མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨན་ཌི་བྷར་ཧམ་ལགས་ཀྱིས་དབྱིན་ཇིའི་སྲིད་བློན་གྱི་ལས་གནས་འཁུར་བཞེས་གནང་བར་འཚམས་འདྲི་མཛད་འདུག

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད། སྐུ་པར་དུས་བབ་ཀྱིས་བསྒྲིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེང་སང་འཛམ་གླིང་འདི་ནི་ཧ་ཅང་དཀའ་ངལ་དང་ངེས་གཏན་མེད་པའི་དུས་སྐབས་ཤིག་བརྒྱུད་བཞིན་ཡོད། ལོ་རྒྱུས་ཐོག་ནས་ཁྱེད་རང་གི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཞིག་བསྟན་ཡོད། ཁྱེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་འཕེལ་རྒྱས་ཆེད་ལས་ཀ་གནང་བ་དང་ཆབས་ཅིག་ཏུ་འགྲོ་བ་མི་གཅིག་གྱུར་དང་།  ཐུན་མོང་གི་ཞི་བདེ་དང་བདེ་སྐྱིད་ཀྱི་རེ་འདུན་སེམས་ལ་བཅངས་ཏེ། འཕྲལ་ཕུགས་གཉིས་ཀྱི་གནད་དོན་རྣམས་སེལ་ཆེད་རྒྱལ་ཁབ་གཞན་དང་མཉམ་དུ་བློ་སེམས་ཉེ་བོའི་ཐོག་ནས་མཉམ་ལས་གནང་རྒྱུ་ངོས་ཀྱི་རེ་བ་ཡིན་ཞེས་གསུངས།

མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་དུ། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོ་བོད་པ་ཚོ་དང་ཁྱེད་ཀྱི་རྒྱལ་ཁབ་དབར་ལོ་རྒྱུས་རིང་མོ་དང་དམིགས་བསལ་གྱི་འབྲེལ་བ་ཡོད། ངོས་ཁྱེད་ཀྱི་རྒྱལ་ཁབ་ལ་ཐེངས་མང་བསྐྱོད་སྐབས། རིམ་པ་མི་འདྲ་བའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་ངོས་ཀྱི་འགྲོ་བ་མིའི་རིན་ཐང་དང་འཚེ་བ་མེད་པ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་གནང་བར་ཡི་རངས་ཞུ་བཞིན་ཡོད། ཅེས་དང་། མཐར་ཁྱེད་ཀྱིས་མདུན་སྔར་ལྷག་པའི་དབྱིན་ཇིའི་མི་མང་གི་མངོན་འདོད་བསྐངས་ཐུབ་པ་དང་། ང་ཚོ་ཚང་མར་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པའི་ལས་དོན་ཐམས་ཅད་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། ཞེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨན་ཌི་བྷར་ཧམ་ (Andy Burnham) ལགས་དབྱིན་ཇིའི་ལོ་རྒྱུས་ནང་གི་སྲིད་བློན་སྐབས་ ༥༩ པ་དང་། འདས་པའི་ལོ་བཅུའི་ནང་གི་སྲིད་བློན་གྱི་གོ་གནས་འཛིན་མཁན་མི་བདུན་པ་ཆགས་ཡོད། ཁོང་གིས་བརྟན་ལྷིང་དང་དྲང་བདེན། རྒྱལ་ཁབ་སླར་གསོའི་དུས་རབས་གསར་པ་ཞིག་མགོ་འཛུགས་བྱེད་རྒྱུ་ཁས་ལེན་བྱས་འདུག

སྐུ་ཞབས་བྷར་ཧམ་ལགས་ཀྱིས་སྲིད་བློན་གསར་བའི་གཏམ་བཤད་སྤེལ་སྐབས། དབྱིན་ཇིའི་ཆབ་སྲིད་ཀྱི་བརྟན་ལྷིང་སླར་གསོ་བྱ་རྒྱུ་དང་། རྒྱུན་གཏན་གྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཡོངས་འཕྲོད་བསྟེན་ཞབས་ཞུ་ (NHS) ཡི་སྒུག་ཐོའི་དུས་ཚོད་ཉུང་དུ་གཏོང་བ། གོང་ཚད་འོས་འཚམས་ཀྱི་ཁང་པ་མང་དུ་གསར་སྐྲུན་བྱེད་པ། སྲང་ལམ་དུ་གནས་སྡོད་མཁན་མེད་པར་བཟོ་བ། ས་གནས་གཞུང་ལ་དབང་ཆ་མང་དུ་སྤྲོད་པ། ལྗང་མདོག་ཐོན་ལས་དང་གཞི་རྟེན་འཛུགས་སྐྲུན་ལས་གཞིར་མ་འཇོག་བྱེད་པ། འཚོ་བའི་འགྲོ་སོང་ཇེ་ཆུང་གི་ཐབས་ཤེས་བརྒྱུད་ངལ་རྩོལ་བའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ། ཕུགས་རྒྱང་རིང་བའི་ཆབ་སྲིད་ཀྱི་སྲིད་ཇུས་འཆར་གཞི་བརྒྱུད་གཞུང་ལ་མི་མང་གི་ཡིད་ཆེས་སླར་གསོ་བྱ་རྒྱུ་བཅས་ཁས་ལེན་བྱས་འདུག

དེ་རིང་སྲིད་བློན་བྷར་ཧམ་ལགས་ཀྱིས་རང་ཉིད་ཀྱི་ཕྱག་རོགས་བློན་ཆེན་གསར་བསྐོ་དང་བསྐྱར་སྒྲིག་བྱས་ཡོད་ཅིང་། དཔལ་འབྱོར་བློན་ཆེན་དུ་ཇོན་ཧི་ལི་ (John Healey) ལགས་དང་། ཕྱི་འབྲེལ་བློན་ཆེན་ལ་ཨེཌ་མི་ལི་བེནཌ་ (Ed Miliband) ལགས། ནང་སྲིད་བློན་ཆེན་ལ་ཤ་བྷ་ན་མ་ཧ་མུཌ་ (Shabana Mahmood) ལགས།  རྒྱལ་སྲུང་དྲུང་ཆེན་ལ་ཝེས་སི་ (Wes Streeting) ལགས། འཕྲོད་བསྟེན་དྲུང་ཆེར་ཀུ་པར་ (Yvette Cooper) ལགས། སྡོད་ཁང་དང་སྤྱི་ཚོགས་བདེ་དོན་དྲུང་ཆེར་ཨེན་ཇེ་ལ་རེ་ནར་ (Angela Rayner)  ལགས།  ཁྲིམས་དོན་བློན་ཆེན་དུ་ཨེ་ལེག་སི་ནོ་རིས་ (Alex Norris) ལགས། དེ་བཞིན་ནུས་ཤུགས་དང་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དྲུང་ཆེར་མི་ཡ་ཏ་ཕ་ཧན་བུ་ལེ་ (Miatta Fahnbulleh) ལགས་བཅས་བསྐོ་གཞག་བྱས་འདུག་ལ། བྷར་ཧམ་ལགས་ཀྱིས་བློན་ཆེན་གསར་བསྐོ་དང་བསྐྱར་སྒྲིག་བྱས་པ་འདིས། རང་གི་ཆབ་སྲིད་ཀྱི་ངོ་བོ་དང་མགོ་ཁྲིད་ཀྱི་ལམ་ཕྱོགས་གསལ་པོར་འཛུགས་འདོད་ཡོད་པའི་འབད་བརྩོན་བསྟན།

རྒྱལ་སྤྱིའི་འབྲེལ་ལམ་གྱི་ཐོག་ནས་བྷར་ཧམ་ལགས་ཀྱིས། དབྱིན་ཇིས་ནུབ་ཆིངས་སྒྲིག་འཛུགས་(NATO)ལ་བྱེད་པའི་ཁས་ལེན་དང་། ཡོ་ཁུ་རེན་ལ་རྒྱབ་སྐྱོར་མུ་མཐུད་དུ་བྱེད་རྒྱུར་ཁས་ལེན་བྱས་ཡོད། དེ་དང་ཆབས་ཅིག ཡུ་རོབ་མཉམ་འབྲེལ་ (European Union) དང་ལྷན་དུ་དོན་དངོས་གཞིར་བཞག་པའི་མཉམ་ལས་གྱི་འབྲེལ་ལམ་དམ་ཟབ་བཟོ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞིང་། ཁོང་གིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ལས་ཕྱིར་ཐོན་པར་ (Brexit) བསྐྱར་ལོག་མི་བྱེད་པ་གསལ་པོར་བཤད་ཡོད་ནའང་། ཚོང་ལས་དང་བདེ་འཇགས། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་ལས་དམ་ཟབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་འདུག

འདས་པའི་ལོ་ངོ་བཅུའི་རིང་ལ་དབྱིན་ཇིའི་ཆབ་སྲིད་ལ་བརྟན་ལྷིང་མེད་པའི་དཀའ་ངལ་རིམ་པར་འཕྲད་སྟབས། སྐུ་ཞབས་ཨན་ཌི་བྷར་ཧམ་ལགས་ཀྱིས་དབྱིན་ཇིའི་འདས་པའི་ལོ་ངོ་བཅུའི་ཡིད་སྐྱོ་བའི་ཆབ་སྲིད་ཀྱི་ཟློས་གར་མཇུག་བསྡུས་ཏེ་ཁ་ཕྱོགས་དང་རེ་བ་གསར་བ་ཞིག་ཏུ་འཁྲིད་ཐུབ་མིན་ལ་དཔྱད་བརྗོད་འདྲ་མིན་སྤེལ་གྱིན་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐོན་རྒྱུའི་འོས་བསྡུས་པ་ནས་བཟུང་། དབྱིན་ཇིའི་ཆབ་སྲིད་ལ་ལོ་རྒྱུས་ནང་ཆེས་འཁྲུག་ཆ་དོད་པའི་དུས་སྐབས་ཤིག་བྱུང་ཞིང་། དེའི་ཁྲོད་ཕྱི་ལོ་ ༢༠༡༦ ལོར་ཌེ་ཝིཌ་ཁེ་མེ་རོན་ (David Cameron) ལགས་ཀྱིས་སྲིད་བློན་ནས་དགོངས་པ་ཞུ་དགོས་བྱུང་། ཕྱི་ལོ་ ༢༠༡༩ ལོར་སྲིད་བློན་ཐེ་རེ་ས་མེ་ (Theresa May) ལགས་ཀྱིས་དགོངས་པ་ཞུས། ཕྱི་ལོ་ ༢༠༢༢ ལོར་སྲིད་བློན་བྷོ་རིས་ཇོན་སོན་ (Boris Johnson)། ཕྱི་ལོ་ ༢༠༢༢  ལོར་ལིཛ་ཊྲ་སི་ (Liz Truss)། ཕྱི་ལོ་ ༢༠༢༤ ལོར་རི་ཤི་སུ་ནག་ (Rishi Sunak)། དེ་བཞིན། ཕྱི་ལོ་ ༢༠༢༦ ལོར་ཀིར་སི་ཊར་མར་ (Keir Starmer) ལགས་བཅས་ཀྱིས་འཕྲོ་བསྟུན་དགོངས་པ་ཞུ་དགོས་བྱུང་ཡོད།

དབྱིན་ཇིའི་སྲིད་བློན་སྐབས་ ༥༩ པ་སྐུ་ཞབས་ཨན་ཌི་བྷར་ཧམ་ (Andy Burnham) ལགས་ནི་ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༡ པོའི་ཚེས་༧ ཉིན་དབྱིན་ཇིའི་མར་སི་སའེཌ་ (Merseyside) ཨེན་ཊི་ (Aintree) ས་ཁུལ་དུ་སྐྱེས་ཤིང་།  དབྱིན་ཇིའི་ངལ་རྩོལ (Labour Party) ཆབ་སྲིད་ཚོགས་པའི་སྲིད་དོན་པ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༡༧ ནས་ ༢༠༢༦ བར་གྷི་རེ་ཊར་མན་ཆེས་ཊར་ (Greater Manchester) གྱི་གྲོང་ཁྱེར་སྤྱི་ཁྱབ་མགོ་ཁྲིད་ (Mayor) ཀྱི་ལས་འགན་བསྒྲུབས།  ཁེམ་བྷི་རི་ཇི་གཙུག་ལག་སློབ་ཆེན་ (University of Cambridge) ནས་དབྱིན་ཡིག་རིག་པ་སྦྱངས་རྗེས། དེར་ཞིབ་འཇུག་པ་དང་ཆབ་སྲིད་སློབ་སྟོན་པའི་ལས་ཀ་བྱས། ཁོང་ཐོག་མར་ཕྱི་ལོ་ ༢༠༠༡ ལོར་ལེགྷ་(Leigh) ས་གནས་ཀྱི་གྲོས་ཚོགས་མི་རུ་བདམས་ཐོན་བྱུང་ཞིང་། ལོ་ངོ་ ༡༥ ལྷག་རིང་ས་གནས་དེའི་འཐུས་མི་བྱས།  མན་ཆེས་ཊར་གྱི་སྤྱི་ཁྱབ་མགོ་ཁྲིད་བྱེད་སྐབས། བྷར་ཧམ་ལགས་ཀྱིས་ས་གནས་ཀྱི་གནད་དོན་མང་པོའི་ཐོག་ལས་ཀ་བྱས་པར་རྒྱལ་ཡོངས་སུ་མིང་གྲགས་ཆེ་རུ་སོང་། དམིགས་བསལ་ཏོག་དབྱིབས་ (COVID-19) རིམས་ནད་ཀྱི་དུས་སྐབས་སུ་ཁོང་གིས་ས་གནས་གཞུང་ལ་རོགས་དངུལ་དང་དབང་ཆ་སྤྲོད་དགོས་པར་ཤུགས་སྐྱེད་ཆེན་པོ་ཐེབས། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཀིར་སི་ཊར་མར་ (Keir Starmer) ལགས་ཀྱིས་སྲིད་བློན་ནས་དགོངས་པ་ཞུས་རྗེས། གཞུང་འཛིན་ངལ་རྩོལ་ཚོགས་པར་ཚོགས་མི་ ༤༠༣ ཡོད་པ་ལས་ཚོགས་མི་ ༣༧༩ ཡིས་བྷར་ཧམ་ལགས་སུ་རྒྱབ་སྐྱོར་བྱས་ཏེ་དབྱིན་ཇིའི་སྲིད་བློན་གསར་བར་བསྐོ་གཞག་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese