མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ནས་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་བོད་པའི་གློག་བརྙན་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་དངོས་སུ་སྟོན་འཆར་ཡོད་ཅིང་། ཕྱི་ཟླ་ ༨ ཚེས་ ༤ ཉིན་གློག་བརྙན་གྱི་ཧིན་རྡུ་སྐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ཁྱབ་བསྒྲགས་བྱ་རྒྱུ་རེད་འདུག

tibetan film four river and six ranges is releasing all over India

གནས་ཚུལ་དེའི་ཐད་ཁྱིམ་གསར་གཞན་ཕན་ལགས་ཀྱིས། ངའི་མིང་ལ་ཁྱིམ་གསར་གཞན་ཕན་ཟེར། ང་གློག་བརྙན་བཟོ་མཁན་ཞིག་ཡིན། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དངོས་སུ་ཤར་སྟོན་བྱ་རྒྱུའི་གསལ་བསྒྲགས་བྱེད་བཞིན་ཡོད། ང་ཚོས་ཆུ་བཞི་སྒང་དྲུག་གི་བརྙན་གློག་འདི་རྒྱལ་སྤྱིའི་སྟེང་དུ་བསྟན་རྗེས། ད་ལྟ་དངོས་སུ་རྒྱ་གར་ནང་སྟོན་འཆར་ཡོད་པས། ངས་འདི་ནས་ཁྱེད་ཅག་གིས་ང་ཚོར་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་བཞིན་ཡོད། ང་ཚོ་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བཟོ་སྐྲུན་མཁན་གྲགས་ཅན་དེ་འདྲ་མིན་ཡང་། ཆུ་བཞི་སྒང་དྲུག་ཅེས་པ་ནི་གློག་བརྙན་གལ་ཆེན་ཞིག་པ་མ་ཟད། ལོ་རྒྱུས་ཧ་ཅང་གལ་ཆེན་ཞིག་ཀྱང་ཡིན་པས། ཁྱེད་ཚོས་གཟིགས་རྒྱུ་མ་བརྗེད་པ་གནང་རོགས།  ངས་ལས་རོགས་ཡོངས་ཀྱི་ཚབ་ཞུས་ཏེ་ད་སྔ་བར་ཁྱེད་ཅག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཆུ་བཞི་སྒང་དྲུག་ཅེས་པའི་བོད་པའི་གློག་བརྙན་དེ་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ཉིན་རྒྱལ་སྤྱིའི་རོ་ཌིར་ཌམ་ (ROTTERDAM)གློག་བརྙན་དུས་སྟོན་སྟེང་ཐོག་མར་བསྟན་ཡོད་ཅིང་། གློག་བརྙན་དེ་བཟོ་སྐྲུན་པར་ལོ་རྒྱུས་འཚོལ་ཞིབ་དང་བསྡུ་སྒྲིག་གི་ཆེད་དུས་ཡུན་ལོ་ ༡༠ དང་གློག་བརྙན་དངོས་སུ་ཕབ་བསྐྲུན་ཆེད་ལོ་གསུམ་བཅས་ཁྱོན་ལོ་ཧྲིལ་པོ་ ༡༣ བཏང་ཡོད་འདུག་ལ། འགྲོ་གྲོན་གྱི་ཆ་ནས་རོབ་རྩིས་བྱས་ན་ཧིན་སྒོར་ཀ་རོ་ ༨།༣ ཙམ་ཕྱིན་ཡོད་འདུག

ཆུ་བཞི་སྒང་དྲུག་གི་གློག་བརྙན་དེར་ཕྱི་ལོ་ ༢༠༢༥ ཟླ་ ༤ ནང་ཨ་རིའི་ལོ་ཝ་མངའ་སྡེའི་དྷུ་བྷུ་འུག་(dubuque ) ཏུ་འཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ཇུ་ལེན་དྷུ་བྷུ་འུག་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Julien Dubuque International Film Festival 2025) ཐོག་གདངས་(Soundtrack) ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་ནི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སྐོར་གྱི་དངོས་བྱུང་གློག་བརྙན་རིང་ཤོས་ཡིན་ཞིང་། དེར་ལེའུ་བཞི་ཡོད་པའི་ནང་ཕྱི་ལོ་ ༡༩༥༨ ལོར་དམག་གི་སྒྲིག་འཛུགས་དེ་ཉིད་ཐོག་མ་དབུ་བརྙེས་པ་ནས་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ། ༡༩༧༤ བར་གྱི་ལོ་རྒྱུས་གསལ་ཡོད་ཅིང་། གློག་བརྙན་དེའི་ནང་གཙོ་བོ་རྒྱ་གཞུང་གིས་བོད་ནང་དྲག་པོ་བཙན་འཛུལ་གྱིས་བོད་མི་རིགས་བསྟན་སྲིད་དང་བཅས་པ་རྩ་མེད་གཏོང་བཞིན་པའི་སྐབས། ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་ནས་རང་སྲོག་འབེན་ལ་བཙུགས་ནས་རྒྱ་གཞུང་ལ་འཐབ་རྒོལ་གནང་ཡོད་པའི་སྐོར་དང་། ལྷག་པར་དུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་༸མགོན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་བསྒྲུབས་ཡོད་པ་སོགས་ཆུ་བཞི་སྒང་དྲུག་གི་ཚོགས་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར། བློས་གཏོང་བཅས་གསལ་བའི་གློག་བརྙན་ཞིག་ཡིན་པ་རེད།

གློག་བརྙན་ཆུ་བཞི་སྒང་དྲུག་ནི་ཁྱིམ་གསར་གཞན་ཕན་ལགས་ཀྱིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་ཡོད་པ་དང་། བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་བཟོ་སྐྲུན་བྱས་ཡོད་ཅིང་། གློག་བརྙན་དེའི་ནང་ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཆེ་ཅན་བྷི་རཱན་ཌོན་(Brandon Cox) ལགས་དང་། རྒྱ་གར་དང་བལ་ཡུལ་གྱི་བརྙན་ལེན་པ་གྲགས་ཅན་ཁག་ཅིག་གིས་བརྙན་ལེན་བྱས་ཡོད་འདུག  གློག་བརྙན་དེའི་ཕབ་སྐྲུན་ས་གཙོ་བོ་ནི་བལ་བོད་གཉིས་ཀྱི་ས་མཚམས་གློ་སྨོན་ཐང་ཁུལ་དུ་ཡིན་པ་དང་། གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གཙོ་བོ་བོད་པ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese