགོས་པའི་མུར། དཔྱད་ཞིབ་ཀྱི་གྲུབ་དོན་དང་ཁྲིམས་སྒྲིག་གི་ལས་དོན་ཐད་བགྲོ་གླེང་གནང་སྐབས། སྤྱི་ཚོགས་ཀྱི་གནས་བབ་དང་དོན་དངོས་ཀྱི་བདེན་པ་སོགས་ལ་གཞིགས་ནས་བསམ་ཚུལ་བཤད་དགོས་པ་དང་། རང་གིས་གཞན་ལ་བལྟས་ནས་སྐད་ཆ་བཤད་པ་བཞིན། རང་འགན་རང་འཁུར་གྱིས་ལས་དོན་གཉེར་དགོས་པ་ནི་ཤིན་ཏུ་གལ་ཆེན་ཡིན་པའི་ཁར། གྲོས་ཚོགས་ཀྱི་ཆེ་མཐོང་དང་གཟི་བརྗིད། གུས་བརྩི་གཙུག་ཏུ་བཀུར་ནས་བཀའ་མོལ་གནང་རྒྱུ་ནི་གལ་གནད་ཅིག་དང་། བོད་མི་རྣམས་ནི་ཆབ་སྲིད་ཀྱིས་འཕོངས་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་དུ་རྒྱ་བསྒྱུར་གྱི་ཆབ་སྲིད་སློབ་གསོ་ཟེར་བ་ཞིག་སྤེལ་ནས། བོད་ནང་བོད་ཀྱི་རིག་གནས་དང་། སྐད་ཡིག བོད་མིའི་ངོ་བོ་སོགས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་སྟབས། བོད་མི་མི་རབས་རྒན་པ་རྣམས་དང་ཕ་མ་རྣམས་ཀྱིས་རང་རང་གི་ཕྲུ་གུར་བོད་ཀྱི་སྲིད་འབྱོར་རིག་གསུམ་དང་། ལྷག་པར་བོད་མི་རིགས་ཀྱི་ལ་རྒྱའི་གསོན་ཤུགས་ལྡན་པའི་མི་རབས་གཞོན་པ་སྐྱེས་བསྲིང་བྱ་རྒྱུ་ནི་གལ་གནད་ཅིག་དང་། བོད་མི་རྣམས་ཀྱིས་ང་དང་ཁྱོད་ཅེས་པའི་ཆོལ་ཞེན་གྱི་སྐད་ཆ་དང་། བོད་མིའི་མཐུན་སྒྲིལ་གྱི་གོང་བུར་གཏོར་གཤིབ་ཏུ་འགྲོ་བའི་ལས་དོན་གཉེར་མི་ཉན་ཞེས་གསུངས་སོང་།

སྐབས་བཅུ་བདུན་པའི་བཀའ་ཤག་ལྷན་རྒྱས་ཀྱི་ཚོགས་འདུ་ཐོག་མ། བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཉིན་རྒྱབ་གྲོས་ཚོགས་མཇུག་བསྒྲིལ་བ་དང་བཀའ་ཤག་གི་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བཀའ་ཤག་ལྷན་རྒྱས་ཀྱི་ཚོགས་འདུ་ཐོག་མ་དེ་འཚོགས་གནང་འདུག་ལ། སང་ཉིན་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧ པའི་སྟེང་སྐབས་བཅུ་བདུན་པའི་བཀའ་ཤག་གིས་གནས་ཆུང་གྲྭ་ཚང་དུ་གཞུང་འབྲེལ་གནས་ཆུང་ཆོས་རྒྱལ་ཆེན་པོ་དབྱར་གསོལ་སྤྱན་འདྲེན་དང་། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་འདུག གནངས་ཉིན་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་བཀའ་ཤག་ལྷན་ཚོགས་གནང་རྒྱུ་རེད་འདུག

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་ཞུས།

སྐར་མ ༣༣ སྔོན་ལ།
TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese