མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

བོད་ཀྱི་དུས་བབ།
༢༠༢༦/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཁ་ན་ཌའི་སྙན་ངག་པ་དང་། རྩོམ་འབྲི་བ། ལོ་ཙྭ་བ་ཨན་ཁར་སོན་ལ་ཐོབ་འདུག

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།

ཁ་སང་ཕྱི་ཚེས་༨ ཉིན། སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ལམ་ (Stockholm) དུ་སི་ཝེ་ཌན་ཞིབ་འཇུག་ཁང་གིས་ཡོང་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཁ་ན་ཌའི་སྙན་ངག་པ་དང་། རྩོམ་འབྲི་མཁན། ལོ་ཙཱ་བ་བཅས་ཡིན་པའི་ཨན་ཁར་སོན་ལ་གནང་རྒྱུ་གཏན་འཁེལ་ཡོད། ཁོང་གི་སྤོབས་པ་ཆེ་ཞིང་གསར་གཏོད་ལྡན་པའི་བརྩམས་ཆོས་རྣམས་ཀྱིས་གནའ་རབས་སྲོལ་རྒྱུན་ལ་གཞི་བཅོལ་ནས་དེང་རབས་རྩོམ་རིག་ལ་རྣམ་པ་གསར་པ་ཞིག་བསྐྲུན་ཡོད་ཅེས་བསྔགས་བརྗོད་ཞུས་འདུག ཁོང་ལ་«དམར་པོའི་རང་རྣམ།» (Autobiography of Red) སོགས་བརྩམས་ཆོས་དུ་མ་འདུག

ཁོང་མོར་གཟེངས་རྟགས་འདི་སྤྲད་པ་དེས་འདས་པའི་བགྲང་བྱ་བཞིའི་རིང་སྙན་ངག་དང་། རྩོམ་ཡིག ཟློས་གར། སྒྲུང་གཏམ། ལོ་རྒྱུས་ཡིག་སྒྱུར་བཅས་ཀྱི་བྱ་བ་དབྱེར་མེད་དུ་བསྒྲུབས་པ་དང་། སཕ་ཕོ་ (Sappho) དང་ཡུ་རི་པི་ཌི་སི་ (Euripides) ལྟ་བུའི་གནའ་བོའི་གྷི་རིག་གི་རྩོམ་པ་པོ་རྣམས་དེང་རབས་ཀྱི་ཉམས་འགྱུར་སྣ་ཚོགས་ཐོག་ཡང་བསྐྱར་གསོན་པོར་བཏོན་པའི་རྩོམ་རྩལ་ལ་ངོས་འཛིན་བྱས་པ་རེད། རྩོམ་པ་པོ་ཁར་སོན་ནི་ཕྱི་ལོ་ ༢༠༡༩ ནས་རྩོམ་རིག་དཔྱད་བརྗོད་པ་རྣམས་ཀྱིས་ནོ་བྷེལ་རྩོམ་རིག་ཐོབ་འོས་པའི་ཁོངས་སུ་མིང་འདོན་བྱས་ཡོད་ལ། ད་ལོ་མར་གྷ་རེཊ་ཨཊ་ཝུཌ་ (Margaret Atwood) དང་། ཧ་རུ་ཀི་མུ་ར་ཀ་མི་ (Haruki Murakami)། ཚན་ཞུའེ་ (Can Xue) བཅས་དང་མཉམ་དུ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཡོད་པ་དང་། ལོ་འདིའི་གཟེངས་རྟགས་གསལ་བསྒྲགས་མ་བྱས་གོང་ཁོང་དང་ཚན་ཞུའེ་གཉིས་རེ་བ་ཆེ་ཤོས་སུ་བརྩིས་ཡོད་འདུག

སི་ཝེ་ཌན་ཞིབ་འཇུག་ཁང་གི་དྲུང་ཆེ་ཨིང་གྷིརཌ་ཀར་ལ་བྷེརག་ (Ingrid Carlberg) གིས་བཤད་པ་ལྟར་ན། ཁར་སོན་གྱིས་གཟེངས་རྟགས་ཐོབ་པའི་གནས་ཚུལ་གོ་སྐབས་ཁོང་ཨའི་སི་ལེནཌ་ (Iceland) རུ་རླུང་གི་སྒྲ་ལ་ཉན་བཞིན་འདུག་ཅེས་བརྗོད་འདུག ཁར་སོན་ལགས་ནི་དགུང་ལོ་ ༧༦ ཡིན་ཞིང་། ཊོ་རོན་ཊོ་ (Toronto) རུ་འཁྲུངས། ཁོང་ཨའི་སི་ལེནཌ་དུའང་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཁོང་དང་ཁོང་གི་ཁྱོ་ག་རོ་བྷརཊ་ཀུ་རི་ (Robert Currie) གཉིས་ལ་ཕྱི་ལོ་༢༠༢༢ ལོར་ཨའི་སི་ལེནཌ་ཡི་མི་སེར་གྱི་ཐོབ་ཐང་སྤྲད་ཡོད་འདུག

གཟེངས་རྟགས་དང་མཉམ་དུ་སི་ཝེ་ཌན་གྱི་སྒོར་མོ་ (Krona) ས་ཡ་ ༡༢ ཡོད་ཅིང་། ཨ་སྒོར་ས་ཡ་ ༡.༢ ཙམ་རེད། ཁར་སོན་ནི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་མི་སྣ་ ༡༢༢ ཡི་ནང་ནས་བུད་མེད་ ༡༩ པ་དེ་ཡིན་པ་དང་། ཕྱི་ལོ་༢༠༡༣ ལོར་སྒྲུང་ཐུང་རྩོམ་པ་པོ་ཨེ་ལིསི་མོན་རོ་ (Alice Munro) ལགས་ཀྱི་རྗེས་སུ་ཁ་ན་ཌར་འཁྲུངས་པའི་རྩོམ་པ་པོ་གཟེངས་རྟགས་ཐོབ་མཁན་གཉིས་པ་དེ་ཡིན། ཕྱི་ཟླ་༡༢ ཚེས་༡༠ ཉིན་སི་ཊོག་ལམ་དུ་གཟེངས་རྟགས་དངོས་སུ་འབུལ་རྒྱུ་རེད།

དུས་བབ་གསར་ཁང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

༢༠༢༦/༡༠/༠༦
ནང་པའི་རིག་གཞུང་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ། མཚན་སྒྲོགས་རིན་པོ་ཆེའི་པར། ༢༠༢༣།༠༥།༠༣
Mobile App

ཁ་ན་ཌའི་བྷི་སི་མངའ་སྡེར་ནང་པའི་རིག་གཞུང་ཉིན་མོ་སྲུང་གཙི་གནང་བར་གཞུང་འབྲེལ་བཀའ་འཁྲོལ་ཐོབ་འདུག

༢༠༢༣/༠༥/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese