རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོ འི་ཁུལ་དུ་དམག་དོན་སྦྱོང་བརྡར་ བྱས་ཡོད་སྟབས་ཨོ་གླིང་གཙོས་ཨེ་ ཤ་ཡའི་རྒྱལ་ཕྲན་ཁག་གིས་རྒྱ་ནག་ གཞུང་གིས་ཞི་བདེ་རྒྱ་མཚོའི་བརྟ ན་བརླིང་ལ་དོ་ཕོག་བཟོས་པར་སྐྱོ ན་བརྗོད་བྱེད་ཀྱིན་ཡོད་འདུག
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་བཅིངས་གྲོལ་དམག་ཟེར་ བའི་མཚོ་དམག་གིས་ཞི་བདེ་རྒྱ་མཚོ འི་ཁུལ་དུ་དམག་དོན་སྦྱོང་བརྡར་ བྱས་ཡོད་པ་ལྟར། དེ་རིང་ཨོ་གླིང་དང་ཨ་རི། ནེའུ་ཛི་ལེན་ཌི། དེ་བཞིན་ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ ཁག་གིས་རྒྱ་ནག་གིས་ཞི་བདེ་རྒྱ་ མཚོ་ཁུལ་དུ་དམག་དོན་སྦྱོར་བརྡར་ བྱས་ཏེ་ཞི་བདེ་རྒྱ་མཚོ་ཁུལ་གྱི་ བརྟན་བརླིང་ལ་གནོད་འཚེ་བཏང་བར་ སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཀྱ ང་། རྒྱ་ནག་གཞུང་གིས་རང་སྲུང་རང་བཞི ན་གྱི་རྡུལ་ཕྲན་མཚོན་ཆའི་སྲིད་ ཇུས་ལག་བསྟར་བྱས་པ་ལས་རྒྱལ་ཁབ་ སུའང་དམིགས་མེད་ལུགས་བསྒྲགས་འདུ ག
གནད་དོན་དེ་དག་འབྲེལ་ནས་རྒྱ་ནག་ ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་ མགྲིན་ཚབ་པ་མའོ་ནིང་(Mao Ning) ཟེར་བས། དམག་དོན་གྱི་ཚོད་ལྟའི་སྦྱོང་ བརྡར་དེ་ནི། རྒྱ་ནག་གི་དམག་དོན་གྱི་རྒྱུན་ལྡ ན་སྦྱོང་བརྡར་བྱེད་སྒོ་ཞིག་ཡིན་ ཞིང་། དེ་ནི་རྒྱལ་ཁབ་གང་རུང་ངམ་བྱེ་བྲ ག་པ་སུའང་དམིགས་འབེན་དུ་བཟུང་མེ ད། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་ཁྲི མས་དང་རྒྱུན་ལྡན་རྒྱལ་སྤྱིའི་ ལག་ལེན་དང་མཐུན་པའི་སྒོ་ནས་འབྲེ ལ་ཡོད་རྒྱལ་ཁབ་རྣམས་ལ་སྔོན་ཚུད་བརྡ་བཏང་ ཡོད། ངས་རྒྱ་ནག་གིས་ཞི་བདེའི་འཕེལ་རྒྱ ས་ཀྱི་ལམ་བུར་འབད་བརྩོན་བྱེད་པ་ དང་། རང་སྲུང་རང་བཞིན་གྱི་རྡུལ་ཕྲན་ མཚོན་ཆའི་སྲིད་ཇུས་ལག་བསྟར་བྱེ ད་བཞིན་ཡོད་པའང་ནན་བཤད་བྱ་འདོད། དམག་དོན་གྱི་ཚོད་ལྟའི་སྦྱོང་བརྡ ར་དེར་སུས་ཀྱང་འགྲེལ་བཤད་ལོག་པ་ བྱ་དགོས་དོན་མེད། ཅེས་བཤད་འདུག
དེ་བཞིན་གནད་དོན་དེ་དང་འབྲེལ་ ནས་ཨོ་གླིང་གི་སྲིད་བློན་ཨེན་ཐོ ་ནི་(Anthony Albanese) མཆོག་གིས། རྒྱ་ནག་གི་ཞི་བདེ་རྒྱ་མཚོའི་ནང་ གི་དམག་དོན་ཚོད་ལྟ་དེས། ཆེས་ཉེན་ཁ་ཆེ་བའི་རྡུལ་ཕྲན་མཚོ ན་ཆ་ཁྱབ་སྤེལ་ལ་སྐུལ་འདེད་ཆེ ན་པོ་བྱས་ཡོད་ཅིང་། རྒྱ་ནག་གི་རྡུལ་མཚོན་ཚོད་ལྟའི་ སྦྱོང་བརྡར་དེས་ཞི་བདེ་རྒྱ་མཚོ འི་ཁུལ་དུ་གནོད་འཚེ་ཆེན་པོ་བཏང་ བ་རེད། ཅེས་དང་། སོ་ལོ་མོན་ (Solomon) རྒྱལ་ཁབ་ཀྱི་མགོ་ཁྲིད་མཱ་ཐུ་རུ་ ཝེལ་སི་(Matthew Wale) ཟེར་བས། དོན་རྐྱེན་འདི་ནི་པེ་ཅིང་གིས་ཞི ་བདེ་རྒྱ་མཚོའི་ཁུལ་དུ་ཤུགས་རྐྱེ ན་རྒྱ་སྐྱེད་གཏོང་བཞིན་པའི་སྐ བས་སུ། ས་ཁུལ་གྱི་བདེ་འཇགས་ཆིངས་ཡིག་ གསར་པ་ཞིག་དགོས་སྐོར་སོགས་བརྗོ ད་འདུག་ལ། དེ་བཞིན་ཨ་རི་དང་། ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་ རྒྱ་ནག་གཞུང་གི་ཚུལ་མཐུན་མིན་ པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ ། ཞི་བདེ་རྒྱ་མཚོ་ཁུལ་གྱི་བརྟན་ བརླིང་ལ་འགན་འཁུར་དགོས་པའི་རེ་ སྐུལ་ཞུས་འདུག
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུ ངས་ཀྱིས་རྒྱ་ནག་གི་གོ་མཚོན་སྦྱོ ར་བརྡར་དང་འབྲེལ་བའི་ཐད་ལ་གསལ་ བཤད་གང་ཡང་མེད་པའི་ཁར། ལྷག་པར་ད་ལན་རྒྱ་ནག་གཞུང་གིས་རྡུ ལ་མཚོན་( ICBM) རྟགས་ཅན་སོགས་བེད་སྤྱོད་བྱས་ཡོ ད་མེད་ཐད་གསལ་ཁ་གང་ཡང་བྱས་མེད་ ཀྱང་། རྒྱལ་སྤྱིའི་དམག་དོན་ཆེས་མཁས་པ་ རྣམས་ཀྱིས། ད་ལན་རྒྱ་ནག་གཞུང་གིས་འདས་ལོར་ དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི ་མཛད་སྒོར་བཤམ་སྟོན་བྱས་པའི་ཆུ་ འོག་དམག་གྲུ་འཕངས་འཁོར་འཕུར་ མདའ་(JL-3 ) རྟགས་ཅན་དང་། (JL-2) རྟགས་ཅན་སོགས་ཚོད་ལྟ་བྱས་ ནས་དམག་དོན་གྱི་སྦྱོང་བརྡར་བྱས་ ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༩ ནང་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་ མཚོའི་ཁུལ་དུ་དམག་དོན་གྱི་སྦྱོ ང་བརྡར་བྱས་སྟབས། ཨ་རི་དང་། ཉི་ཧོང་། ནེའུ་ཛི་ལེན་ཌི། དེ་བཞིན་ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ ཁག་གིས་སྐྱོན་བརྗོད་ཤུགས་ཆེན་ཏེ ་སྐབས་གཅིག་གི་རིང་ལ་གླེང་གཞི་ ཆེན་པོ་ཞིག་ཏུ་གྱུར།
ཁ་སང་རྒྱལ་སྤྱིའི་ནུབ་ཆིངས་སྒྲི ག་འཛུགས་(North Atlantic Treaty Organization) སམ་ནེ་ཊོའི་སྤྱི་ཁྱབ་དྲུང་ཆེ་སྐུ ་ཞབས་མཱག་རུ་ཊི་(Mark Rutte) ལགས་ཀྱིས། ནེ་ཊོ་དང་ཡུ་རོབ་རྒྱལ་ཁབ་ཁག་བར་ འབྲེལ་ལམ་ཇེ་བརྟན་དུ་འགྲོ་མུས་ ཡིན་པའི་དབང་གིས། ནེ་ཊོ་ཡིས་རྒྱ་ནག་གི་དམག་དོན་ འཕེལ་རྒྱས་ཐད་ལྷོད་གཡེང་མི་བྱ་ ཁོ་ཐག་ཡིན་ལ། ལྷག་པར་རྒྱ་ནག་གཞུང་གིས་ཨུ་རུ་ སུས་ཡུ་ཁེ་རིན་ལ་བཙན་འཛུལ་སྐབས་ དམག་དོན་གྱི་རྒྱབ་སྐྱོར་བྱས་པ་ མངོན་གསལ་དོད་པོ་ཡིན། ཞེས་བརྗོད་ཡོད་སྟབས། དེ་རིང་རྒྱ་ནག་གོ་ལའི་དུས་བབ་ཀྱི ་རྩོམ་སྒྲིག་པའི་གཏམ་གྱི་ཁྲོད། ནེ་ཊོའི་དྲུང་ཆེ་མཱག་རུ་ཊི (Mark Rutte) ཡིས། ནེ་ཊོའི་ཚོགས་ཆེན་མ་འཚོགས་གོང་། ནེ་ཊོ་ཡིས་རྒྱ་ནག་གི་མཚོ་འོག་གྲུ ་གཟིངས་ནས་འཕེན་པའི་འཐབ་ཇུས་ཏེ། མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ པའི་གནད་དོན་ཐོག་ཞི་དུལ་མ་ཡིན་ པ་ཞེས་བརྗོད་དེ། རྒྱ་ནག་གི་རྒྱུན་ལྡན་གྱི་དམག་དོ ན་སྦྱོང་བརྡར་དེ་ནི་རྒྱལ་ཁབ་ངེ ས་ཅན་ཞིག་གམ་དམིགས་འབེན་ངེས་ཅན་ ཞིག་ལ་ཁ་གཏད་པ་མིན་ནའང་། ནེ་ཊོ་ཡིས་རྒྱ་ནག་གི་འཇིགས་སྐུ ལ་གྱི་འཆར་སྣང་ཞེས་བཙན་ཤེད་ཀྱི ས་བཤད། རྒྱ་ནག་གིས་དངོས་གནས་ནེ་ཊོ་ལ་ འཇིགས་སྐུལ་བྱེད་ཀྱི་ཡོད་དམ། ཡང་ན་ནེ་ཊོ་ཡིས་རང་ཉིད་ཀྱི་གནས་ བབ་གསལ་བཤད་བྱ་ཆེད་རྒྱ་ནག་གི་ འཇིགས་སྐུལ་ཞེས་རྗོད་ཀྱིན་ཡོད་ ལུགས་ཀྱི་སྐྱོན་བརྗོད་བྱས་འདུག
གཞན་ཡང་འདས་ལོར། རྒྱ་ནག་གིས་གོ་སྒྲིག་བྱས་པའི་ འཛམ་གླིང་ཆེན་གཉིས་པ་མཇུག་བསྒྲི ལ་ནས་མི་ལོ་ ༨༠ འཁོར་བ་ཟེར་བའི་དུས་དྲན་སྐབས་ གནམ་སྡེ་སྒོ་མོ་ཆེའི་ཐང་གཞུང་དུ ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་ བས་རུ་སྒྲིག་དང་། ས་མཚོ་གནམ་གསུམ་གྱི་དམག དེ་བཞིན་དཔུང་དམག དྲག་དམག་བཅས་ཀྱི་གོ་མཚོན་དང་། མེ་སྒྱོགས། མཚོན་ཆའི་རིགས་འགྲེམས་སྟོན་བྱས་ ཡོད་ཅིང་། རྒྱ་ནག་གིས་འཛམ་གླིང་གི་དཔོན་རི གས་ཉི་ཤུ་ལྷག་གི་མིག་སྔར་ DF-61 རྟགས་ཅན་དང་DF-41 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ། རྒྱག་ཐག་རིང་པོར་བགྲོད་ནུས་པའི་ མེ་ཤུགས་འཕུར་མདའ། དེ་བཞིན་སྒྱོགས་རྡོའི་མེ་ཤུགས་ འཕུར་JL-3 རྟགས་ཅན་དང་། DF-31AG རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་སོ གས་ཚུད་པའི། རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་ དམག་དོན་གྱི་མཚོན་ཆ་རིགས་འགྲེ མས་སྟོན་བྱས་ཏེ། ཨ་རིས་རྒྱལ་ཁབ་གཞན་དང་བཟུང་བའི་ འབྲེལ་ལམ་ཁག་ལ་དོ་ཕོག་འགྲོ་བཞི ན་པའི་སྐབས་དེར། རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུ གས་གསལ་སྟོན་བྱེད་ཐབས་དང་། རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་རྒྱ ་ནག་གི་དམག་དོན་ལ་ཡིད་ཆེས་སྐྱེ ད་ཐབས་བྱས་ཡོད་པ་རེད།
འདས་པའི་ལོ་ངོ་དུ་མའི་གོང་ནས་རྒྱ ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་ དུ་རྒྱ་སྐྱེད་ཀྱི་སྲིད་ཇུས་ཤི ག་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁུལ་དེའི་གླིང་ཕྲན་རྒྱལ་ཁབ་བྷུ་ རུ་ནའེ་ (Brunei) དང་། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཧྥི་ལི་པིན་སི། ཐའེ་ཝན། ཝེ་ཐི་ནམ་བཅས་དང་རྩོད་གཞི་བཟོས་ཡོད་ ཅིང་། སྣུམ་གྱི་ཐོན་ཁུངས་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་ཤས་ ཕལ་ཆེ་བ་རང་གི་ཡིན་ཚུལ་བསྒྲགས་ ཏེ། ཁུལ་དེའི་གླིང་ཕྲན་རྣམས་དམག་དོ ན་ས་ཚིགས་སུ་བསྒྱུར་ཐབས་བྱས་ཡོ ད་པ་རེད། དེ་བཞིན་ཤར་རྒྱ་ནག་རྒྱ་མཚོ་ཁུལ་ དུ་ཉི་ཧོང་གི་སྟངས་འཛིན་འོག་ཡོ ད་པའི་སེན་ཀ་ཀུ་གླིང་ཕྲན་ (Senkaku Islands) རྣམས་རང་གི་ཆ་ཤས་ཡིན་སྐོར་བསྒྲ གས་ཏེ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་ འཇགས་དང་བརྟན་བརླིང་ལ་དོ་ཕོག་ཤུ གས་ཆེར་ཐེབས་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་ཨོ་གླིང་དང་རྒྱ་གར། ཨ་རི། ཉི་ཧོང་བཅས་ལས་གྲུབ་པའི་ཁོ་ཝ་ཌི་(Quad) ཡིས་ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་ གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེ ལ་དམག་སྦྱོང་སྤེལ་ཡོད། ཕྱོགས་ཁག་རྒྱལ་ཁབ་བཞིའམ་ཁོ་ཝ་ཌི་ (Quad) ནི་ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི ་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞི ག་ཏུ་གྱུར་ཡོད་ལ། རིམ་གྱིས་ཨེ་ ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ ( ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོ ད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།