མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱིས་རྒྱལ་སྲུང་བདེ་འཇགས་དང་འཛུགས་སྐྲུན་ཡར་རྒྱས་གཏོང་སླད་ལ་དྭགས་ཀྱི་ཆུ་དམར་ས་ཁུལ་དུ་གྲོང་གསེབ་དང་པོ་གསར་འཛུགས་བྱེད་མགོ་བཙུགས།

In a landmark step towards strengthening border habitation and improving the quality of life in remote frontier regions, Lieutenant Governor of Ladakh, Vinai Kumar Saxena, laid the foundation stone for the Union Territory’s first Model Border Village at Chumur. June 3rd, 2026

རྒྱ་དཀར་ནག་གཉིས་བར་མཐའ་མཚམས་སྲུང་སྐྱོབ་དང་རྒྱ་སྐྱེད་ཀྱི་ལས་གཞི་དང་འབྲེལ་ནས། རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་དུ་གྲོང་གསེབ་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱིས་ལ་དྭགས་རང་སྐྱོང་གི་མཐའ་མཚམས་བྱང་ཐང་ཁུལ་གྱི་ཆུ་དམར་ས་ཁུལ་དུ་རྒྱལ་སྲུང་བདེ་འཇགས་དང་། ཡུལ་མིའི་འཚོ་གནས་བརྟན་སྲུང་གི་སླད་དུ་གྲོང་ཚོ་ཐོག་མ་དེ་གསར་འཛུགས་ཀྱི་རྨང་རྡོ་དབུ་འཛུགས་གནང་འདུག

དེ་འབྲེལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། གྲོང་ཚོ་དེ་ནི་མཚོ་ངོས་ལས་མཐོ་ཚད་ཧྥི་ཊི་ ༡༦,༧༠༠ སྟེང་དུ་གཞི་བཅའ་རྒྱུ་ཡིན་པ་དང་། ས་ཁུལ་གྱི་གནམ་གཤིས་གནས་སྟངས་ལ་དཔག་པའི་དྲོད་ཁོལ་ལྡན་པའི་ཁང་པ་འཛུགས་སྐྲུན་བྱ་རྒྱུ་མ་ཟད། ཡུལ་མིའི་འཚོ་བའི་དགོས་མཁོ་ལ་དམིགས་ནས་ཁང་མིག་འཕར་མ་རེ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྡོད་ཁང་ཁྱོན་ ༢༤ འཛུགས་སྐྲུན་བྱས་ཟིན་དགོས་ཀྱི་ཡོད་འདུག་ལ། ཐེངས་འདིའི་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་གྲོང་གསེབ་འཛུགས་སྐྲུན་གྱི་ཆ་ཤས་སུ་གྲོང་གསེབ་ཁྱོན་ ༡༠ གསར་རྒྱག་བྱ་རྒྱུ་ཡིན་ཡང་། ས་གནས་དང་ས་ཁུལ་གང་དུ་འཛུགས་སྐྲུན་བྱ་འཆར་ཡོད་པའི་གནས་ཚུལ་གསལ་བོ་མི་འདུག

ལྷག་པར་དུ་མཐའ་མཚམས་ཀྱི་གྲོང་གསེབ་དེ་ཆུང་ཆུང་ཞིག་ཡིན་རུང་རྩོད་གཞི་ཆེ་བའི་ས་ཁུལ་དང་། གནམ་གཤིས་ལེགས་པོ་མེད་པ། དཔལ་འབྱོར་གྱི་གོ་སྐབས་དང་མཐུན་རྐྱེན་ཧ་ཅང་ཞན་པའི་རྐྱེན་གྱིས་ས་ཁུལ་གཞན་དུ་གནས་སྤོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་གཞུང་གིས་ཁུལ་དེར་སྡོད་གནས་སྲ་བརྟན་བཟོ་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་རྒྱུ་དང་། དེ་ཡང་དེ་འབྲེལ་སྙན་ཐོའི་ནང་། རྒྱ་གར་གྱིས་འདས་པའི་ལོ་མང་པོའི་རིང་མཐའ་མཚམས་ཁུལ་དུ་ཟམ་པ་དང་། གཞུང་ལམ་སོགས་འཐབ་ཇུས་ལྡན་པའི་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་པར་བརྟེན། མཐའ་མཚམས་ཁུལ་གྱི་མི་མང་ལ་སྡོད་གནས་དང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་བསྐྲུན་ཏེ་ཡུན་གནས་ཐབས་སུ་བསྒྱུར་བཞིན་ཡོད་པ་གསལ་བོ་བསྟན་འདུག

ལ་དྭགས་རང་སྐྱོང་མངའ་ཁུལ་གྱི་སྲིད་སྐྱོང་ཝི་ནེ་ཀུ་མཱར་ (Vinai Kumar Saxena) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་། རྒྱ་དཀར་ནག་གི་ས་མཚམས་སུ་ཡོད་པའི་ཆུ་དམར་ས་ཁུལ་དུ་ཁྱིམ་ཚང་ ༢༤ དང་ཁྱིམ་མི་ ༩༡ ཡོད་པའི་གྲོང་ཚོ་དང་པོ་དེ་གསར་འཛུགས་བྱེད་བཞིན་ཡོད། གཙོ་བོ་རང་ཁ་རང་གསོ་དང་། གནམ་གཤིས་ལ་གདོང་ལེན་བྱེད་ཐུབ་པ། ཡུལ་སྐོར་གྱི་མཐུན་རྐྱེན་མཁོ་སྤྲོད་ཀྱིས་ཡུལ་སྐོར་ལས་རིགས་ཁྱབ་གདལ་གཏོང་བ། འཚོ་བའི་ཐོན་ཁུངས་གསར་སྐྲུན། ཡུལ་དེའི་རིག་གཞུང་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁྱབ་སྤེལ་དང་། དཔལ་འབྱོར་མཐུན་སྦྱོར་བྱེད་ཐུབ་པའི་མཐའ་མཚམས་གྲོང་གསེབ་ཅིག་གསར་འཛུགས་བྱ་རྒྱུར་དམིགས་ཡོད། ཅེས་བརྗོད་འདུག

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh

ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པའི་གྲོང་གསེབ་ཀྱི་འཚོ་བའི་ཆ་རྐྱེན་ཡར་རྒྱས་གོང་འཕེལ་གཏོང་སླད། རྒྱ་གར་དབུས་གཞུང་གིས་གསོན་ཤུགས་ལྡན་པའི་གྲོང་གསེབ་ཀྱི་ལས་རིམ་ (The Vibrant Village Programme) ཞེས་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་རིམ་ཞིག་གསར་འཛུགས་གནང་སྟེ། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་ལག་བསྟར་བྱེད་མགོ་ཚུགས་འདུག

རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་སུ་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་མཐའ་མཚམས་བརྟན་སྲུང་ཞེས་པའི་སྲིད་ཇུས་འོག འབྲུག་ཡུལ་དང་རྒྱ་ནག་གཉིས་བར་རྩོད་རྙོག་ཏུ་གྱུར་ཡོད་པའི་མཐའ་མཚམས་ས་ཁུལ་ (Tamalung) ཞེས་པར།  དེ་སྔ་ཁྱིམ་ཚང་ ༧༠ ཙམ་ལས་མེད་ཀྱང་། སྐབས་དེར་གྲོང་གསེབ་ལྡབ་གཉིས་ལྷག་འཛུགས་སྐྲུན་རྒྱ་སྐྱེད་བཏང་སྟེ་ཁྱིམ་ཚང་ ༢༣༥ ཙམ་དེར་གནས་སྤོར་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ ཉིན་གྲོང་གསེབ་གསར་པ་དེའི་ནང་བོད་གཞིས་ཀ་རྩེ་ནས་ཡིན་པའི་ཁྱིམ་ཚང་ ༣༧ གནས་སྤོ་རུ་བཅུག་ཡོད་འདུག་ལ། རིམ་གྱིས་གྲོང་གསེབ་དེ་གྲོང་ཁྱེར་ཅན་དུ་བསྒྱུར་འཆར་ཡོད་སྐོར་ཡང་བསྒྲགས་འདུག་ལ། རྒྱ་ནག་གིས་རྩོད་རྙོག་ཆེ་བའི་རྒྱ་གར་དང་འབྲུག་གི་མཐའ་མཚམས་སུ་གྲོང་གསེབ་ཁྱོན་ ༦༠༠ ལྷག་གསར་འཛུགས་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese