མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

བོད་ཀྱི་དུས་བབ།
༢༠༢༦/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲས་མཁས་གྲུབ་དོན་འགྲུབ་ཀྱིས་བརྩམས།

གོང་བུས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock

 བོད་པ་ཚོས་ངེས་པར་དུ་གདོང་ལེན་བྱ་དགོས་པའི་སྐྱུག་བྲོ་བའི་བདེན་པ་ཞིག་ཡོད། ད་དུང་ཡང་རྒྱ་ནག་དམར་ཤོག་ཚོགས་པས་ (CCP) ཉིན་ཞིག་བོད་ལ་དངོས་གནས་ཀྱི་རང་སྐྱོང་སྤྲོད་ངེས་པར་ཡིད་ཆེས་མཁན་རྣམས་ནི་འཁྲུལ་སྣང་ཞིག་ལ་འཇུས་ནས་བསྡད་ཡོད། བོད་ནང་གི་དམར་ཤོག་ཚོགས་པའི་ལོ་རྒྱུས་ནི་འདུམ་འགྲིག་དང་གྲོས་མོལ། རིག་གཞུང་གི་ངོ་བོར་བརྩི་བཀུར་གྱི་ལོ་རྒྱུས་མ་རེད། དེ་ནི་ཚོད་འཛིན་དང་། རྒྱ་བསྒྱུར། གཉའ་གནོན་གྱི་ལོ་རྒྱུས་ཤིག་ཡིན། དེ་ལྟའི་ལམ་ལུགས་ཤིག་གློ་བུར་ཞི་འཇམ་དུ་གྱུར་ནས་བོད་པ་ཚོར་རང་དབང་ངང་འཚོ་བའི་གོ་སྐབས་སྤྲོད་ངེས་རེད་ཅེས་བསམ་པ་ནི་རེ་བ་ཙམ་ལ་བརྟེན་པའི་འཆར་སྣང་ཞིག་ཡིན།

 དམར་ཤོག་ཚོགས་པའི་དབང་སྒྱུར་འོག་དེང་སང་གི་བོད་ནང་གི་འཚོ་བ་ནི་ལྟ་རྟོག་གིས་ཁྱབ་ཡོད་དེ།  ལམ་མདོ་རེ་རེར་པར་ཆས་བཙུགས་ཏེ་དགོན་པ་དང་། གྲོང་ཚོ། ཐ་ན་སྒེར་གྱི་ཁྱིམ་ཚང་ཚུན་ཆད་ལ་ལྟ་ཞིབ་བྱེད་ཀྱི་ཡོད། བོད་ཀྱི་རིག་གཞུང་ཉམས་རྒུད་ཇེ་ཆེར་འགྲོ་བཞིན་ཡོད། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་ཟུར་ཕུད་བྱེད་བཞིན་ཡོད། ཆོས་ལུགས་ཀྱི་ཉམས་ལེན་ལ་བཀག་སྡོམ་བྱས་ཡོད། དེང་རབས་ཅན་ཞེས་པའི་མིང་འོག་ནས་སྲོལ་རྒྱུན་རྣམས་རིམ་བཞིན་ཉམས་ཆག་ཏུ་འགྲོ་བཞིན་ཡོད། ཆབ་སྲིད་ཀྱི་གཉའ་གནོན་ནི་ད་དུང་ཡང་རྒྱ་ཁྱབ་ཏུ་གནས་ཡོད།  མི་མཐུན་པའི་སྐད་ཆ་སྟེ་སྙན་ངག་གམ་ཡང་ན་སྨོན་ལམ་ཞིག ཡང་ན་ངོ་རྒོལ་གྱི་ལས་འགུལ་གང་ཞིག་ཡིན་ཡང་། མྱུར་དུ་དྲག་གནོན་བཀག་སྡོམ་བྱེད་ཀྱི་ཡོད། འདྲ་མཉམ་མིན་པའི་དཔལ་འབྱོར་གྱི་ཧེ་བག་ཇེ་ཆེར་འགྲོ་བཞིན་ཡོད། ས་གནས་ཀྱི་ཡུལ་མི་ལས་ཧན་མི་རིགས་གཞིས་ཆགས་པར་ཕན་པའི་རྒྱལ་ཁབ་ཀྱི་ཁེ་ལས་དང་འཛུགས་སྐྲུན་མང་བས།  བོད་པ་ཚོ་རང་གི་ཕ་ས་ཕ་ཡུལ་དུའང་ཟུར་དུ་ལུས་པའམ་གྲངས་ཉུང་ཆགས་ཡོད།

 གལ་ཏེ་རང་སྐྱོང་དངོས་གནས་ཡོང་སྲིད་པ་ཡིན་ན། ད་ལྟའི་དམར་ཤོག་གི་ལམ་ལུགས་འོག་འཚོ་ཀྱིན་པའི་བོད་པ་ཚོས་ད་ལྟ་ནས་དེའི་རྟགས་མཚན་མཐོང་དགོས། འོན་ཀྱང་ཁོང་ཚོས་མཐོང་བ་ནི་དེའི་ལྡོག་ཕྱོགས་རེད། ཁོང་ཚོས་ནི་རྒྱ་ནག་རྒྱལ་ཁབ་དང་སྔར་ལས་ཟབ་པའི་སྒོ་ནས་མཉམ་བསྲེས་བྱེད་པ་དང་། དམ་དྲག་སྔར་ལས་ཆེ་བ། བོད་ཀྱི་ངོ་བོ་གསོན་གནས་ཐུབ་པའི་བར་སྟོང་སྔར་ལས་ཆུང་དུ་འགྲོ་བ་མཐོང་གི་ཡོད།

 རྒྱ་ནག་དམར་ཤོག་ཚོགས་པས་ལོ་རབས་རེ་རེ་བཞིན་རང་གི་གཞི་རྩའི་ལངས་ཕྱོགས་མི་བསྒྱུར་བ་གསལ་བོ་བསྟན་ཚར་ཡོད། དམར་ཤོག་ཚོགས་པའི་ལྟ་གྲུབ་ཀྱི་གཞི་རྩ་ནི་ཚོད་འཛིན་ལ་བརྟེན་པ་ལས་འདུམ་འགྲིག་ལ་མིན། དེ་ལྟའི་ལམ་ལུགས་ཤིག་གི་ནང་གི་རང་སྐྱོང་ནི་དངོས་གནས་ཀྱི་རང་སྐྱོང་མ་རེད། དེ་ནི་རང་དབང་ལ་བརྫུས་པའི་གཡོ་སྒྱུའི་སྐེ་ཐག་ཅིག་ཡིན།

 རང་བཙན་གཙང་མ་ནི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངེས་སྲུང་བྱེད་པའི་ལམ་བུ་ཁོ་ན་དེ་ཡིན།  དེས་པེ་ཅིང་གི་སྒེར་གཅོད་ཀྱི་ཚབ་ཏུ་བོད་པ་ཚོར་རང་གི་མ་འོངས་པ་ཐག་གཅོད་བྱེད་པའི་གོ་སྐབས་སྤྲོད་ངེས་ཡིན་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། སྲོལ་རྒྱུན་བཅས་བརྟན་སྲུང་བྱེད། དེས་བཙོན་འཇུག་གི་འཇིགས་སྣང་མེད་པར་གཏམ་བཤད་དང་། རྩོམ་འབྲི། རྩ་འཛུགས་བྱེད་པའི་ཆབ་སྲིད་ཀྱི་རང་དབང་ཡང་ངེས་པར་སྲུང་བ་ཡིན། དེ་མ་ཟད། བོད་ཀྱི་ཐོན་ཁུངས་རྣམས་བོད་མིའི་ཁེ་ཕན་གྱི་དོན་དུ་བེད་སྤྱོད་བྱེད་པ་ལས་རྒྱ་ནག་དམར་ཤོག་ཚོགས་པའི་ཆེད་དུ་སྔོག་འདོན་བྱ་རྒྱུ་མིན་པ་ངེས་བརྟན་བཟོ་ཡི་ཡོད།

 རང་སྐྱོང་ཡོང་སྲིད་པར་ཡིད་ཆེས་མཁན་ཚོར་ངས་འདི་བརྗོད་འདོད། ད་ལྟའི་གནས་སྟངས་འོག་བོད་ནང་གི་འཚོ་བར་ཚོད་ལྟ་ཞིག་བྱོས། གོམ་པ་རེ་རེ་ལ་ལྟ་ཞིབ་བྱེད་པའི་ལམ་ཁར་བསྐྱོད། བོད་སྐད་བཀག་སྡོམ་ལ་སྐུལ་མ་གཏོང་སར་བོད་སྐད་ཤོད། གྲྭ་པ་ཚོར་འདྲི་ཞིབ་བྱེད་སའི་དགོན་པ་ཁག་ཏུ་སྨོན་ལམ་ཐོབ། དེ་ནི་རང་སྐྱོང་མ་རེད། དེ་ནི་བཙན་འཛུལ་རེད།

 རྒྱ་ནག་དམར་ཤོག་ཚོགས་པ་རྟག་ཏུ་མི་འགྱུར། དེ་ལྟར་མིན་པར་ཡིད་ཆེས་པ་ནི་རང་གིས་རང་ཉིད་ལ་བསླུ་བྲིད་གཏོང་བ་དང་། རང་བཙན་གྱི་གྱོད་གཞི་འཛུགས་སྐྲུན་བྱེད་པར་གཏོང་དགོས་པའི་དུས་ཚོད་རིན་ཐང་ཅན་འཕྲོ་བརླག་གཏོང་བ་ཡིན།  བོད་ཀྱི་མ་འོངས་པ་ནི་རང་གི་ངོ་བོ་ཁས་མི་ལེན་པའི་ལམ་ལུགས་ཤིག་ཏུ་མི་གནས་པར་རང་གི་རྒྱལ་དབང་སླར་གསོ་བྱེད་པའི་ནང་དུ་གནས་ཡོད།

མ་རྩོམ་གྱི་དྲ་ཐག་https://europeantimes.org/the-mirage-of-autonomy-why-tibetans-must-confront-reality/?fbclid=IwY

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

ཆུ་ཚོད་ ༡༡ སྔོན་ལ།
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese