མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པར་བཟུང་པའི་བསམ་འདུན་ཉམས་པ་སོགས་ཀྱི་དབང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་ཟེར་བ་ནས་ཕྱིར་ཕུད་བྱས་ཏེ་ཞིབ་བཤེར་བྱེད་མུས་ཡིན་འདུག

དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།

ཉེ་ལམ་དཀར་མཛེས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཟེར་བའི་ཞིབ་དཔྱོད་བརྒྱུད།  དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པར་བཟུང་བའི་བསམ་འདུན་ཉམས་པ་དང་། ཁྲིམས་ལུགས་འགལ་བ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་རྗེས་སུ་དམར་ཤོག་ལ་བཟུང་བའི་ཀུན་སློང་གཙང་མ་མིན་ལུགས་སོགས་བཤད་ནས། ཁོང་གི་རྒྱུ་དངོས་གཞུང་བཞེས་དང་ཏང་གི་སྐྱིད་སྡུག་ཟེར་བ་ནས་ཕྱིར་ཕུད་བྱས་ཏེ་ཞིབ་བཤེར་བྱེད་མུས་ཡིན་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ལྟར་ན། བོད་མི་དཀོན་མཆོག་ཟེར་བས་རྒྱ་ནག་དམར་ཤོག་ཚོགས་པར་ལས་དོན་གཉེར་སྐབས། ཏང་གི་སྒྲིག་ཁྲིམས་ཟེར་བ་དང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ཟེར་བར་སྒྲིག་འགལ་དང་། ལས་རིགས་དང་འབྲེལ་ནས་ཉེས་པ་བསགས་པ། དམར་ཤོག་ཚོགས་པར་བཟུང་བའི་ལྟ་བ་དང་ཡིད་ཆེས་བརླགས་པ། ཐོག་མའི་བསམ་འདུན་ཟེར་བ་ཞིག་ལས་འགལ་ནས་གོ་གནས་བེད་སྤྱད་དེ་ཁྲིམས་འགལ་གྱིས་རྒྱུ་དངོས་དང་ལེགས་སྐྱེས་བླངས་པ་སོགས་ཀྱི་དབང་གིས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཟེར་བ་དག་ལ་མིག་དཔེ་ངན་པ་བསྟན་པས་ཉེས་ཆད་ནན་མོ་བཅད་ནས། ཏག་གི་སྐྱིད་སྡུག་ཟེར་བ་ནས་ཕྱིར་ཕུད་དང་། རྒྱུ་དངོས་གཞུང་བཞེས། དེ་བཞིན་ཁོང་གི་འབྲེལ་ཡོད་སོགས་ལའང་ཞིབ་དཔྱོད་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

དཀོན་མཆོག་ནི་ཕྱི་ལོ་ ༡༩༦༤ ལོའི་ཟླ་ ༤ ནང་ཟི་ཁྲོན་ཞིང་ཆེན་འདབ་པ་རྫོང་དུ་སྐྱེས་ཤིང་། ཞིང་ཆེན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭ་ནས་སློབ་སྦྱོང་བྱས་ཏེ། ཕྱི་ལོ་ ༡༩༨༤ ནས་ ༡༩༩༡ བར་འདབ་པ་རྫོང་གི་སྡོམ་རྩིས་ལས་ཁུངས་དང་ནགས་ལས་ལས་ཁུངས་སུ་ལས་ཀ་གཉེར། ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར་འདབ་པ་རྫོང་གི་ནགས་ལས་ལས་ཁུངས་ཀྱི་འགན་འཛིན་དང་འགན་འཛིན་གཞོན་པ། དེ་བཞིན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། འདབ་པ་རྫོང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་སོགས་བྱས་ཏེ། ཕྱི་ལོ་ ༡༩༩༢ ལོར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་ ༢༠༠༡ ནས ༢༠༢༦ བར་འབབ་ཐང་རྫོང་གི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་རྫོང་དཔོན་གཞོན་པ། དེ་བཞིན་ཉག་རོང་རྫོང་གི་དམར་ཤོག་ཚོགས་པའི་མགོ་ཁྲིད་སོགས་བྱས། ཕྱི་ལོ་ ༢༠༡༦ ནས་ ༢༠༢༤ བར་དཀར་མཛེས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚན་པའི་མགོ་ཁྲིད། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་གི་འགན་འཛིན། དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་དང་པོའི་ཞིབ་འཇུག་པ་བཅས་ཡིན་འདུག

བོད་རིགས་གཙོས་མི་སྒེར་སུ་ཞིག་རྒྱ་ནག་དམར་ཤོགས་ཚོགས་པའི་སྐྱིད་སྡུག་ཟེར་བར་ཞུགས་སྐབས། རང་མོས་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ། ཏང་གི་རྩ་འཛིན་ལ་བརྩི་བཀུར་དང༌། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང༌། ཏང་ལ་བློ་དཀར་ཟོལ་མེད། ལས་སྒྲུབ་ཧུར་ཐག་བཅས་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་དང༌། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏང་རྒྱུའི་གྲ་སྒྲིག་བྱེད་ཅིང༌། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད། ཅེས་པ་སོགས་ཀྱི་དམ་བཅའ་འཇོག་དགོས་པས། ད་ལྟ་བོད་ནང་གི་རྒྱ་ནག་གཞུང་གི་ལས་བྱེད་མང་པོ་ཞིག་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་མ་ཟད། རང་གི་ནང་མི་ཞིག་འདས་གྲོངས་སུ་གྱུར་ཀྱང་བདུན་ཚིགས་དང་འདས་མཆོད་སྐབས་སུ་མཉམ་ཞུགས་བྱེད་ཆོག་གི་མེད་པའི་ཁར། མཐའ་ན་ཕུང་པོ་མེར་སྲེག་གམ་དགོན་པ་སོགས་སུ་དུར་ལས་བྱེད་སྐབས་ཀྱང་མཉམ་ཞུགས་བྱ་ཆོག་གི་མེད་སྟབས། བོད་རིགས་ལས་བྱེད་རྣམས་ལ་ཕྱོགས་མང་པོ་ཞིག་ནས་ལུས་སེམས་ཀྱི་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད།

ཕྱི་ལོ་ ༢༠༡༢ ཙམ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས།  ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་རྫོང་དཔོན་ཀྲུའུ་ཐའོ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཕུར་བཀྲ་བཅས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་པའི་མུར། ཟླ་སྔ་མར་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོ་ཟེར་བས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཟུར་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་བ་ཆེ་དགྲ་ལྷས་ལྐོག་རྔན་བླངས་པའི་དབང་གིས། ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་ཕྲོགས།

གནད་དོན་དབྱེ་ཞིབ་པ་མང་པོས། སྟག་དང་སྦྲང་མ་ལེབ་རྡུང་བྱས་པའི་འགུལ་སྐྱོད་ཆེན་མོ་དེ་ནི་ཞི་ཅིན་ཕིན་གྱི་ཆབ་སྲིད་ཤོག་ཁག་གི་དབང་ཆ་བརྟན་སྲུང་གི་གཡུལ་འགྱེད་ཆེན་མོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། གཡུལ་འགྱེད་དེའི་ཁྲོད་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ། རྒྱལ་ཁབ་ལ་བློ་མི་དཀར་བ། དྲིན་ལན་ལོག་འཇལ། དད་སེམས་ཉམས་པ། ཕུགས་འདུན་བརླག་པ་སོགས་ཀྱི་ཉེས་མིང་ཚུད་ཡོད་པ་མ་ཟད།  ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་སྐྱོན་བཟོས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཟེར་བའི་ཉེས་མིང་དེ་དག་དམར་ཤོག་གི་ལྟ་བར་འདོད་མོས་མེད་མཁན་གྱི་ཤེས་ཡོན་པའི་སྡེ་དང་ཁོར་ཡུག་སྲུང་སྐྱོབ་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ལ་མང་དུ་གཡོགས་ཏེ་ཚར་གཅོད་བྱས་དང་བྱེད་མུས་ཡིན།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༤ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese