མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༦/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གསང་བའི་ཉེན་རྟོག་པས་རྒྱ་རིགས་བུད་མེད་ཅིག་གིས་ཨ་རིར་གནས་སྡོད་བྱེད་བཞིན་པའི་ཐའེ་ཝན་གྱི་སྲིད་འཛིན་ལེ་ཆིན་ཏི་ཡི་བུ་དང་བུའི་ནང་མི་རྣམས་ལ་གསང་ཉུལ་བྱས་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་འདུག

Wanying “Heather” Zhang. United States Attorney’s Office Central District of California

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༤ ཉིན་རྒྱ་རིགས་བུད་མེད་ཝན་ཡེན་ཀྲང་ཟེར་བ་ལོ་སི་ཨན་ཇིལ་སི་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་རྒྱ་ནག་ཏུ་ལོག་རྩིས་བྱེད་སྐབས། ཨ་རིའི་གསང་བའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཅིང་། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས། ཝན་ཡེན་ཀྲང་གིས་ཐའེ་ཝན་གྱི་མགོ་ཁྲིད་མི་སྣའི་ནང་མི་བུ་ཕྲུག་དང་སྤུན་མཆེད། ཁོ་ཚོའི་སྡོད་གནས་དང་ཁང་པ། རླངས་འཁོར་གྱི་རྟགས་སོགས་ལ་གསང་ཉུལ་བྱས་ཏེ། རྒྱ་ནག་ལ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད་པས། རྒྱ་ནག་གིས་གནས་ཚུལ་དེ་དག་བེད་སྤྱད་ནས་མ་འོངས་པར་གནད་འགག་ཆེ་བའི་འཐབ་འཁྲུག་གང་རུང་གི་སྐབས་སུ་ཐའེ་ཝན་སྲིད་འཛིན་ལ་ཚོད་འཛིན་བྱེད་སྲིད་པ་རེད་ཅེས་བརྗོད་འདུག

ཨ་རིའི་གསང་བའི་ཉེན་རྟོག་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། རྒྱ་རིགས་བུད་མེད་ཝན་ཡེན་ཀྲང་ཟེར་བས་རོགས་པ་ཞིག་ཁྲིད་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་བཀོད་འདོམས་འོག་ཨ་རིའི་གྲོང་ཁྱེར་སེ་ཡ་ཊལ་དུ་བསྐྱོད་དེ། ཐའེ་ཝན་སྲིད་འཛིན་གྱི་བུ་ལེ་ཏིན་ཡོ་ (Lai Ting-yu)དང་ནང་མི། ཁོ་ཚོའི་ཁང་པ་དང་རླངས་འཁོར་ཨང་རྟགས་སོགས་པར་དང་བརྙན་དུ་བླངས་ནས་རྒྱ་ནག་ལ་བསྐུར་ཡོད་འདུག

ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་དེས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་གཞན་གྱི་མངའ་ཁོངས་བདག་དབང་ལ་ཁྱད་གསོད་བྱས་ཡོད་པས། ཐའེ་ཝན་རྒྱལ་ཁབ་ཀྱིས་བྱ་སྤྱོད་དེར་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད། ཅེས་བརྗོད་འདུག་པ་མ་ཟད། དེ་ནི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་སྤྱོད་ཅིག་ཡིན་པས། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་མི་མང་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ཟླ་ ༩ ཚེས་ ༢༤ ནས་ ༢༦ བར་ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་བྱས་ཏེ་ཡུན་རིང་འགོར་མེད་པའི་སྐབས་འདིར།  ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཝན་ཡེན་ཀྲང་འཛིན་བཟུང་བྱས་པ་དེས། ཨ་རྒྱ་གཉིས་བར་ཐའེ་ཝན་གྱི་གནད་དོན་ཐོག་རྩོད་རྙོག་གསར་པ་བསྐྲུན་ཡོད་ཅིང་། ཉེ་ལམ་ཊོམ་ཕུ་དང་ཞི་ཅིན་ཕིན་གྱི་ཐུག་འཕྲད་སྐབས། ཞི་ཅིན་ཕིན་གྱིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་ཇུས་ལངས་ཕྱོགས་རྒྱུན་སྐྱོང་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག

ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གཞུང་གི་གསང་ཉུལ་བ་ ༥༠༠༠༠ ནས་ ༡༠༠༠༠༠ ཡིས་ཐའེ་ཝན་ནང་རྒྱ་ནག་གི་གསང་བའི་ལས་དོན་སྒྲུབ་བཞིན་ཡོད་པ་དང་། རྒྱ་ནག་ནང་ཐའེ་ཝན་གྱི་ལས་དོན་ཐོག་གསང་བའི་ལས་དོན་སྒྲུབ་མཁན་མི་གྲངས་ ༡༨༠༠༠ ཡོད་ཅིང་། རྒྱ་ནག་གིས་འཕྲུལ་རིག་འཕེལ་རྒྱས་ཀྱི་བྱེད་ཐབས་དང་། ཚོང་ལས་དང་དཔལ་འབྱོར་གྱི་གནོད་ཤུགས། སེམས་ཁམས་དང་དངོས་སུ་འཇིགས་སྐུལ་གཏོང་བ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་ཐའེ་ཝན་གཞུང་མང་གཉིས་ལ་ཤུགས་རྐྱེན་སྤྲད་དང་སྤྲོད་མུས་ཡིན་འདུག་ལ། རྒྱ་ནག་གིས་ཐའེ་ཝན་ལ་གསང་ཉུལ་གྱི་ཐོག་ནས་སིམ་འཛུལ་བྱེད་བཞིན་པ་ནི་ཐའེ་ཝན་ཁོ་ནའི་དཀའ་ངལ་ཙམ་མིན་པར་འཛམ་གླིང་རྒྱལ་ཁབ་ཡོངས་ལ་ཉེན་བརྡ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Advertisement for App

གསར་འགོད་པའི་ས་མིག

སྐར་མ ༢༨ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese